Author
About 40% of texts have an author recorded — this list will grow as more are attributed.
4382 results
— page 90 of 220
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
པའི་མཚམས། །མི་ཕྱུགས་བཙོ་དང་ཁྲག་ཞག་ཆག་ཆག་བཏབ། །མི་སྐྲའི་རྔ་ཡབ་རྩེ་ཤིང་ཡུ་བ་ཅན། །སྐྱི་སེར་རླུང་གིས་ཉིན་མཚན་ཀུན་ཏུ་གཡོབ། །སྒོ་ཁྱི་ཕལ་ཆེ་བདག་པོའི་རོ་གར་ཡོད། །ས་དེར་ལྟོ་མེད་གྱུར་ཀྱང་སྲུང་ཞིང་ཞུམ། །ཁྱི་ཡན་ནགས་གསེབ་རིང་ནས་ངུ་ཞིང་ཟུག །ཝ་སྤྲེ་སྤྱང་ཀི་ཕྱོགས་བཅུར་ངུ་རྒྱུག་སོགས། །ཐོས་ན་ཡང་ཡང་བསམ་ན་སྐྱི་གཡའ་ཞིང་…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
སླེབ་སམ་དཔྱད། །སྐབས་དེར་སྔོན་ཆད་ཡུལ་འདིའི་མི་ཀུན་གྱིས། །ཆེ་(མ་དཔེ་སྡེབ་བཅུ་པའི་རྒྱབ་མི་ཚང་།) དང་བཅས་ཕྱིར་གློད། མགྲོན་པོ་ཕྱེད་ལྷག་ཆབ་མདོ་ཕྱོགས་སུ་བར་ཚོང་བྱས་ནས་འབའ་ཐང་ལ་སོགས་དངུལ་ཁ་ལ་འགྲོ་བ་དང་། མགྲོན་པོ་ཕྱེད་ཉུང་ཚ་བ་སྒང་སྟོད་ནས་དངུལ་ཁ་ལ་འགྲོ་བའི་ལྷོ་བྱང་ཕྱེ། གནམ་གང་སྔ་དྲོ་གྱེས་ནས་ཆབ་མདོ་ཕྱོགས་བྱང་འག…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
ནས་གཏན་འདུན་བྱས་ན་ལེགས་ལ་ཆེ། ཅི་ལྟར་བྱེད་རྒྱུ་ཡིན་ཟེར་རིང་འཐེན་དང་དཔུང་ཚོད་ལེན་པར་ད་ལྟ་ཡོང་བར་ཡོད་འདུག་ཅེས་གླེང་གི་ཡོད་མ་ཐོག །དཔོན་རིགས་རྟ་པ་ཁ་ཤས་སླེབ། སོ་པས་ཐོས་པ་ལྟར་གཏམ་བྱུང་བ་ལ། རྟ་འབུལ་ནང་སོ་ཁག་དང་སྟག་འཐུ་རྣམས་ཀྱི་ཇ་མགྲོན་ལ་རིམ་པར་བོས། ལྷོ་རུ་བ་ལ་དགྲ་ནད་ཁོ་ཐག་འདུག་པ་ལོན། ཝ་གོ། གསེར་ཤོངས། དམར་རི…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
དྲན། འདུན་མ་བྱས་ན་ཀུན་ལ་མཛའ། (གོང་འོག་འཛོལ་ཡོད་མེད་ཞིབ་དཔྱད་དགོས།) མི་དཔོན་ལྟ་བུ་ཞལ་ངོ་ཞིག་སྔས་མདར་གདན་དྲོངས་ཤོག །ངེད་ཚོ་སང་སྔ་དྲོའམ། དོ་ནུབ་དགོང་སླེབས་སྔས་མདར་སླེབ་པ་བྱེད་ཅེས་ནམ་ལངས་བཅུག །རྟ་དྲེལ་རི་ལ་གློད་ནས་ལོང་ཡོད་བརླིང་མདོག་བྱས་ནས་མི་སྣ་རྣམས་བརྫངས་རྗེས། ཚ་རྟིང་ཐོག་གྲྭ་སྙིགས་སྔ་རྟིང་ཕྱི་ནས་ཚ་བ་ས…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
བྱས་ཡོད་དམ་ཟེར། ལ་ལ་ངེད་ཚོས་ཀོང་པོའི་རྗེས་རྩེབ་པ་ཨེ་ཡོད་དྲི་བ་བྱེད་ཅིང་རྔམ་རྔམ་བྱས་རྟ་རྒྱུག་པ་ལ། མི་དཔོན་རང་མ་གཏོགས་རོགས་གྲྭ་ཀུན་གྱིས་གོ་ཁྲབ་མ་བུ་ཚང་མ་གྱོན་པ་བརྒྱ་ལྷག་དང་། ཁྲབ་ཅན་ལྔ་བརྒྱ་ལྷག་པས་མགོ་བྱས་སྟོང་ཟིན་ཕུ་ལ་སོང་བ། ལ་འོག་ན་ཁ་བ་མི་གང་ལྷག་པ་བགྲོད་དགོས་པའི་ལ་ཆུ་གཉིས་ཡོད་པ་དེ་གཤོག་མ་ནུས་པར་འཛེམ་…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
འཇམ་ནེའུ་གསིང་། །གཡའ་གངས་རྫ་བྲག་ཆུ་ཀླུང་ཆུ་བྲན་དང་། །ལྟེང་ཁ་ཆུ་མིག་ཁྲོན་པ་ཡིད་འོང་དང་། རི་དྭགས་སྣ་ཚོགས་མི་ཡི་བདག་བྱེད་ཕྱུགས། །གྱ་གྱུར་འདྲེས་པའི་འདུ་འགོད་བན་བུན་ཀློང་། །དབེན་གནས་རི་ཁྲོད་སྡེ་ཞབས་འདོད་དགུའི་དབུས། །གཡུ་ཐོག་སུམ་བརྩེགས་ཅན་དང་གསེར་ཐོག་དང་། །གསེར་འཕྲུ་དུ་མ་ཅན་གྱི་དྲི་གཙང་ཁང་། །སྡེ་སྣོད་ཁང་པ…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
གདན། །དགོན་དེར་ཞག་གསུམ་གནས་མཇལ་རྟེན་མཇལ་དང་། །ཆོས་རྗེ་ཆེན་པོ་སྐུ་མཆེད་ཞལ་མཇལ་ཞུས། །སྒར་ཆེན་འཛམ་གླིང་རྒྱན་གཅིག་གསེར་ཡིག་པའི། །མཐོང་བཀུར་གནའ་དུས་ལ་ལྟོས་ཆེས་ཆེར་བསྟོད། །ཇ་སུན་ལྔ་པ་མ་དག་བར་དག་ཏུ། །སྐུ་མདུན་གྲལ་ལ་བུམ་ཆེན་རླུང་སྦྱོར་བཟུང་། །ལྡེ་སྐུ་གསེར་སྐུ་ཆོས་རྗེའི་སྐུ་གསུམ་པོ། །ཞལ་རས་མདངས་ལ་ཁྱད་བྱས་བསྐ…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
མི་བསྐྱོད་བཟང་པོའི་ཞབས། །བལྟམས་པའི་ལུང་ཕུ་ངོམ་ཆུ་ལྟག་ཟི་བརྒལ། །ཚེས་དགུ་རི་ཀར་ས་མཚམས་དབའ་ལོ་རྫོངས། །གཤིན་རྗེ་གཤེད་དངོས་བསོད་ནམས་རྣམ་རྒྱལ་ཞེས། །སི་ཏུ་དྲུང་པ་མྱང་འདས་ཚུལ་བསྟན་པ། །ཐམ་གར་འབྱོར་ཚེ་གཞི་སྡོད་རྫོང་གཉེར་གྱིས། །ཆད་ཇ་གཞི་ལེན་རང་ཡུལ་སྙམ་བསྟབས་(པ)། །དུས་གསུམ་མཁྱེན་པས་ལུང་བསྟན་རེ་ནེ་དགོན། །མཇལ་ཕྱི…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
རྣམ་འདྲེན་གདུང་དང་གསུང་རབ་ལུང་མཆོད་ཅིང་། །མཐོ་རིས་དཔལ་འབྱོར་དགའ་མགུར་སྤྱོད་པའི་ངང་། །མདའ་བསྣུན་དབང་པོ་ཏཻ་ལོ་ནཱ་རོ་ནས། །དུས་མཁྱེན་ཡན་ཚང་གཞན་ཡང་རྒྱ་བོད་ཀྱི། །གྲུབ་ཐོབ་དུ་མའི་ཞལ་སྐྱོགས་བདེ་སྐྱོང་དང་། །མཆོག་ཟུང་ཉི་མ་གུང་པ་ཤ་ནའི་གོས། །རྣམ་བཞིའི་སྣམ་སྦྱར་གསོལ་ལྷུང་ལ་སོགས་དང་། །བདེ་གཤེགས་འོད་སྲུངས་ཐུབ་དབང་…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
སྐུའི། །སྐུ་རིམ་བརྟན་བཞུགས་ལ་དགོངས་མ་འགྱེད་ཚེ། །མང་དུས་ཉིས་སྟོང་ཉུང་དུས་དེ་ཕྱེད་ཙམ། །ཟླ་ཕྱེད་འདུས་པ་རྒྱ་མཚོ་ཉེར་འདུ་བ། །འཛམ་གླིང་རྒྱན་དེ་དེང་འདིར་འཕོས་སྙམ་ཞིང་། །སྲོག་སྡོམ་ཚངས་གཅོད་བཅས་མེད་ཤ་སྟག་པས། །དང་བ་འདྲེན་པའི་མིག་རྐྱེན་གྱ་ནོམ་སྣང་། །ཀརྨ་པ་ཡི་ན་རིམ་བརྒྱད་པ་ཡི། །སྤྲུལ་སྐུ་མཆོག་ཏུ་གྲགས་པ་དེ་དྲུང་…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
ཚའི་ཆ་ནས་ནང་མི་བཅོལ། །བར་ཞིག་ཐུབ་ཆེན་དེ་བཞིན་གཤེགས་པ་ཡི། །དངོས་སློབ་རྨ་སེ་རྟོགས་ལྡན་རིགས་ཆོས་ལ། །ཀམ་ཚང་ནང་ནས་རྨ་སེ་བཀའ་བརྒྱུད་དམ། །ཟུར་མང་པ་ཞེས་གྲགས་པ་གསལ་འབར་ཞིང་། །ལུགས་གཉིས་འབྲི་སྟག་ཆོས་རྗེར་སྒྲུན་མཛད་དེ། །སྒར་ཆེན་བཀའ་ཡིག་གོང་འོག་འབུལ་དུ་ཕྱིན། །ནང་སོ་སྐུ་མཆེད་ཕྱོགས་གཞན་ཐག་རིང་ཐེགས། །རྟག་བཞུགས་བླ་…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
བསྒྲགས་པ་དང་། །གཤེན་རབ་མི་བོང་ལོ་ཀག་སྲུང་བའི་ཕྱིར། །མཉམ་མེད་ཟས་གཙང་སྲས་པོར་མིང་རྗེས་དང་། །ཀམ་ཚང་བརྒྱུད་པ་སྨུག་གཡེལ་ཞྭ་མནབས་སོགས། །ངོ་མཚར་ལས་ཀྱང་ངོ་མཚར་རྟེན་ཞལ་མཇལ། །རི་དགོན་ས་འཛིན་སྡེ་ཞབས་ལོངས་སྤྱོད་སོགས། །གཞན་ཕྱོགས་ཡོད་ན་སྨོན་དགོས་ཀར་སྡེར་སྣང་། །རྩ་བའི་བཀའ་ཤོག་བཀའ་ལུང་འབྲུ་དོན་ལ། །ཀརྨ་པ་ཡི་ཞབས་ཏོག་…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
མཚོ་སྐྱེས་རྡོ་རྗེ་མི་བསྐྱོད་རྗེས། །ཡུན་རིང་བཞུགས་པའི་བླ་བྲང་མཇལ་བ་ལ། །ཡིད་ཀྱི་ངལ་བསོར་བྱས་ཏེ་ཀརྨར་ལྡབས། །ཟླ་གཅིག་སོང་ཚེ་ཤ་མར་རྟ་རྒྱབ་གཅིག །ཇ་གསིག་དོས་ཆེན་གཅིག་དང་ཁྲེས་ཁལ་ལ། །རྒོད་མ་རྟེ་བུས་ཁོག་པ་ཁེངས་པ་ཞིག །ཏྲེ་བོར་ཞུ་ཡིག་ཁ་བཏགས་རྟེན་ལྡན་གཉིས། །བསླབ་སྟོན་སྣང་ལ་མ་ངེས་བཅས་གནང་འབྱོར། །མཛད་འཕྲིན་བཟང་ངན་…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
ལམ། །གཟན་ཤིང་འདྲ་མཉམ་བགྲོད་ཐག་བྱང་ཉེ་ཙམ། །གསོག་དགོས་འཇིགས་པ་གཉིས་ཀར་ཞག་གསུམ་རེ། །སྣང་ཕྱིར་མོ་ཕྱྭའི་ནང་དུ་ལྷོ་ལམ་ཆུད། །བྱིན་རླབས་བཀའ་བཀོད་མཐུན་རྐྱེན་མཐའ་དག་ཞུས། །སྣ་ཤན་མི་སྣ་དགེ་སློང་ཟུང་བཅས་རྣམས། །ཧོར་ཟླ་བཅུ་གཉིས་པ་ཡི་ཚེས་བཅུ་ལ། །ཀརྨ་ནས་ཆོས་སྟག་རོ་ཚ་ཁྲི་ཞབས། །བཀའ་ཤོག་ཡོད་པའི་ཁྲི་དཔོན་སྐུ་མཆེད་དང་། །…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
འདོང་གྲུ་སོ་གོང་གི་འབྲི་ཆུ་འགྲམ། །གྲུབ་མཆོག་ཀརྨ་པཀྵི་བལྟམས་ཡུལ་དང་། །དེ་འོག་མཁན་ཆེན་མགོན་བློན་འཁྲུངས་ཡུལ་གཉིས། །མཐོང་ཐོས་ཙམ་གྱི་རྒྱང་མཇལ་ལེགས་བྱས་རྙེད། །ཟིལ་རོང་སླེབ་ཚེ་ལོ་གསར་ལ་དམིགས་ནས། །བཅག་ཞག་གསུམ་བྱས་ལྕང་ར་དགོན་དུ་སླེབ། །དགོན་དངོས་སྤ་སྤོམ་པ་ལ་ཤོར་སྣང་ནའང་། །དགོན་བདག་ཨ་ཀྲོ་ཨ་ཀྲོ་སྣ་ལི་དངོས། །ཚངས…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
སྤྲད་བྱས་ཚེ། །ཆོས་རྗེ་ཆེན་པོར་མངོན་པའི་ང་རྒྱལ་དང་། །སློབ་དཔོན་སོང་ཞིང་རང་ཆེ་འབྱིན་ཕྱིར་དང་། །ས་དཀར་གྲུབ་མཐའི་ཁེང་དྲེགས་སྡང་ཞུགས་ཀྱིས། །ཤི་ཤ་ཚག་སྨད་ལྷ་ཉག་གཉིས་ཀྱི་ཇ། །རྡོར་བཅས་བསྟབས་ནས་སྔོན་ཚེ་ཀརྨ་པ། །བརྒྱད་པ་ངོས་ཕེབས་ཚེ་ནའང་འབྲེལ་ཆེར་མེད། །ད་ལན་ཁྱོད་ལ་གཟབས་ཡོད་གསུང་བཟང་བསྩལ། །སྤྱི་པར་བཀའ་ཤོག་ལེན་མི་…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
ཚེ་རྨེ་ཤོད་ཕུ་སྟོད་སླེབས། །དེ་མདར་ཉི་ལམ་གསུམ་འདས་རྨེ་འདོར་ན། །དཔལ་ལྡན་ཕག་མོ་གྲུ་པ་འཁྲུངས་སོ་ལོ། །མཐར་གྱིས་ཙིང་ཞིང་ཧཱ་ཝ་གླིང་བདག་པོའི། །ས་དགོན་ཆོས་གྲྭ་རྩེད་ཐང་འགྲན་བཏབ་ཀྱི། །འཛིང་གི་རྣམ་རྒྱལ་དགོན་པའི་གློ་ཉེར་སླེབ། །རྒྱ་མིས་བསྒྲུབས་པའི་བཀོད་མཛེས་རྒྱ་ཁྱོན་ཅན། །གཡུ་ཐོག་བཞི་བརྩེགས་བློ་འབུར་ཤིང་བརྩེགས་སོག…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
འཕྲང་ཀུན་ཏུ། །རྒྱུད་ཡོད་གཅིག་མིན་གཉིས་མིན་ཀུན་མཐུན་པར། །བདེན་བྲལ་མི་གཟུགས་མཐའ་དམག་སོག་འཇིག་དང་། །ཆོམ་རྐུན་ཆོས་གཟུགས་ཁྲོ་ཚ་རྟོགས་ལྡན་དང་། །གངས་རི་ལ་གཟུགས་ཚེ་ངུ་ལ་གསུམ་པོ། །དུས་གཅིག་ལྷན་ཅིག་འཛོམས་པའི་འཇིགས་ཉེན་དེ། །ཤི་སྐྱིད་འཕྲང་འཇིགས་མིང་ཙམ་ཡིན་ནོ་ཞེས། །སྨྲ་དེ་དང་པོའི་ཉ་ཚེས་ཅིག་ཅར་མཐོང་། །ཁ་བའི་འདམ་ལ…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
དུབ་སྒྱིད་ལུག་འདར་ཞིང་འདུག་པའི་ཚེ། །ཁྲོ་ཚར་བསུ་མི་དགོས་ཞེས་སྔ་འཕར་ཞིག །བཏང་འཁོར་སོག་འགྲིམ་མེད་ན་སྟབས་བདེ་རུང་། །ཚང་གསར་གླིང་ཚང་ཕྱིན་ལ་དམག་ཐལ་ནས། །ཁ་སང་དེ་རིང་ཕྱིར་ལ་འགྲིམ་སྒང་ཡིན། །ཇག་ཐོབ་ཆུང་བས་ཉེན་ཆེའི་གནས་སྐབས་རེད། །དངོས་པོ་མངོན་མཚན་གང་ཆུང་སྔོགས་བདེ་ཆོས། །ཁྲོ་ཚའི་མདུན་དུ་འགྲོ་བགྱིས་མྱུར་ཤོག་ལོ། །…
GGT003
· རྒྱལ་ཚབ་གྲགས་པ་དོན་གྲུབ།
ལམ་ཡིག་རྡོ་རྗེའི་ཟེགས་མ།
འབུར་རྒྱས་པའང་རི་བས་མཐོ། །དར་ཅིག་ཀུན་གྱིས་བློ་གྲོས་འདུར་བ་ན། །སྲིད་པའི་ལམ་དུ་ངལ་བ་བརྒྱས་དུབ་པའི། །མགྲོན་པོ་ཉམ་ཐག་ཀུན་གྱི་བསིལ་བ་མཆོག །བསླུ་མེད་སྐྱབས་གནས་རིན་ཆེན་རྗེ་ཡིན་པར། །ངེས་བཤད་ངེས་པར་མྱོང་གྲུབ་ཡིད་མཐུན་པར། །ལེགས་ནའང་ལེགས་ཤོག་འདོད་དགུའི་རྒྱ་མཚོར་གྱུར། །མཆོད་དང་སྦྱིན་པའི་བསོད་ནམས་མཁའ་ཁྱབ་ཤོག །ཉེ…