Author
About 40% of texts have an author recorded — this list will grow as more are attributed.
4382 results
— page 102 of 220
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
སྒྲུབ་པས་མཉེས་པ་དང་ཀུན་གྱི་ཡིད་ཆེས་པའི་གནས་ཡིན་པས་སློབ་མ་བཟང་པོ་མཚན་བྱང་ཆུབ་འོད་ཀྱིས་བསྐུལ་ཞིང་གསོལ་བ་བཏབ་པར་གྱུར་པས། འབྲས་བུ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ལམ་གྱི་བླང་དོར་གྱི་གནས་སངས་རྒྱས་ཀྱི་གསུང་རབ་ལས་འབྱུང་བ་ཐམས་ཅད་དཔེ་སྒྲོན་མ་སྦར་བས་ལམ་བདེ་བ་དང་ཡངས་པའི་འཇུག་ལྡོག་གི་ཡུལ་གསལ་བར་བྱེད་པ་ལྟ་བུར་བ…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
བཞེངས་པ་ཇི་ལྟར་ལགས་ཞུས་པ་ལ། དེ་ངའི་སློབ་མ་ཡིན་གསུངས། ལྷ་བཙུན་བོ་དྷི་རཱ་ཛས་ཁོ་བོ་སློབ་མ་མ་ལགས་སམ་ཞུས་པ་ལ་ཞལ་རོག་བཞུགས་སྐད་པ་གསུངས་ཏེ། དེ་ལ་སྣར་ཐང་བ་དཔལ་ལྡན་གྲོའི་ཞལ་ནས། ངོ་བསྲུང་མི་དགོས་པ་དང་མཉེས་པའི་རྟགས་ཡིན། བླ་མས་སློབ་མ་ལ་ངོ་བསྲུང་མི་དགོས་པ་འདི་གལ་ཆེ་བས་གོ་བ་ཆེར་དགོས་པ་ཡིན། བླ་མས་སློབ་མ་ལ་བཙན་རྒོད…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
འདུན་མ་བྱས་ནས་རྒྱ་སར་སྒང་གི་སུམ་པ་ཡེ་ཤེས་བློ་གྲོས་དེ་དེ་ཙ་ནའི་བགྲེས་ཐག་ཡིན་པས་ཁོང་ལ་ཇོ་བོ་སྤྱན་དྲངས་པའི་ཞུ་བ་ཕུལ་བ་ལ། ཁད་ཤེད་སྤྱན་མ་དྲང་འཚལ་ཨ་ཙ་ར་གསེར་འདོད་ཅིག་ལགས་ཏེ་མཆི། ལྷུང་བཟེད་ཀྱང་དཀར་པོ་ཞིག་གདའ་མཆི། ཕལ་ཆེར་མུ་སྟེགས་པ་ཞིག་ལགས་སམ་ཡང་མ་འཚལ། གསེར་ཅིག་བསྡུས་པ་ལ་ཡ་ཟད་སྐྱལ་གསུ ངས་སྐད་པ་ལ་པུ་ཏོ་བའི་ཞ…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
དུས་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ལ་མ་གནང་། ཚངས་པས་དེ་བཞིན་དུ་གསོལ་བ་བཏབ་པས་གནང་། ཚངས་པ་བས་བརྒྱ་བྱིན་ཞུ་རྟེན་དང་ངོ་ཆུང་བ་མིན་ཏེ། དེའི་དུས་ན་འཛམ་བུ་གླིང་པ་ཐམས་ཅད་ཚངས་པ་ལྷར་འཛིན་པས་དེས་གསོལ་བ་བཏབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ན…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
ནས་འཇུག་པ་གཉིས་ལས། རང་ཅག་ནི་དད་པ་ཅན་དུ་བྱས་ལ་ཡིད་ཆེས་པའི་གང་ཟག་གི་རྗེས་སུ་འབྲང་བ་ཁོ་ན་ཆབ་སྲིད་བརྟན་པ་ཡིན་གསུངས་ཤིང་། རྒྱུ་མཚན་དེ་ལ་བརྟེན་ནས་ཇོ་བོས་བསྟན་བཅོས་ཅི་ལྟ་བུ་ཞིག་བརྩམས་ན་བྱང་ཆུབ་ཀྱི་ལམ་རབ་ཏུ་གསལ་བར་བྱེད་པ་ཞིག་སྟེ། བྱང་ཆུབ་ནི་གསུམ་ཆར་ཡང་ཡིན་པ་ལས། གཙོ་བོར་དྲི་མ་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
བདེ་འགྲོ་ཙམ་གྱི་དོན་དུ་མ་ཡིན་ཐར་པའི་དོན་དུ་ཡིན། དེ་ཡང་དམན་པའི་དོན་དུ་མ་ཡིན་མཆོག་གི་དོན་དུ་ཡིན། ཞེས་གསུངས་པ་དང་། ཇོ་བོ་ཉིད་ཀྱིས་ཀྱང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གསུངས་པ་ཐམས་ཅད་ཀྱང་། །ཆོས་ཉིད་འདི་ལ་གཞོལ་ཞིང་འབབ། །ཅེས་གསུངས་པ་དག་དཔེར་ན་སྒྲོན་མས་ལམ་ཡ་ང་བ་དང་བདེ་བ་ཐམས་ཅད་གསལ་བར་བྱས་ནས་ཡ་ང་བ་…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
ཏན་ཤས་རེ་གསུང་བ་ལགས་པར་གདའ་བས། པུ་ཏོ་བ་དང་ཤ་ར་བ་ཡང་བར་འདིར་ཡོན་ཏན་ཐམས་ཅད་བླ་མར་རག་ལས་པ་ལས་བླ་མ་བཟང་བ་དང་། རིག་པའི་གནས་ཐམས་ཅད་ལ་སློབ་དཔོན་གྱི་གོ་འཕང་བརྙེས་པ་མཁས་པའི་ཡོན་ཏན་དང་། བཙུན་པའི་ཡོན་ཏན་དང་། སྒྲུབ་པ་ལས་བྱུང་བའི་ཡོན་ཏན་དང་ལྡན་པའི་རྒྱུ་བཞི་གསུང་བའི་དང་པོ་ལ་དགེ་བཤེས་པུ་ཏོ་བ་དེ་སྐབས་སུ་བླ་མ་མངོན་པ…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
ནས་བཟུང་བ་ལགས་སྐད། ཇོ་བོས་ཀྱང་ལོ་དྲུག་ཨ་ཝ་དྷུ་ཏི་པའི་སྤྱོད་པ་མཉམ་པོར་མཛད། རྡོ་རྗེའི་གླུ་དང་སྤྱོད་པའི་གླུ་ལ་སོགས་པ་ཀུན་ཡང་དེ་ཙ་ན་མཛད་པར་གདའ། གསང་སྔགས་ཀྱི་ཕལ་ཆེར་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པའི་བཀའ་དྲིན་ཡིན། ཁོང་དང་པོ་གྲུབ་མཐའ་སེམས་ཙམ་བཞེད་པ་ལ་ཕྱིས་དབུ་མར་འགྱུར་ནས་བཞུགས་ན། ལྟ་བ་འགྱུར་བའི་རྒྱུ་གཉིས་ལ…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
གསུང་སྐད། ཌོམྦྷི་བ་དེ་དང་པོ་རིགས་ངན་རྒྱལ་པོའ་གླང་པོ་ཆེ་འཚོ་བའི་རྫི་བོ་ཡིན་པ་ལ། ནཱ་རོ་པ་སྤྱིལ་པོ་ན་བཞུགས་པ་ལ་ཡར་ལམ་མར་ལམ་སྤྱིལ་པོའ་ནང་དུ་མགོ་གཡོན་གྱིན་ལྟ། ནཱ་རོ་པས་མཁྱེན་བཞིན་དུ་ཁྱོད་ང་ལ་དགའ་འམ་དད་དམ་བྱས་པས། དགའ་དད་ཟེར། འོ་ན་ང་ལ་གྲོང་ཁྱེར་ནས་ཆང་ཞིག་སློངས་ལ་དྲོངས་ཤིག་གསུངས། དེ་བཞིན་དུ་བྱས་པས་ཆོས་ཅི་ཡང…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
བཏགས་ནས་གླང་པོ་བསྐྲོགས་ཀྱིན་བཏང་བ་ལ་གླང་པོ་ཆེ་ཚུར་ལ་ཀོར་ཀོར་བྱས་ནས་བསྒུལ་དུ་ཡང་མ་ཚུགས་པས། དེར་ཡོན་ཏན་ཁྱད་པར་ཅན་བརྙེས་པར་ཤེས། ཡོན་ཏན་བརྙེས་པ་ཡིན་ན་རིགས་སོར་ཆུད་པས་རིགས་ལ་མི་གནོད་པར་བྲམ་ཟེའི་སྨྲེང་ལས་འབྱུང་བས་དེ་བཞིན་དུ་བཞུགས་སུ་བཅུག་ཙ་ན་གར་བཞུད་ཆ་མེད་པར་བཞུད་སྐད། དེ་ལ་ཤ་ར་བའི་ཞལ་ནས། དེ་ལྟ་བུའི་ལས་འཕྲ…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
རྨིས་པ་དང་དེའི་ནུབ་མོ་ནས་ཏིང་ངེ་འཛིན་རྒྱ་ཆེན་པོ་བརྙེས། ཇོ་བོ་ལ་དེ་ཌོམྦྷི་བའི་བྱིན་རླབས་ཡིན་པའི་ཐུགས་ཚོད་མི་མངའ་བ་ལ། ཕྱིས་སྔགས་པ་ཞིག་ཌོམྦྷི་བ་ལ་གདམས་ངག་ཞུས་པས།ང་དང་ཁྱོད་ལ་ལས་འབྲེལ་མེད། ཡུལ་དབུས་ན་ངས་བྱིན་གྱིས་བརླབས་པའི་དགེ་སློང་འདི་ལྟ་བུ་ཞིག་ཡོད་པས་དེ་ལ་ཞུས། ཁོང་ལ་ངས་བྱིན་གྱིས་བརླབས་པའི་མཚན་མ་རྨི་ལམ་…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
དུ་གྱུར་ཟེར་བ་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ་མཆེ་བ་ཙལ་ལེ་བ་ཞིག་ལ་མི་ཟེར། ཆོས་རྣམས་ཀྱི་གནས་ལུགས་གཟིགས་པ་ཡིན་གསུངས་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ལགས་པར་གདའ། ཇོ་བོས་ཀྱང་སྔར་གྱི་བླ་མ་ཌོམྦྷི་བའི་བྱིན་རླབས་ཡིན་པར་དེ་ཙ་ན་གདོད་མཁྱེན། ཕྱི་ནས་ཇོ་བོ་རྣལ་འབྱོར་པ་དེ་དང་ནམ་མཇལ་བར་བཞེད་ཙ་ན་ཁོ་བོ་འདི་ན་མཆིས་གསུང་…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
ངག་ཐམས་ཅད་ཡི་གེ་འབྲུ་གཅིག་ཀྱང་མ་ཆད་པར་མངའ། སློབ་དཔོན་ཐོགས་མེད་ཀྱིས་བཅོམ་ལྡན་འདས་བྱམས་པ་མཉེས་པར་མཛད་ནས་གདམས་པ་གནང་། དེས་གཅུང་དབྱིག་གཉེན་ལ། དེས་སློབ་དཔོན་བློ་གྲོས་བརྟན་པ་ལ་གནང་བ་ནས་ཀྱིས་ཡང་ཡི་གེ་འབྲུ་གཅིག་ཀྱང་མ་ཆད་པར་མངའ། སློབ་དཔོན་ཀླུ་སྒྲུབ་དང་ སངས་རྒྱས་ཡེ་ཤེས་ཞབས་དང་། མགྲིན་པ་གསུམ་པ་དང་། རྒྱལ་པོ་ཨིན…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
ནང་ན་ཇོ་བོས་ཟིན་པ་ཡིན། དེ་ཡང་སྒྲུབ་པས་མཉེས་པས་ཁྱོད་ལ་འདི་མི་བཟླས་ཏེ་འོང་གསུངས་ནས་ཚུར་ལ་གནང་བ་ཡང་མང་། ཨཱཿཨཱཿལ་ལ་ལན་གཉིས་གཉིས་གསུམ་གསུམ་དུ་ལྡབས་པ་ཡང་ཡོད་གསུངས་པས། དེའི་འབྲུ་གཅིག་ཀྱང་མ་ཆད་པ་ཇོ་བོ་ལ་མངའ་བ་ལགས། ཞེས་ཤ་ར་བ་ཆེན་པོས་གསུངས་ཏེ། དེ་ལྟར་བླ་མ་བཟང་ལ་མང་བ་ཡོད་ཀྱང་རང་ལ་ཡོན་ཏན་མེད་པས། ཇོ་བོ་གློག་གསང་…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
བྲམ་ཟེ་ནོར་ལྷས་བྱས་པའི་ཚིག་གི་སྒྲོན་མ་དང་། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་ཙནྡྲ་བྱཱ་ཀ་ར་ཎ་ལ་སོགས་པ་ཕྱི་ནང་གི་གཞུང་ལུགས་མང་དུ་མཁྱེན། གཏན་ཚིགས་རིག་པའི་གཞུང་། དྲང་སྲོང་རྐང་མིག་གིས་བྱས་པའི་རིག་པའི་ལྟ་བ་ལ་སོགས་པ་ཕྱི་རོལ་པའི་ལུགས་ཀྱི་ཚད་མ་དང་། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་མདོ…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
སྒྲུབ་ཀྱིས་མཛད་པའི་རྒྱུ་སྨྲ་བ་ལ་སོགས་པ་ནང་པའི་ལུགས་ཀྱང་མང་དུ་མཁྱེན་ཏེ་དེ་ཀུན་ཕྱི་རིག་པ་བགྱི་བ་ལགས། ནང་རིག་པ་ལ་ཐེག་པ་ཆུང་ངུའི་མདོ་སྡེ་དང་མངོན་པ་མང་དུ་མཁྱེན་ཅིང་ དམ་པའི་ཆོས་འདུལ་བ་ལ་དགེ་འདུན་ཕལ་ཆེན་པའི་འཛམ་བུའི་གླིང་ན་བཞུགས་ཚད་མཁྱེན། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུང་སྡེ་བཞི་ལ་སོགས་པ་མཁྱེན། གནས་བརྟན་པ་དང་…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
འཕགས་པ་ཐོགས་མེད་ཀྱིས་སའི་སྐོར་ལ་སོགས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་འགྲེལ་ཏིག་མཐའ་དག་མཁྱེན། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་ལ་ཟླ་བ་གྲགས་པའི་ལུགས་དང་ལེགས་ལྡན་འབྱེད་ཀྱི་ལུགས་ལ་སོགས་པ་ཐམས་ཅད་མཁྱེན། ཐེག་པ་ཆེན་པོའ་གསང་སྔགས་བྱ་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་བཞི་པོ་རེ་རེ་ཡང་དཔག་ཏུ་མེད་པ་མཁ…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
ཅིང་། ཚངས་སྤྱོད་དཔལ་དང་ལྡན་པའི་དགེ་སློང་མཆོག །གནས་བརྟན་འདུལ་བ་འཛིན་ལ་ཕྱག་འཚལ་ལོ། །ཁྱོད་ནི་ཕར་ཕྱིན་ཐེག་པའི་སྒོར་ཞུགས་ནས། །ལྷག་པའི་བསམ་པ་རྣམ་པར་དག་གྱུར་པས། །བྱང་ཆུབ་སེམས་ཀྱིས་འགྲོ་རྣམས་མི་གཏོང་བའི། །བློ་ལྡན་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ནི་གསང་སྔགས་ཐེག་པའི་སྒོར་ཞུགས་ནས། །རང་ལུས་ལྷར་གཟིགས་རྡོ་རྗེའི་ཐ…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
བྱ་བ་ཡིན་ཞེས་ཤ་ར་བས་གསུངས། སྒྲུབ་པ་ཡིན་ཡང་བསྒྲུབས་པའི་འབྲས་བུ་མ་བརྙེས་པ་ཡང་ཡོང་བ་ལ། ཇོ་བོ་དེ་ཙུག་ཏུ་མི་འདུག་པས། བཞི་པ་བསྒྲུབས་པ་ལས་བྱུང་བའི་ཡོན་ཏན་ལ། ཤ་ར་བའི་ཞལ་ནས། དཔལ་ལྡན་ཕྱག་རྒྱ་ཆེན་པོའ་དངོས་གྲུབ་ནི། །ཚེ་གཅིག་ཐོགས་ཞེས་རྣལ་འབྱོར་མས་ལུང་བསྟན། །ཞེས་དགེ་བཤེས་སྟོན་པས་བསྟོད་པ་བཞིན་དུ་ཇོ་བོ་སྦྱོར་ལམ་པ་ལ…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ།
རེ་རེ་ལ་རྟོག་པ་མི་འདྲ་བ་རེ་སྐྱེས་ནས་འདུག་སྟེ་མཁྱེན་པ་ཡིན་ནམ་ཟློ་མི་ཞིག་གིས་བཟླས་སམ་ཞེས་དགེ་བཤེས་པས་གསུངས་སྐད་པ་དེ་ཀུན་གཞན་གྱི་སེམས་ཤེས་པའི་མངོན་ཤེས་སུ་བགྲང་། ལྷ་སར་སྟེང་ཁང་ན་བཞུགས་པ་ལ་རྩིག་པ་ལ་མ་ཐོགས་པར་ཕྱིར་བྱོན་པ་བན་དེ་མོ་ཞིག་གིས་མཐོང་། དེས་གསང་ཕུ་བ་ལ་བཟླས། གསང་ཕུ་བས་བན་དེ་མོ་འདི་སྐད་མཆི་ན་ཞུས་པ་ལ…