Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      456 results — page 20 of 23
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། རྣམ་དག་ནམ་མཁའ་ཡངས་པའི་ཀློང་དཀྱིལ་ན། །རྣམ་རོལ་མ་འགགས་རོལ་བའི་རྒྱན་དུ་ཤར། །རྣམ་པ་ཀུན་ཏུ་སྒྲུབ་ལ་མགོན་མཛད་པའི། །རྣམ་མཛེས་རྫུ་འཕྲུལ་ཤུགས་ལྡན་ཅང་ཤེས་རྟ། །སྟེང་དུ་ཡིད་བཞིན་ནོར་བུ་བསམ་འཕེལ་ལ། །བར་མཚམས་བཀྲ་ཤིས་རྟགས་ཀྱི་རི་མོ་བཀྲ། །མྱུར་མགྱོགས་ཆེ་བའི་རླུང་རྟ་ཡར་ལ་སྐྱེད། །ཤར་ཕྱོགས་མེ་ཁམས་རླུང་རྟ་བསྐྱེད་…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ཆོས་སྐྱོང་གསོལ་བསྡུས་ཉུང་ངུར་བསྡུས་པ་གཏེར་གྱི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧྲཱིཿ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །མདུན་གྱི་ནམ་མཁའ་མེ་རླུང་འཚུབ་མའི་དབུས། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། །རང་རིག་ཧྲཱིཿ་ལས་སྐད་ཅིག་དྲན་རྫོགས་སུ། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །དྲེགས་པའི་ཡོངས་རྗེ་དྲེགས་པ་ཀུན་གྱི་གཙོ། །དབང་ཆེན་རྟ་མགྲིན་ནག་པོ་ལྕགས་རལ་ཅན། །སྐུ་མདོག་མཐིང་ནག…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། མ་མགོན་གསོལ་མཆོད་ཉུང་བསྡུས་བཞུགས་སོ།།
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      བྷྱོཿ སྔགས་ཀྱི་སྲུང་མ་མ་མོ་རལ་གཅིག་མ། །དཔལ་མགོན་མ་ནིང་རྡོར་ལེགས་ར་ཧུ་ལ། །དུར་ཁྲོད་ལྷ་མོ་འཁོར་དང་བཅས་པ་རྣམས། །འཁོར་བཅས་མཐུན་པའི་དམ་རྫས་འདི་བཞེས་ལ། །ཇི་ལྟར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ནི་ཀ་ཁོག་ནས་སོགས་དགོན་པའི་འདུས་སྡེ་རྣམས་ལ་སྙིང་ཐིག་དབང་ཆོས་སྐྱོང་རྣམས་ཀྱི་སྲོག་གཏད་དང་བཅས་པ་བསྐུར་བའི་ས…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ཉང་གཏེར་རྟ་ནག་ལྕགས་རལ་ཅན་གྱི་བསྐང་བསྡུས་འདོད་ཡོན་སྤྲིན་ཕུང་བཞུགས་སོ།།
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧྲཱིཿ གར་གྱི་དབང་ཕྱུག་རྟ་མགྲིན་ནག་པོ་ཆེ། །དྲེགས་པ་སྡེ་བརྒྱད་འཁོར་དང་བཅས་པ་ཀུན། །ཕྱི་ནང་གསང་བའི་མཆོད་པ་ཕུལ་བའི་མཐུས། །ཐུགས་དམ་བསྐང་ལ་བཅོལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། རྟ་མགྲིན་ནག་པོ་ལྕགས་རལ་གྱི་བསྐང་བསྡུས།
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧྲཱིཿ དབང་ཆེན་རྟ་མཆོག་ཧེ་རུ་ཀ །སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས། །དམ་རྫས་མཆོད་པ་འདི་བཞེས་ལ། །བར་ཆད་སོལ་ལ་ཕྲིན་ལས་སྒྲུབས། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། རྒྱུད་མགོན་ལེགས་ལྡན་བསྐང་བསྡུས་འདོད་ཡོན་སྤྲིན་གྱི་རོལ་མོ་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། ས་བཅུའི་དབང་ཕྱུག་ལེགས་ལྡན་ནག་པོ་ཆེ། །འཁོར་བཅས་དམ་རྫས་མཆོད་པ་འདི་བཞེས་ལ། །ཕྱི་ནང་ཉེར་འཚེའི་བར་ཆད་ཀུན་ཞི་ཞིང་། །དུས་ཀུན་རྟག་ཏུ་མ་གཡེལ་མེལ་ཚེ་མཛོད། །རྫོགས་སྤྲུལ་ལྔ་པས་སྨྲས་པའོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། རཏྣའི་མགོན་པོ་མ་ནིང་གསོལ་བསྡུས་གཡུལ་ལས་རྣམ་རྒྱལ་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་ལ། །ཁྱེད་ལ་དགྱེས་པའི་མཆོད་པ་འདི་འབུལ་བས། །ཕྱོགས་བཅུར་གནས་པའི་དགྲ་བགེགས་ཀུན་སྒྲོལ་ལ། །གནོད་པའི་བར་ཆད་མིང་ཡང་མེད་པར་མཛོད། །རྫོགས་སྤྲུལ་ལྔ་པས་གསུངས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      མ་ནིང་ནག་པོ་ཀུན་གྱི་རྗེ། །ཡུམ་དང་སྲས་བློན་སྤྲུལ་འཁོར་བཅས། །དམ་རྫས་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བསམ་པ་སྒྲུབ་ཏུ་གསོལ། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ཉང་གཏེར་ཕྱག་བཞིའི་བསྐང་བསྡུས་ཁྲག་ཞག་འཁྲུགས་པའི་རླབས་ཕྲེང་བཞུགས་སོ།།
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཡབ་ཡུམ་སྲས་དང་སྤྲུལ་འཁོར་བསམ་མི་ཁྱབ། །འདོད་དགུའི་འབྱོར་བ་རྒྱ་མཚོས་ཀུན་ཚིམས་ནས། །ཐུགས་དམ་བསྐང་ལ་རྐྱེན་ངན་བར་ཆད་ཟློག །རྫོགས་སྤྲུལ་ལྔ་པས་སོ།།
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། སྔགས་སྲུང་མའི་བསྐང་བསྡུས་ཀུན་བཟང་མཆོད་པའི་སྤྲིན་ཕུང་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      བྷྱོཿ མ་མོ་སྔགས་ཀྱི་སྲུང་མ་རལ་གཅིག་མ། །ཁོལ་མོ་ཡང་ཁོལ་བྲན་གཡོག་འབུམ་དང་བཅས། །ཟག་མེད་འདོད་ཡོན་རྒྱ་མཚོའི་མཆོད་པ་འདིས། །ཐུགས་དམ་གཉན་བསྐང་བསམ་དོན་ལྷུན་གྲུབ་མཛོད། །རྫོགས་སྤྲུལ་ལྔ་པས་སྨྲས་པའོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ཉི་གྲགས་ལྷ་མོ་སྔགས་བདག་མའི་གསོལ་བསྡུས་རྐྱེན་ངན་ཀུན་སེལ་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      བྷྱོཿ འདོད་ཁམས་དབང་སྒྱུར་མ་མོ་ཡོངས་ཀྱི་རྗེ། །བསྟན་སྲུང་གཙོ་མོ་དཔལ་ལྡན་སྔགས་བདག་མ། །དྲེགས་པ་བདུན་དང་མ་མོ་བྱེ་བ་བཅས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །འདོད་དགུའི་བསམ་པ་ལྷུན་གྱིས་འགྲུབ་པ་དང་། །མི་མཐུན་རྐྱེན་ངན་སེལ་བའི་ཕྲིན་ལས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      བྷྱོཿ འདོད་པའི་ཁམས་ལ་དབང་སྒྱུར་མ། །དཔལ་ལྡན་ལྷ་མོ་སྔགས་ཀྱི་བདག །འཁོར་བཅས་མཆོད་པ་འདི་བཞེས་ལ། །འདོད་དོན་འཕྲིན་ལས་མྱུར་དུ་སྒྲུབས། །རྫོགས་སྤྲུལ་ལྔ་པས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      བྷྱོཿ དཔལ་ལྡན་ལྷ་མོ་འཁོར་བཅས་བདག་ལ་དགོངས། །བདག་ནི་ཉོན་མོངས་དུག་ལྔའི་དབང་གྱུར་པས། །བག་མེད་ལེ་ལོས་དབང་དུ་གྱུར་པ་ཡིས། །ཁྱེད་རྣམས་ཐུགས་དང་འགལ་བ་ཅི་མཆིས་པ། །ཡེ་ཤེས་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ། །ནད་གདོན་བར་ཆད་རྐྱེན་ངན་ཀུན་སོལ་ལ། །མཐུན་རྐྱེན་ལེགས་ཚོགས་དངོས་གྲུབ་སྩལ་དུ་གསོལ། །འཁྲུགས་བསྐང་གྲངས་གསོག་སྐབས་ཉུང…
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། སྨན་བཙུན་ཚེ་རིང་མཆེད་ལྔའི་བསྐང་བསྡུས་ཡོངས་འདུས་འཁྲི་ཤིང་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      བྷྱོཿ དབྱིངས་ཀྱི་ཡུམ་ཆེན་སྨན་བཙུན་མཆེད་སྡེ་ལྔ། །ཞིང་སྔགས་ལྷན་སྐྱེས་ཤ་ཟ་སྨན་མོའི་ཚོགས། །རོ་བརྒྱ་ལྡན་པའི་མཆོད་སྤྲིན་རྒྱ་མཚོ་ཡིས། །ཐུགས་དམ་བསྐང་ལ་ལས་རྣམས་མ་གཡེལ་ཞིག །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ལྷ་ཆེན་བསྐང་བསྡུས་འདོད་ཡོན་ངོ་མཚར་རྒྱན་གྱི་རོལ་མོ་བཞུགས།
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧྲཱིཿ སྣང་བ་མཐའ་ཡས་དག་ཆེན་སྒྱུ་འཕྲུལ་གར། །ལེགས་བསྒྱུར་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས། །གཙང་མ་ཕུད་ཀྱི་མཆོད་པ་འདི་ཕུལ་བས། །མི་མཐུན་ཀུན་ཞི་བསམ་དོན་ལྷུན་གྲུབ་ཤོག །རྫོགས་སྤྲུལ་ལྔ་པས་སྨྲས་པ་དགེ།
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧྲཱིཿ དབང་ཕྱུག་མ་ཧཱ་དེ་ཝ་དང་། །ཡུམ་དང་འཁོར་གྱི་མཁའ་འགྲོའི་ཚོགས། །དམ་རྫས་མཆོད་པ་འདི་བཞེས་ལ། །སྣང་སྲིད་དབང་དུ་འདུ་བར་མཛོད། །ཅེས་པ་འདི་དབུ་རྒྱལ་པོ་ནས་བསྐུལ་བའི་ངོར་རྫོགས་སྤྲུལ་ལྔ་པས་མེ་ཡོས་ཟླ་ཚེས་ལ་བྲིས་པ་དགེ །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། གཟའ་ཡི་བསྐང་བསྡུས་ཤ་ཟ་ཁྲོས་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧྲཱིཿ རྒྱལ་བའི་བསྟན་སྲུང་ཁྱབ་འཇུག་རཱ་ཧུ་ལ། །སྲིད་ཞིའི་སྡེ་བརྒྱད་འཁོར་དང་བཅས་པ་རྣམས། །དགྱེས་པའི་དམ་རྫས་མཆོད་པ་འདི་བཞེས་ལ། །ཐུགས་དམ་བསྐང་ལ་ལས་བཞིའི་དངོས་གྲུབ་སྩོལ། །རྫོགས་སྤྲུལ་ལྔ་པས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃཿ ཁྱབ་འཇུག་ཆེན་པོ་ར་ཧུ་ལ། །སྤྲུལ་པ་གཟའ་བརྒྱད་གདོང་མོ་བཞི། །འཁོར་བཅས་མཆོད་པ་འདི་བཞེས་ལ། །འདོད་དོན་མྱུར་དུ་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། རཏྣའི་དམ་ཅན་སེང་ཞོན་གསོལ་བསྡུས་ཕྲིན་ལས་མྱུར་འགྲུབ་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། སློབ་དཔོན་པདྨའི་བཀའ་ཉན་ཐ་ཚིག་ཅན། །རྡོ་རྗེ་ལེགས་པ་མཆེད་འཁོར་ཚོགས་བཅས་ལ། །དམ་རྫས་དགྱེས་པའི་མཆོད་སྤྲིན་འདི་ཕུལ་བས། །ལས་བཞིའི་འཕྲིན་ལས་སྒྲུབ་པའི་སྡོང་གྲོགས་མཛོད། །རྫོགས་སྤྲུལ་ལྔ་པས་སོ། །
      གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ། ཉི་གྲགས་དམ་ཅན་ར་ཞོན་བསྐང་བསྡུས་དགྲ་ལས་རྣམ་རྒྱལ་བཞུགས་སོ། །
      DZS006 · ༧གྲུབ་དབང་སྐུ་རབས་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ།
      ཧཱུྃ། གསང་བདག་ཐུགས་སྤྲུལ་དམ་ཅན་རྡོ་རྗེ་ལེགས། །འཁོར་བཅས་དམ་རྫས་མཆོད་པ་འདི་བཞེས་ལ། །མི་མཐུན་གནོད་པའི་བར་ཆད་ཀུན་སོལ་ལ། །ཡིད་ལ་བསམ་པ་ལྷུན་གྱིས་འགྲུབ་པར་མཛོད། །རྫོགས་སྤྲུལ་ལྔ་པས་སོ།།