Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 434 of 500
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
འབུམ་ཕྲག་བཅུ་གཉིས་ཀྱིས་བདེན་པ་མཐོང་ནས་མདོ་འདི་བསྲུང་བར་དམ་བཅས་པ་རྣམས་ནི་གདན་འཛོམ་པའི་བར་གྱི་བཀའ་མཆིད་དང་ལྷའི་བུ་ཁ་ཅིག་དོན་དེ་དག་ལ་ཡིད་གཉིས་སྐྱེས་ཏེ་སྟོན་པས་སངས་རྒྱས་ཀྱི་ཞིང་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་མཛད་དོ། །བདེར་གཤེགས་བདུན་སྤྱན་དྲངས་ནས་གདན་འཛོམ་པ་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས་ཀྱིས་བ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
བདུན་གྱི་ཆོ་ག་འདི་མདོ་སྔགས་གང་དུ་བཏགས་ཚུལ་ལ། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཤོ་ལོ་ཀ་བརྒྱད་བརྒྱ་པ་པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཤཱ་ལེནྡྲ་བོ་དྷི། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་རྣམས་ཀྱིས་བསྒྱུར་བ་དང་སྨན་གྱི་བླ་བཻ་ཌཱུཪྻ་འོད་ཀྱི་རྒྱལ་པོའི་སྔོན་གྱི་སྨོན་ལམ་ཁ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
མདོ་སྡེ་ལས་བྱུང་བའི་ཆོ་ག་ཞེས་སོགས་ཀྱིས་ཁུངས་སྨོས་པའི་རང་ཚིག་དང་འགལ་ཚུལ། དེ་ཉིད་བསྡུས་པར་ཐེག་པ་ཆེན་པོའི་མདོ་དང་གསང་འདུས་ཀྱི་རྩ་རྒྱུད་མདོ་དང་བསྲེས་ཞེས་པ་ལྟ་བུར་འཁྲུལ་ནས་རིགས་འགྲེ་བྱས་ཚེ་སཱུ་ཏྲ་དང་སཱུ་ཏྲ་སེ་ནའི་ཁྱད་པར་མི་ཕྱེད་པས་མདོ་སྔགས་མི་འགལ་བར་འགྱུར་བ། རྒྱུད་སྡེ་གོང་མ་གོང་མ་ནས་འོག་མར་སྒྲུབ་ཚུལ་ཐུན་…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
འདེབས་ཀྱི་ཚིག་བརྗོད་པ་མཆིམས་དང་རྒྱ་སྟོན་གྱི་ཡི་གེ་སོགས་ལ་བརྟེན་ཅིང་ལྷའི་སྐུ་མདོག་རྣམས་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་བའི་གསུང་གི་རྗེས་སུ་འབྲངས། གཟུགས་བུམ་ཡང་སྔགས་ལུགས་ལྟར་སྒྲུབ་ཚུལ་དངོས་གཙང་ཞིང་དེའི་སྡོམ་ཚིག་ཀུན་མཁྱེན་མཁྱེན་བརྩེས་མཛད་པར། རྒྱུད་འདི་བྱ་རྒྱུད་ནམ་ཡང་མ་ཡིན་ཏེ། །ཡིན་ན་མདོ་ཆོག་མཚན་གཞི་བསྟན་ད…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
མེད་ལ་ཆོ་ག་གསུམ་བསྐྱེད་ལས་མེད་པ་སོགས་མཐའ་ཀླས་ཤིང་སྐབས་འདིའི་ཉམས་སུ་ལེན་ཚུལ་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་དང་བྲལ་བ་དང་བདག་ཉིད་ལྷར་བསྙེམས་པ་དང་བྲལ་བས་བསྒྲུབ་པ་ནི་བྱ་བའི་རྒྱུད་ལ་རབ་ཏུ་གནས་ཞེས་པ་ལྟར་བྱ་རྒྱུད་རང་རྐང་གི་ལུགས་གཅིག་ལ་དེ་ལྟར་བཤད་པས་འདིར་བདག་བསྐྱེད་མེད་པ་ལ་ལྷ་…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
ཆེན་བཟང་པོས་མཐོ་ལྡིང་ལྷ་ཁང་གི་སྟེང་ཐོག་ཏུ་བྱ་སྤྱོད། བར་ཁང་དུ་རྣལ་འབྱོར་རྒྱུད། འོག་ཁང་དུ་བླ་མེད་སོགས་སོ་སོའི་ཉམས་ལེན་མཛད་པ་ནི་མཁས་པ་མགུ་བ་སྐྱེད་པའི་རྣམ་དཔྱོད་ཀྱི་རྩལ་ཕུལ་དུ་བྱུང་བར་མངོན། ཐུན་མོང་གི་ས་བཅད་འདིས་སེང་གེ་དཀར་མོ་ལ་སྣ་གོང་ཅུང་ཟད་ཉག་པའི་མི་ཁར་སོང་འཚལ་ཞིང་། དྲུང་པ་གྲགས་པ་དོན་གྲུབ་ཀྱིས་ལྷ་ལུང་…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
བསྟན་པའི་རྩ་བ་ནུབ་པར་འགྱུར། སངས་རྒྱས་གསུངས་པའི་ཆོ་ག་ཀུན། །སླ་བར་གྱུར་ཀྱང་མི་བྱེད་ལ། །སངས་རྒྱས་ཀྱིས་ནི་མ་གསུངས་ན། །དཀའ་ཡང་འབད་ནས་བྱེད་པ་མཚར། །ཞེས་གསུངས་པས་འདི་དག་ཁ་གཡར་བ་ལས་ཚད་ལྡན་མིན་ནམ་སྙམ་མོ། །སློབ་དཔོན་ཤཱི་ལ་བྷ་དྲ་དང་གཉག་དབོན་བསོད་ནམས་བཟང་པོ་སོགས་མཁས་པའི་ཡིག་ཆར་གཤིན་དོན་གྱི་ཆོ་ག་བཤད་པའང་སྟག་ཚང་ལོ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
པའི་སྐྱོན་དང་མདོ་ཆོག་འདི་གའི་ཀླགས་ལུང་གི་བླ་བརྒྱུད་ལ། ཕྱག་འཚལ་བ་དེད་དུ་མེད་པར་དགོན་པའི་བླ་རབས་སོགས་མོས་ཚད་བཅུག་པ་སྡེ་དགོན་གོག་པོའི་རྣམ་ཐར་ཁོ་ནར་མངོན། ངོར་ཆེན་གྱིས་ཤཱཀ་ཐུབ་ལ་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་སྦྱོར་བ་མི་འཐད་པར་གསུང་ནའང་སྟག་ཚང་ལོ་ཙཱ་བས་འཐད་པར་གསུངས་པ་སངས་རྒྱས་ཤཱཀྱ་ཐུབ་པའི་འཁོར་གྱི་གཙོ་བོ་ཐ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
སྔགས་ལུགས་སྦྱར་བ་དེ་རྒྱས་པ་དང་། མ་སྦྱར་བ་འབྲིང་པོར་བྱེད་པའི་ལེགས་བཤད་འདི་འདྲ་སྔོན་གྱི་མཁས་པ་རྣམས་ཀྱིས་མ་རྙེད་འདུག་པས་འདི་འདྲའི་རིགས་ལ་ལྷ་ས་ལེགས་བཤད་དུ་མིང་འདོགས་དགོས་པར་སྣང་། ཉིད་ལྷ་པ་སྐུ་སྐྱེའི་རམ་འདེགས་པར་སོང་བས་གསུང་རབ་བྱིངས་དང་མི་མཐུན་པའི་ཆོས་སྐད་འོང་བ་མེད་པར་སྣང་ངོ་། །དེའང་མདུན་གྱི་མཆོད་ཡུལ་དུ་…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
མི་ནུས་ཤིང་རི་མོར་འབྲི་བ་སོགས་ལ་སྐུ་མདོག་ཕྱག་མཚན་ངེས་པ་ཅན་བྱེད་ན་སྔ་མའི་ཕྱག་ལེན་ལ་བརྟེན་པ་ལས་མ་འདས་པས་ཕྱག་མཆོད་ཀྱི་སྐབས་སུ་འགལ་བ་ཆེར་མེད་པར་མངོན་ནོ། །ཞེས་གསུང་བ་སྔོན་གྱི་ཡི་གེ་ཁུངས་བཙུན་ལ་བརྟེན་དགོས་པའི་ཤེས་བྱེད་དུ་སོང་ཞིང་། སྔ་རབས་ཀྱི་ཡིག་རྙིང་མཐུན་མི་མཐུན་སྣ་ཚོགས་བྱུང་ནའང་རྗེ་ངོར་ཆེན་གྱི་ཡི་གེ་ལྟར…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
ཉམས་ཤིག་འདུག་པ་བུ་སྟོན་ཐམས་ཅད་མཁྱེན་པས། ཆོས་འབྱུང་དང་དཀར་ཆག་ཏུ་མདོ་ཆོག་རྒྱས་འབྲིང་བསྡུས་གསུམ་ཚད་མར་མཛད་པ་ཟླ་མེད་པའི་མཁས་པ་ཆེན་པོའི་གསུང་ལ་འཁྲུལ་པ་མི་མངའ་ནའང་ཀུན་རིག་རྩ་བའི་དཀྱིལ་འཁོར། གཙུག་དགུ །འཆི་བདག་འཇོམས་པ་མ་གཏོགས་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་ལྷག་མ་རྣམས་དང་མཁའ་འགྲོ་རྒྱ་མཚོའི་དབང་མི་བཞེད་པ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
གིས་བྱས་ཀྱི་མཁན་ཆེན་ཞི་བ་འཚོས་མཛད་པ་ནི་མ་ཡིན་ནོ་ཞེས་ཐག་བཅད། ཤཱི་ལ་བྷ་དྲ། སྟག་ཚང་པ། ཤཱཀ་མཆོག་པ་གསུམ་གྱི་ཡིག་ཆར་མདོ་རྒྱས་བསྡུས་གཉིས་ཀྱི་འཕྲོས་ཙམ་ཡང་མི་འདུག་ཅིང་ཤོམས་དང་སྙིང་རྗེ་སེམས་བསྐྱེད་ཀྱི་སྐོར་རྒྱས་པ་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་སོགས་ལྷ་ཀླུ་སྤྱན་འདྲེན་གྱི་ཚིགས་བཅད་སྐོར་དེ་བཞིན་གཤེགས་པ་བདུན་གྱི་ས…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
ལྷ་རྣམས་སྔོ་གྲངས་སུ་བྱས་པར་འགའ་ཞིག་ལ་ལྷ་བསྐྱེད་དམ་སྙམ་པའི་ལོག་རྟོག་འབྱུང་སྲིད་མོད། དེ་ནི་སོ་སོའི་སྟན་བཤམས་པ་ལྷ་རྣམས་སྤྱན་དྲངས་པའི་ཚེ་དེ་བཞིན་དུ་འགྲུབ་པའི་སྨོན་ལམ་ཡིན་ལ། སྤྱན་འདྲེན་ལུགས་ཀྱང་ཤཱཀ་མཆོག་པས། །མ་ག་དྷ་བཟང་མོའི་རྟོགས་བརྗོད་དཔེར་མཛད་པ་རྣམ་དཔྱོད་ཀྱི་རྩལ་ཡིན་ཅིང་ཆོས་དཀོན་མཆོག་ལ་ལུང་རྟོགས་གཉིས་ལ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
པའི་རྒྱུན་མ་འབྱམས་པའི་ངེས་པ་མི་འདུག །རྗེ་སྟག་ཚང་པས། ཕོ་བྲང་དུ་གྲགས་པ་མང་པོའི་དར་ཤམ་གྱི་ཙཀ་ལི་ལ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒོ་དང་སྒོ་ཁྱུད་དྲྭ་ཕྱེད་སོགས་བྱས་པའང་མི་འཐད་དེ་མདོའི་ཁུངས་མེད་ལ། རྒྱུད་ཀྱི་ཁུངས་རྣམས་དང་སྐབས་མ་འབྲེལ་བའི་ཕྱིར་རོ། །ཞེས་པའི་གསུང་ལ་དཔགས་ན་མདོ་ནས་བཤད་པའི་དཀྱིལ་འཁོར་མ་གྲུབ་པའི་རིགས…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
བྷཻ་ཥ་ཛྱེ་མདོ་དང་ཆོ་གར་མེད་གསུང་བ་བདེན་ཀྱང་ལྷན་ཐབས་ཅུང་ཟད་དགོས་པ་ཁ་འཕངས་པའི་མི་གསལ་བས་གཟུངས་འདི་ཡང་མཁན་པོའི་དགོངས་པར་དོན་གྱིས་འགྲོ་བར་བརྟེན་མཁས་པ་རྣམས་ཀྱིས་སྦྱར་བ་ཡིན་ཅིང་། མ་རིག་མུན་སེལ་མདོ་ཆོག་ན་མེད་གསུང་ནའང་བསྟན་འགྱུར་ཁུངས་བཙུན་པར་ཡོངས་གྲགས་ཀྱི་ཆོ་གར་འདུག་པས་དཔེ་མ་དག་པ་ཞིག་གཟིགས་པ་འདྲ། ཆོ་གར་གདུག…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
མེད་ཀྱི་ཞིང་གི་བཀོད་པ་ཞེས་པ་ནས་ལེགས་པར་བརྒྱན་པའི་ས་གཞི་ལ་ཞེས་པའི་བར་ཕལ་ཆེར་མདོར་དངོས་སུ་སྣང་ལ། གཞལ་ཡས་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་ཞེས་པ་ནས་སྨོན་པ་མེད་པ་ནས་འཇུག་པ། ཞེས་པའི་བར་མདོར་མི་སྣང་ཡང་ཐོགས་མེད་ཀྱི་ཐེག་བསྡུས་ལས་བྱུང་བ་བཞིན་བསྣན། ཞིང་ཁམས་དེ་དང་དེ་དག་གི་དབུས་ན་གཞལ་ཡས་ཁང་མཚན་ཉིད་ཚང་བ་…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
ཆོ་ག་བྱེད་པར་འདོད་པས་ལུས་ལེགས་པར་བཀྲུས་ལ་གོས་བཟང་པོ་དྲི་མ་མེད་པ་བགོ་ཞིང་ཁ་ཟས་གཙང་མ་བཟའ་བར་བྱ། །སེམས་ཉོན་མོངས་པ་ལ་སོགས་པའི་དྲི་མ་མེད་པར་བྱས་ཏེ། དཀོན་མཆོག་གི་ཡོན་ཏན་དང་མདོ་སྡེའི་ཕན་ཡོན་ལ་ཡིད་ཆེས་ཤིང་དད་པ་དང་གུས་པ་བསྐྱེད། ཚད་མེད་བཞི་བསྒོམ། ཁྱིམ་པ་ཡིན་ན་བསྙེན་གནས་ཀྱི་ཁྲིམས་བཟུང་། དུས་བཟང་པོ་ཆོས་བརྒྱད་ལྟ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
ཁང་བྲི་བ་ལ་སྔགས་ནས་བྱུང་བའི་ཐིག་ཚོན་གྱི་ཆོ་ག་མི་དགོས་ཀྱང་ཚད་མི་འཕྱུགས་པའི་ཕྱིར་དུ་ཐིག་ཆེན་བརྒྱད་ནས་སྒོ་ཁྱུད་ཀྱི་བར་གདབ། ཚོན་བཀྱེ་ལུགས་རྟ་བབས་སོགས་སྤངས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པའི་དབུས་སུ་ལྷ་སྣམ་དཀར་པོ་གྲུ་བཞི་པ། དེའི་ཕྱི་རོལ་ཏུ་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་བའི་ལྷ་སྣམ་གྲུ་བཞི་པ་གཉིས་བྱས་ལ།…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
དང་གཡོན་མཉམ་གཞག་ཅན། ནུབ་ཏུ་མྱ་ངན་མེད་མཆོག་དམར་སྐྱ་ཕྱག་གཉིས་མཉམ་གཞག་ཅན། བྱང་དུ་མཚན་ལེགས་སེར་པོ་གཡས་མི་འཇིགས་པ་དང་གཡོན་མཉམ་གཞག་ཅན། བྱང་ཤར་དུ་སྨན་བླ་སྔོན་པོ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་ཨ་རུ་ར་དང་གཡོན་མཉམ་གཞག་སྟེང་ན་ལྷུང་བཟེད་ཅན། ཤར་ལྷོར་གསེར་བཟང་སེར་པོ་ཕྱག་གཉིས་ཆོས་འཆད་ཅན། ལྷོ་ནུབ་ཏུ་ཆོས་བསྒྲགས་དཀར་དམར…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
འཇོམས་པའི་བློ་གྲོས་དཀར་པོ་དབྱུག་པ། ནུབ་བྱང་གི་གྲྭར་བསམ་པ་ལེགས་པར་སེམས་པ་དཀར་པོ་བུམ་པ། བྱང་དུ་ལྷུན་པོ་བརྩེགས་དཀར་པོ་ཟླ་ཕྱེད་ཀྱིས་མཚན་པའི་པདྨའི་སྡོང་བུ། སང་སང་པོའི་དབྱངས་སྔོ་སྐྱ་ཨུཏྤ་ལ་རིན་པོ་ཆེ་འབར་བ་དང་རྡོ་རྗེས་སྤྲས་པ། ལྷུན་པོ་རྩེ་འཛིན་རྒྱལ་པོ་སེར་པོ་རིན་པོ་ཆེའི་སྙེ་མ། བཅུ་གཅིག་པོ་རྣམས་གཡས་པས་རང་རང་…