Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 437 of 500
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པའི་མཚན་རྣ་ལམ་དུ་གྲག་ཅིང་རྗེས་སུ་དྲན་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག །འདི་ནས་ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པར་གྱུར་ཏེ་བདག་ཅི་འདྲ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བར་གྱུར་ཅིག །ལུས་ཀྱི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དཔག་གིས་མི་ལངས་བ་དག་ལྷམ་མེ་ལྷན་ནེ་ལྷང་ངེར་གྱུར་ཅིག །ལུས་ནོར་བུ་རིན་པོ་ཆེ་བཻཌཱུཪྻ་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
ངན་པ་དང་དབང་པོ་མ་ཚང་བ་དང་མདོག་མི་སྡུག་པ་དང་བེམ་པོ་དང་ཡན་ལག་སྐྱོན་ཅན་དང་རྒུར་བོ་དང་ཤ་བཀྲ་ཅན་དང་ཞར་བ་དང་ལོང་བ་དང་འོན་པ་དང་སྨྱོན་པ་དང་ལུས་ལ་ནད་ཀྱིས་བཏབ་པ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས་ཐམས་ཅད་དབང་པོ་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་གཟིར་བ་…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
སྐོམ་པའི་མེ་རབ་ཏུ་འབར་བ། ཁ་ཟས་འཚོལ་བ་ལ་རབ་ཏུ་བརྩོན་པ་སྡིག་པའི་ལས་བྱེད་པ་དེ་དག་བདག་གིས་ཁ་དོག་དང་དྲི་དང་རོར་ལྡན་པའི་བཟའ་བཏུང་གིས་ཚིམ་པར་བྱས་ཏེ་ཕྱིས་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་འགོད་པར་གྱུར་ཅིག །བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྒྲེན་མོ་བགོ་བ་མེད་པ་དབུལ་བ་སྡུག་བསྔལ་བ་གྲང་བ་དང་ཚ་བ་དང་སྦྲང་བུ་དང་ཤ་སྦྲང་དག་གི…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། སྐབས་འདིར་མཆོད་པ་ཅི་འབྱོར་པ་དབུལ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་མཚན་ཡིད་ལ་དྲན་ཞིང་ལན་བདུན་བརྗོད་དེ་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། སྟོན་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བདག་ཅག…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
སརྦ་ཨཀཱ་ལ་མྲྀ་ཏྱུ། ན་པཱ་ར་ཎི། བུདྡྷེ་སུ་བུདྡྷེ། བུདྡྷ་ཨ་དྷི་ཥྛ་ན། རཀྵནྟུ་མེ། སརྦ་དེ་བ་ས་མེ་ཨ་ས་མེ་ས་མནྟྲ་ཧ་རནྟུ། སརྦ་བུདྡྷ་བོ་དྷི་སཏྭ། ཤ་མེ་ཤ་མེ་པྲ་ཤ་མནྡུ་མེ་སརྦ་ཨི་དྱུ་པ་དྲ་བ་བྱཱ་ཏ་ཡཿཔཱུ་ར་ཎེ་པཱུར་ཎེ་པཱུ་ར་ཡ་མེ། སརྦ་ཨཱ་ཤཱ་ཡ། བཻ་ཌཱུཪྻ་པྲ་ཏ་དྷཱ་ས་སརྦ་པཱ་པཾཀྵ་ཡངྐ་རི་སྭཱཧཱ། བཻཌཱུཪྻའི་འོད་ཅེས་བྱ་བའི་གཟུ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་མཛད་ཅིང་སྩོལ་བར་ཅི་གནང་། བཅོམ་ལྡན་མཉམ་མེད་ཤཱཀྱ་ཐུབ་པ་ཡིས། །བཻ་ཌཱུཪྻ་གཟུངས་ཕན་ཡོན་གསུངས་པའི་འབྲས། །མན་སྦྱོར། གཉིས་པ་དམ་པའི་ཆོས་ནི། མ་རིག་མུན་སེལ་སྒྲོན་མེའི་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་། སྡིག་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་བས་པར་འགྱུར་བ་དང་། བདུད་སྡིག་ཅན་གྱིས་མི་བརྫི་བར་འགྱུར་བ་དང་གནོད་པ་དང་མི་བདེ་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་བ་དང་འདོད་དགུའི་རེ་བ་རྫོགས་ཤིང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་བའི་དེ་བཞིན་གཤེགས་པ་བདུན་གྱི་མཚན་དང་སྔ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
གདན་འཛོམ་པ་ལ་ཐུགས་དམ་ལས་གླེངས་ཏེ་བསྐུལ་བ་དང་མདོ་སྡེའི་ཆོ་ག་རྫོགས་པར་བསྐང་བའི་འཕྲིན་ལས་མཛད་དེ། མདོ་སྡེའི་ཕན་ཡོན་ཇི་སྐད་བཀའ་སྩལ་བ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་ཅིང་སྩལ་བར་ཅི་གནང་། འཇམ་དཔལ་གང་གིས་ཟབ་རྒྱས་མདོ་སྡེ་འདི། །ནན་གྱིས་ཞུ་བར་མཛད་པའི་ཕན་ཡོན་འབྲས། མན་སྦྱོ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེ་ལ་སྐྱབས་སུ་མཆི་ཞིང་འདི་འདྲ་བའི་སྦྱོར་བས་མཆོད་པར་བགྱིད་ན། དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱིས་འཚལ་བའི་གནས་དེར་མཆིས་ཏེ་ཡང་ན་ནི་གདུགས་བདུན། ཡང་ན་ནི་གདུགས་ཉི་ཤུ་རྩ་གཅིག །ཡང་ན་ནི་གདུགས་སུམ་ཅུ་རྩ་ལྔ། ཡང་ན་ནི་གདུགས་བཞི་བཅུ་རྩ་དགུ་ལ་དེའི་རྣམ་པར་ཤེས…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
འཁྲུགས་པ་ཞི་བ་ཉེ་བར་གནས་པར་གྱུར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱ། བཙོན་དུ་བཟུང་བ་རྣམས་བཏང་བར་བྱ་ཞིང་གོང་དུ་སྨོས་པ་བཞིན་དུ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་རྒྱལ་པོ་དེ་ལ་དེ་ལྟ་བུའི་མཆོད་པ་བྱས་ན། རྒྱལ་པོ་དེའི་དགེ་བའི་རྩ་བ་དང་བཅོམ་ལྡན་འདས་སྨན…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན་བཟླས། ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་དང་མིག་མི་བཟང་དང་ཀུ་བཻ་ར་ལ་སོགས་པ་དམ་པའི་ཆོས་སྐྱོང་བའི་ལྷའི་དགེ་བསྙེན་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་གསུམ་བཟླས…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
བྱིན་གྱིས་བརླབས་ཀྱིས་བསྲུང་བར་བགྱིའོ། །གྲོང་དང་གྲོང་ཁྱེར་དང་ཕྱོགས་ཀྱང་ཡོངས་སུ་བསྐྱང་བར་བགྱིའོ། །འཆི་བ་དང་དགྲ་དང་དགོན་པའི་གནོད་པ་དང་ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །བདག་ཅག་ནི་དེ་བཞིན་གཤེགས་པ་དང་སེམས་ཅན་ཐམས་ཅད་ལ་བྱམས་པ། བྱས་པ་གཟོ་བ་ལགས་ཏེ་དུས་མ་ལགས་པར་འགུམ་པ་ཐམས་ཅད་བཟློག་པར་བགྱིའོ། །འཐབ་པ་དང་འཐབ་མོ་དང་ར…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་དག་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མཧཱ་བཛྲེ་བཛྲ་པཱ་ཤ་དྷ་ར་ཎཱི། ས་མ་ས་མ། ས་མནྟ། ཨ་པྲ་ཏི་ཧ་ཏ་བཛྲེ་། ཤ་མ་ཤ་མ། པྲ་ཤ་མནྟུ་སརྦ་བྱཱ་དྷ་ཡ། ཀུ་རུ་ཀུ་རུ་སརྦ་ཀརྨཱ་ཎི་ས་མ་ཡ་མ་ནུ་སྨ་ར་བྷ་ག་བ་ན། བཛྲ་པཱ་ཎི། སརྦྦ་ཤ་མེ་པ་རི་པཱུ་ར་ཡེ་སྭཱཧཱ། བ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
ཚད་མར་གྱུར་པས་ཞལ་གྱིས་བཞེས་པ་བཞིན་དུ། དེང་འདིར་ཡང་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་བཞུགས་ཏེ་མཆོད་པ་བཞེས་ཤིང་གདན་འཛོམ་པས་མདོ་སྡེའི་ཆོ་ག་ཡོངས་སུ་རྫོགས་པར་བསྐང་བའི་འཕྲིན་ལས་མཛད་དེ་ཕན་ཡོན་ཇི་སྐད་བཀའ་སྩལ་བ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་པར་ཅི་གནང་། ལྷག་པར…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
སྦྱོར་བ་ངན་པ་བགྱིས་པ་རྣམས་ཀྱང་འཇིག་ཅིང་འདོར་དུ་སྩལ། སླན་ཆད་ཀྱང་གནོད་པའི་བག་ཅི་ཡང་མི་བགྱིད་པར་སོ་སོའི་རིགས་ཀྱི་བྲོ་དམ་པོས་བསྒག་ཅིང་གདན་འཛོམ་པའི་སྤྱན་སྔར་དམ་ཚིག་ཆེན་པོ་སྩལ་བའི་འཕྲིན་ལས་མཛད་པར་ཅི་གནང་། གསང་བདག་ལ་སོགས་རྣམས་ཀྱིས་དམ་བཅས་ཤིང་། །གཟུངས་སྩལ་ཕྱག་རྡོར་སྒྲུབ་ཐབས་བསྟན་པའི་འབྲས། །ཞེས་པ་ནས། ཁྱད་པར་…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
སྡེ་དཔོན་ཆེན་པོ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་སྦྱིན་བདག་གི་བར་ཆད་ཞི་བའི་འཕྲིན་ལས་མཛོད་ཅིག །མཐུ་དཔལ་དང་ལྡན་པའི་དགེ་བསྙེན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་པོ་རེ་རེ་ལ་གཡོག་འཁོར་གནོད་སྦྱིན་བདུན་འབུམ་བདུན་འབུམ་དང་བཅས་པ་རྣམས་དགོངས་སུ་གསོལ། ཇི་ལྟར་སྔོན་གདན་འཛོམ་པའི་སྤྱན་…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
སྡེའི་ཆོ་ག་ཡོངས་སུ་རྫོགས་པར་བསྐང་བའི་འཕྲིན་ལས་མཛད་དེ་ཕན་ཡོན་ཇི་སྐད་བཀའ་སྩལ་པ་ཐམས་ཅད་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་བརླབ་པར་ཅི་གནང་། ལྷག་པར་ཡང་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་བའི་མདོ་ལ་སོགས་པ་གསུང་རབ་དམ་པའི་ཆོས་ཡུན་རིང་དུ་རྒྱས་པར་བགྱི་བ་དང་། སྒོ་ཐམས་ཅད་…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
སོའི་རིགས་ཀྱི་བྲོ་དམ་པོས་དགག་ཅིང་གདན་འཛོམ་པའི་སྤྱན་སྔར་དམ་ཚིག་ཆེན་པོ་སྩལ་བའི་འཕྲིན་ལས་མཛད་པར་ཅི་གནང་། གནོད་སྦྱིན་རྣམས་ཀྱིས་བདེན་མཐོང་མདོ་འདི་ཉིད། །བསྲུང་བར་དམ་བཅས་མཛད་པ་ཇི་བཞིན་འབྲས། །སོགས་ཕྱག་རྡོར་ལྟར་སྦྱོར། གཞི་བདག་ལ་གཏོར་མ་བསྔོ་བ་ནི། མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་སའི་ལ…
GLG012
· ངག་དབང་བློ་བཟང་རྒྱ་མཚོ།
བདེར་གཤེགས་བདུན་གྱི་མཆོད་པའི་ཆོག་བསྒྲིགས་ཡིད་བཞིན་དབང་རྒྱལ།
ལྟར་ལ། མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གི་མཐོང་ཐོས་དྲན་པའི་དཔལ་གྱུར་པའི། །སྟོན་པ་མཚན་ལེགས་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་དང་པདྨས་རབ་བརྒྱན་ཅིང་། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་བའི། །སྒྲ་དབྱངས་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །…