Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 307 of 500
      DTG010 · Author: not yet catalogued
      དཔལ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རིམ་པ་ལས་བདག་བྱིན་གྱིས་བརླབ་པ་ཀུ་རུ་ཀུལླེའི་སྒྲུབ་ཐབས། ལྷན་ཅིག་སྐྱེས་པའི་རོལ་པས་མཛད།
      སྤྱན་དྲངས་ཏེ། གསོལ་བ་བཏབ་པས། དེ་དག་གིས་རིན་པོ་ཆེའི་བུམ་པ་བདུད་རྩི་ལྔ་ཡིས་གང་བ་རྣམས་ཀྱིས་དབང་བསྐུར་བས། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པས་དབུ་བརྒྱན་ཏེ་རྒྱས་གདབ་པའོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་ལྷ་མོ་བརྒྱད་སྤྲོས་ལ། རང་རང་གི་བྱང་ཆུབ་ཀྱི་སེམས་ལ་སོགས་པས་ཡང་དག་པར་མཆོད་དེ། ས་བོན་དེ་ཉིད་ལ་བསྡུ་བར་བྱའོ། །ཨཀྵ་ར…
      DTG010 · Author: not yet catalogued
      བླ་མའི་མན་ངག
      མདའ་ནས་རྣ་བའི་བུ་ག་ནས། མགོ་བོའི་གཡས་སུ་བསྐོར་ནས་དཔྲལ་བའི་དབུས་སུ་གནས་པ་ཨ་ཝ་དྷཱུ་ཏཱིའི་ལམ་ནས་མགྲིན་པ་སྙིང་ག །ལྟེ་བའི་མཐར་བདེ་བ་ཆེན་པོའི་གནས་སུ་མན་ངག་བཞིན་དུ་རབ་ཏུ་བཅུག་སྟེ། དེ་ནས་ཤེས་རབ་དང་ཐབས་ཀྱི་ཏིང་ངེ་འཛིན་དྲི་མ་མེད་པ་ལས་བྱུང་བའི་བདེ་བ་དམ་པས། རང་གི་ལུས་དང་འཇིག་རྟེན་གསུམ་གང་བར་བལྟས་ལ། དེའི་སྐད་ཅིག་ལ…
      DTG010 · Author: not yet catalogued
      དགྱེས་པའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། ལྷན་སྐྱེས་སྒེག་པས་མཛད།
      པ་དང༌། བྱུག་པ་དང༌། དྲི་དང༌། ཕྱེ་མ་དང༌། གོས་ལ་སོགས་པ་གང་ལ་བསྔགས་ནས་བྱིན་པ་དེ་དབང་དུ་འདུས་པར་འགྱུར་རོ། །དྲི་བཟང་པོའི་བདུག་སྤོས་ཀྱིས་བདག་ལ་བདུགས་ན། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །གང་གི་མིང་གིས་མེ་ཏོག་དམར་པོ་ལ་སོགས་པས་སྦྱིན་སྲེག་བྱས་ན་དེ་དབང་དུ་འགྱུར་རོ། །བཟའ་བ་དང་བཏུང་བ་ལ་མངོན་པར་བསྔགས་ཏེ་བྱིན་ན་དེ་ད…
      DTG010 · Author: not yet catalogued
      ཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ། ཞི་བ་འཚོས་མཛད། > གོང་བུ་དགུག་པ།
      དཔའ་དུ་མ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། དེ་དག་ལ་ཡིད་ལས་བྱུང་བའམ་དངོས་སུ་འབྱོར་པའི་མཆོད་པས་ཅི་རིགས་སུ་མཆོད་ནས་སྐྱབས་སུ་འགྲོ་བ་ལ་སོགས་པའི་སྒོ་ནས་ཡན་ལག་བདུན་པ་བྱའོ། །དེའི་རྗེས་ལ་ཚད་མེད་པ་བཞི་སེམས་ཅན་ཐམས་ཅད་ལ་གཡོག་པར་བྱ་སྟེ། དེ་ནས་སྭ་བྷཱ་བའི་སྔགས་ཀྱིས་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་རྒྱས་བཏབ་སྟེ། དེའི་རྗེས་…
      DTG010 · Author: not yet catalogued
      ཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ། ཞི་བ་འཚོས་མཛད། > དབང་དུ་བསྡུ་བ།
      ཤཿ། བོད་སྐད་དུ། ཀྱེའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ། བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྙིང་གི་དབུས་ལས་སྲོག་རླུང་མཆོག་གིས་བསྐུལ་བས་རྩ་དབུས་མཆོག་གི་ནང་ཞུགས་གྱེན་སོང་ཞིང༌། །མྱུར་དུ་སྤྱི་བོའི་ཟླ་དབུས་ལས་འཐོན་རིམ་གྱིས་གསལ་བར་འགྲོ་ཅན་མགོ་ཡི་གཡོན་སྐོར་ཏེ། །གཡས་ཀྱི་རྣ་བུག་ལས་འཐོ…
      DTG010 · Author: not yet catalogued
      འཕགས་མ་སྒྲོལ་མ་ཀུ་རུ་ཀུལླེའི་བསྟོད་པ། ཌོམྦི་ཧེ་རུ་ཀས་མཛད།
      པ་ཅན། །ལྷ་མོ་ཁྱོད་ནི་རྣལ་འབྱོར་སྟོབས་ཀྱིས་ནོར་འཛིན་བཀུག་ནས་ནི། །བདག་གི་རྐང་དྲུང་འགྱེལ་ཞིང་རྟག་ཏུ་ཁོལ་པོའི་གནས་སྐབས་འཛིན། །དམར་པོའི་རྣམ་ཅན་སྤྲོས་པའི་འོད་ཀྱི་དྲ་བས་རྣམ་པར་བཅིངས། །བདག་གི་རྐང་དྲུང་འགྱེལ་ཞིང་སྐྲ་གྲོལ་ལག་གི་མདའ་བསྣུན་ནས། །གཡོན་པའི་རླུང་གིས་བཀུག་སྟེ་བཅིངས་ཤིང་མཚོ་སྐྱེས་ནང་དུ་བཅུག །ལྟེ་བའི་…
      DTG010 · Author: not yet catalogued
      ཀུ་རུ་ཀུལླེའི་སྒྲུབ་པའི་ཐབས།
      ལྔ་ཡི་དབུ་རྒྱན་ཅན། །སྟག་ལྤགས་བསྣམས་ལ་ཕྱག་འཚལ་བསྟོད། །མཆེ་གཙིགས་དམར་མོ་མི་བཟད་སྐུ། །དྲག་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། །བརྒྱ་ཕྱེད་ཕྲེང་བའི་དོ་ཤལ་ཅན། །བདུད་འཇོམས་མ་ལ་བདག་ཕྱག་འཚལ། །ཨཱ་ལི་ཀཱ་ལི་སྙོམས་འཇུག་ལས། །བདེ་ལ་རྟག་དགྱེས་བྱང་ཆུབ་དང༌། །འོད་དཔག་མེད་ཀྱིས་དབུ་ལ་བརྒྱན། །གར་གྱིས་དགྱེས་ལ་བདག་ཕྱག་འཚལ། །མདའ་དང་ག…
      DTG010 · Author: not yet catalogued
      ཀུ་རུ་ཀུལླེའི་སྒྲུབ་པའི་ཐབས།
      བརྒྱན་པ། ཤར་གྱི་ཕྱོགས་སུ་གསལ་བའི་སྒྲོལ་མ། ལྷོ་རུ་རྫོགས་བྱེད་སྒྲོལ་མ། ནུབ་ཏུ་སྣང་བྱེད་སྒྲོལ་མ། བྱང་དུ་ཀརྞ་སྒྲོལ་མ། མེའི་མཚམས་སུ་རིན་ཆེན་སྒྲོལ་མ། བདེན་བྲལ་གྱི་མཚམས་སུ་རྒྱལ་བ་སྒྲོལ་མ། རླུང་གི་མཚམས་སུ་དཀར་མོ་སྒྲོལ་མ། དབང་ལྡན་གྱི་མཚམས་སུ་དཔའ་བོའི་སྒྲོལ་མའོ། །འདི་རྣམས་ནི་ཕྱག་བཞི་པ་མཆོག་སྦྱིན་པ་དང༌། ཨུཏྤལ་…
      DTG010 · Author: not yet catalogued
      མྱུར་མཛད་མའི་སྒྲུབ་ཐབས།
      ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏ་དྱ་ཐཱ། ཨོཾ་ཨཱ་གཙྪ་ཨཱ་གཙྪ། བྷ་ག་ཝ་ཏི་ཏཱ་རི་ཨཱཪྻ་བ་ལི་ཀི་ཏེ་ཤྭ་ར་ས་ཏྱེ་ན་སྭཱ་ཧཱ། གུ་གུལ་གྱི་སྤོས་ལ་ལན་བདུན་ཡོངས་སུ་བཟླས་ནས་སྤྱན་དྲང་བར་བྱའོ། །ན་མཿ་ཨཱཪྻཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཏ་དྱ་ཐཱ། ཨོཾ་སོ་རི་སོ་ར་བ་ཏེ་ཧེ་ར་ཧེ་ར་སྭཱ་ཧཱ། ཨརྒྷའི་སྔགས་སོ། །ན་མཿ་ཨཱ་ཪྻཱ་བ་ལོ་ཀི་ཏེ་ཤྭ་རཱ…
      DTG010 · Author: not yet catalogued
      མྱུར་མཛད་མའི་སྒྲུབ་ཐབས།
      བསྒོམ་སྟེ། དེའི་ལྟེ་བ་ལ་ཡི་གེ་ཧྲཱིཿ་དམར་པོ་རྣམ་པར་བསམ་མོ། །ཡི་གེ་ཧྲཱིཿ་དེ་ལས་འོད་ཟེར་གྱི་དྲ་བ་བྱུང་བས་ཕྱོགས་བཅུ་ན་གནས་པའི་སེམས་ཅན་གྱི་ཁམས་ལ་ཕོག་སྟེ། དཔལ་ཀུ་རུ་ཀུལླེའི་གཟུགས་སུ་མངོན་པར་བྱས་ནས། འོད་ཟེར་གྱི་ཕྲེང་བ་དེ་དག་ཀྱང་ཡང་འདུས་ཏེ། དེ་ཉིད་དུ་ཞུགས་པར་བསྒོམ་པར་བྱའོ། །དེ་ནས་མདུན་གྱི་ནམ་མཁའ་ལ་ལྷ་མོ་ཀུ་…
      DTG010 · Author: not yet catalogued
      མྱུར་མཛད་མའི་སྒྲུབ་ཐབས།
      མཆོག་རྣམས་ལ་གང་དུ་འཁོར་བ་ནས་འཁོར་བའི་ཚེ་བདག་སྐྱབས་སུ་མཆི་བར་བགྱིའོ། །འདི་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། གང་དག་སྲིད་པའི་འཁོར་བ་ན་གནས་པའི་སེམས་ཅན་རྣམས་དྲང་པར་བྱ་བ་དེའི་ཕྱིར། བདག་གི་གཙོ་བོ་ཐུགས་རྡོ་རྗེ་བྱའོ། །ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །དེ་ན…
      DTG010 · Author: not yet catalogued
      མྱུར་མཛད་མའི་སྒྲུབ་ཐབས།
      བྱའོ། །རྣམ་པར་བསྒོམས་ནས། སྙིང་གར་ཡི་གེ་རཾ་ལས་ཉི་མའི་དཀྱིལ་འཁོར་དེའི་ལྟེ་བར་ཧྲཱིཿ་ཡང་བསྒོམ་པར་བྱའོ། །དེའི་འོད་ཟེར་རྣམས་ཀྱིས་མགོན་པོ་མཐའ་ཡས་བཀུག་སྟེ། སྤྱན་དྲངས་ནས་མཆོད་པ་འཛིན་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། དབང་བསྐུར་བར་གསོལ་བ་གདབ་པོ། །གསོལ་བ་གདབ་པ་ནི་ཨ་བྷི་ཥིཉྩ་ཏུ་མཱཾ་ཨ་མྲྀ་ཏ་ནཱ་ཐ་ཞེས་བྱ་བ་དེས་མཐའ་ཡས་ཀྱ…
      DTG010 · Author: not yet catalogued
      མྱུར་མཛད་མའི་སྒྲུབ་ཐབས་བཅུ་གསུམ་པའི་བདག་ཉིད།
      བརྡེག་གོ །དེས་བུང་བ་དེ་རྣམས་རང་གི་དམ་ཚིག་གིས་བསྐུལ་ནས། དབྱངས་ཡིག་རེ་རེ་ཁྱེར་ཏེ་སྣ་བུག་གཡོན་པ་ནས་བྱུང་ནས་རྣལ་འབྱོར་པའི་སྣ་བུག་གཡས་བར་ཞུགས་ཏེ། སྙིང་གར་རང་དང་གཞན་གྱི་རྣམ་པར་ཤེས་པ་གཅིག་ཏུ་གྱུར་པར་བྱའོ། །དེ་ནས་ཨུཏྤལའི་རྩ་བས་མགྲིན་པ་ནས་བཅིངས་ཏེ། ལྕགས་ཀྱུས་མངལ་ནས་བཟུང་ནས་དྲངས་པས་མི་བཟོད་པར་བསམས་ཏེ། འབར་བས་…
      DTG010 · Author: not yet catalogued
      མྱུར་མཛད་མའི་སྒྲུབ་ཐབས་བཅུ་གསུམ་པའི་བདག་ཉིད།
      མ། སྲིན་པོའི་ཕྱོགས་སུ་རབ་ཏུ་སྣང་བའི་སྒྲོལ་མ། རླུང་གི་ཕྱོགས་སུ་དཔའ་བོའི་སྒྲོལ་མ། དབང་ལྡན་གྱི་ཕྱོགས་སུ་སྐུལ་བྱེད་མ་བྲིའོ། །ལྷ་མ་འདི་རྣམས་ནི་སྐུ་མདོག་དམར་པོ། དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་བཞི་པ། གཡས་པའི་ཕྱག་མཆོག་སྦྱིན་པ་དང་མདའ་འགེངས་པ། གཡོན་པའི་ཕྱག་ན་ཨུཏྤལ་དང་གཞུ་འཛིན་པའ…
      DTG010 · Author: not yet catalogued
      ཀུ་རུ་ཀུལླེའི་སྒྲུབ་ཐབས། ཀྲྀཥྞ་བཛྲས་མཛད།
      རྒྱལ་བའི་ཕྱག་རྒྱར་གྱུར་པ་ནི། ལག་མཐིལ་གཉིས་རྒྱབ་སྦྱར་ཏེ། སྲིན་ལག་གཉིས་མདུད་པ་བཅིང༌། མཐེའུ་ཆུང་དང་གུང་མོ་དང༌། མཐེ་བོང་རྩེ་སྤྲད། མཛུབ་མོ་ལྕགས་ཀྱུ་ལྟར་བྱས་པ་འདི་དཔྲལ་བའི་གནས་སུ་གཞག་པ་ནི་འཇིག་རྟེན་གསུམ་ལས་རྒྱལ་བའི་ཕྱག་རྒྱའོ། །འདི་ལྟར་བསྒོམ་པའི་དུས་སུ་གསང་སྔགས་བཟླས་པ་ནི། ཨོཾ་ཀུ་རུ་ཀུལླེ་ཧཱུཾ་ཧྲཱིཿ་སྭཱ་ཧཱ།…
      DTG010 · Author: not yet catalogued
      ཀུ་རུ་ཀུལླེའི་སྒྲུབ་ཐབས། ཀྲྀཥྞ་བཛྲས་མཛད།
      སྔོན་གྱི་སྨོན་ལམ་རྗེས་སུ་དྲན། །ཤེས་རབ་ཨེ་ཡི་གཟུགས་ཅན་མ། །ནམ་མཁའི་ཁམས་སུ་བསམ་པར་བྱ། །པདྨ་དམར་པོ་འདབ་བརྒྱད་བཟང༌། །དེ་ཡི་སྟེང་དུ་རྣམ་པར་བསྒོམ། །ཉི་མའི་དཀྱིལ་འཁོར་ཡང་དག་ལྡན། །དེ་སྟེང་ཡོངས་སུ་བསྒོམ་པ་ནི། །མཆོག་གི་ས་བོན་ཡི་གེ་ཧྲཱིཿ། །མཆོག་ཏུ་དགའ་བའི་གཟུགས་ཅན་མ། །སྐུ་མདོག་དམར་པོ་འོད་ཟེར་འབར། །ཕྱག་བཞིས་རྣམ་…
      DTG010 · Author: not yet catalogued
      མཁའ་འགྲོ་མ་རྡོ་རྗེ་གུར་གྱི་མཁའ་འགྲོ་རྣམ་པ་ལྔའི་སྒྲུབ་པའི་ཐབས། མི་ཐུབ་ཟླ་བས་མཛད།
      རྒྱ་གར་སྐད་དུ། ཌཱ་ཀི་ནཱི་བཛྲ་པཉྫར་པཉྩ་ཌཱ་ཀ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་མཁའ་འགྲོ་རྣམ་པ་ལྔའི་སྒྲུབ་པའི་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཁོར་བ་གང་ཞིག་ཤིང་ཆེན་པོ་ཡི་ཡལ་གའི་ཚོགས་དང་མཚུངས་པ་འདི་རྣམས་ནི། །ཞེ་སྡང་གཙོ་བོའི་ཉོན་མོངས་རྣམས་ཏེ་འགྲོ་དྲུག་རྣམས་ཀྱི་སྐྱེ་ལས…
      DTG010 · Author: not yet catalogued
      མཁའ་འགྲོ་མ་རྡོ་རྗེ་གུར་གྱི་མཁའ་འགྲོ་རྣམ་པ་ལྔའི་སྒྲུབ་པའི་ཐབས། མི་ཐུབ་ཟླ་བས་མཛད།
      དགོད། །ཤར་དུ་གཤིན་རྗེ་གཤེད་པོ་བསམ། །ཤེས་རབ་མཐར་བྱེད་ཡང་ནི་ལྷོར། །པདྨ་མཐར་བྱེད་ཆུ་བདག་སྟེ། །བྱང་དུ་བདུད་རྩི་འཁྱིལ་པའོ། །འདོད་པའི་རྒྱལ་པོ་དབང་ལྡན་དུའོ། །མེ་ཉིད་དུ་ནི་དབྱུག་སྔོན་ཅན། །བདེན་བྲལ་དུ་ནི་མི་གཡོ་བསམ། །རླུང་ཉིད་དུ་ཡང་སྟོབས་པོ་ཆེ། །གཙུག་ཏོར་སྟེང་དུ་བསམ་པར་བྱ། །འོག་ཏུ་གནོད་མཛེས་རྣམ་པར་བསྒོམ། །ཀུ…
      DTG010 · Author: not yet catalogued
      མཁའ་འགྲོ་མ་རྡོ་རྗེ་གུར་གྱི་མཁའ་འགྲོ་རྣམ་པ་ལྔའི་སྒྲུབ་པའི་ཐབས། མི་ཐུབ་ཟླ་བས་མཛད།
      གནས་ལྔ་རུ་ནི་བསམ་པར་བྱ། །རྡོ་རྗེ་ཅན་དང་རྟག་པ་ཉིད། །གསུམ་པ་རྡོ་རྗེ་ཉི་མའོ། །བཞི་པ་འདོད་ཆགས་རྡོ་རྗེ་ཡི། །ལྔ་པ་རྟ་མཆོག་རྒྱལ་པོའོ། །སངས་རྒྱས་དཀྱིལ་འཁོར་ཟླུམ་པོ་སྟེ། །རྡོ་རྗེ་ཅན་གྱི་ཟླ་ཕྱེད་འདྲ། །ཆོས་ཀྱི་རྡོ་རྗེ་པདྨ་མཚུངས། །ཉི་མ་ཡིད་བཞིན་ནོར་བུ་མཚུངས། །རྟ་མཆོག་དཔལ་ནི་ཞེས་བྱ་སྟེ། །གྲུ་གསུམ་ཀུན་དུ་དེ་ཡིའོ།…
      DTG010 · Author: not yet catalogued
      མཁའ་འགྲོ་མ་རྡོ་རྗེ་གུར་གྱི་མཁའ་འགྲོ་རྣམ་པ་ལྔའི་སྒྲུབ་པའི་ཐབས། མི་ཐུབ་ཟླ་བས་མཛད།
      ལ་ལྔ་རབ་དབྱེ། །རྡོ་རྗེ་སེམས་ལ་མི་ཕྱེད་པ། །རྣམ་སྣང་ལ་ནི་ཆོས་འཁོར་ལོ། །རིན་ཆེན་རྒྱལ་པོའི་རིན་ཆེན་ཏེ། །པདྨ་བཟང་པོའི་པདྨ་དམར། །དོན་གྲུབ་ཤེས་རབ་རལ་གྲི་ནི། །ཤེས་རབ་རྣོན་པོའི་རང་བཞིན་ནོ། །སེམས་དཔའི་གཟུགས་སུ་ཡང་དག་འབྱུང༌། །དཀྱིལ་འཁོར་བདག་པོར་རྣམ་བསྒོམ་བྱ། །མཁའ་འགྲོ་ཅན་གྱི་ཕྱག་རྒྱ་སོགས། །ཟླ་བའི་འོད་ཟེར་ནོར་བ…