Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 469 of 500
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > སྦྱོར་བའི་མཚན་ཉིད་བཤད་པ།
      གཞན་དོན་སྒྲུབ་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པའི་སྦྱོར་བ་རྣམས་སོ། །མཚོན་ཚུལ་ནི། སྤྱིའི་དབང་དུ་བྱས་ན། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་མཚན་གཞི། ལམ་ཤེར་གྱི་རྣལ་འབྱོར་དུ་མཚོན། རང་གི་ཐོབ་བྱར་གྱུར་པའི་འབྲས་བུ་ཤེར་ཕྱིན་ཐོབ་བྱེད་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་ཡིན་པ་ཞེས་སོ། །བྱེ་…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > སྦྱོར་བའི་མཚན་ཉིད་བཤད་པ།
      ལས་ཁྱད་པར་དུ་འཕགས་པའི་སྦྱོར་བར་མཚོན། བསམ་མི་ཁྱབ་སོགས་ཀྱིས་ཁྱད་པར་དུ་བྱས་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་མཚན་གཞི། གཞན་དོན་སྒྲུབ་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པའི་སྦྱོར་བར་མཚོན། ཕན་བདེ་སྐྱོབ་སོགས་ཀྱི་བྱེད་ལས་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའི་རྣལ…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > སྦྱོར་བའི་མཚན་ཉིད་བཤད་པ།
      འགྲེལ་པ་གསུམ་ལས་དང་པོ་ནི། ཤེས་བྱ་ཆོས་ཅན། རེ་ཞིག་ཐམས་ཅད་ཤེས་པ་ཉིད་ཀྱི་སྒོ་ནས་གཞི་ཤེས་སྦྱོར་བ་འཆད་ཚུལ་ཡོད་དེ། དེ་ལ་ཐམས་ཅད་ཤེས་པའི་མཚན་ཉིད་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་དབྱེ་བས་ཐ་དད་པ་ལ་བརྟེན་ནས་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > སྦྱོར་བའི་མཚན་ཉིད་བཤད་པ།
      ལུས་ཞིག་པ་ན་སེམས་ཀྱང་ཞིག་པར་ཐལ། འདོད་པའི་ཕྱིར། འདོད་ན། སྐྱེ་བ་ཕྱི་མ་མེད་པར་ཐལ་ལོ། ཁ་ཅིག །བདག་དང་འཇིག་རྟེན་རྟག་པར་ལྟ་བ། མི་རྟག་པར་ལྟ་བ། གཉིས་ཀར་ལྟ་བ། གཉིས་ཀ་མ་ཡིན་པར་ལྟ་བ་བཞི། སྔོན་གྱི་མཐའ་ལ་བརྟེན་པའི་ལུང་མ་བསྟན་གྱི་ལྟ་བ་ཡིན་ཟེར་ན། བདག་དང་འཇིག་རྟེན་མི་རྟག་པར་ལྟ་བའི་ལྟ་བ་ཆོས་ཅན། ཁྱོད་ལུང་མ་བསྟན་གྱི་ལྟ…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > སྦྱོར་བའི་མཚན་ཉིད་བཤད་པ།
      བ། མཐའ་དང་མི་ལྡན་པའི་དེར་ལྟ་བ། གཉིས་ཀ་ཡིན་པའི་དེར་ལྟ་བ། གཉིས་ཀ་མ་ཡིན་པའི་དེར་ལྟ་བ་བཞི་ཕྱི་མའི་མཐའ་ལ་བརྟེན་པ་དང་། གྲོངས་ཕན་ཆད་འབྱུང་བའི་དེ་བཞིན་གཤེགས་པ་དེར་ལྟ་བ། མི་འབྱུང་བའི་དེ་དེར་ལྟ་བ། གཉིས་ཀ་ཡིན་པའི་དེ་དེར་ལྟ་བ་གཉིས་ཀ་མ་ཡིན་པའི་དེ་དེར་ལྟ་བ་བཞི་མྱང་འདས་ཀྱི་མཐའ་ལ་བརྟེན་པ་དང་། ལུས་དང་གང་ཟག་གི་བདག་གི…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > སྦྱོར་བའི་མཚན་ཉིད་བཤད་པ།
      གི་བདག་མེད་ལ་སེམས་བསྡུས་པ་ཤེས་པ་དང་། དེ་ལས་སེམས་རྣམ་པར་གཡེང་བ་ཤེས་པ་དང་། ནམ་མཁའ་ལྟར་སེམས་མི་ཟད་པའི་རྣམ་པར་ཤེས་པ་དང་། སེམས་འདོད་ཆགས་དང་བཅས་པ་ཤེས་པ་དང་། ཞེ་སྡང་དང་གཏི་མུག་དང་བཅས་པ་ཤེས་པ་དང་། རྩ་བའི་སོགས་ཞེས་པ་སྒྲས་བསྡུས་པ། སེམས་འདོད་ཆགས་དང་བྲལ་བ་སོགས་ཤེས་པ། སེམས་ཀྱི་གནས་ལུགས་རྒྱ་ཆེན་པོ་ཤེས་པ། ཐ་སྙད་དུ…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > སྦྱོར་བའི་མཚན་ཉིད་བཤད་པ།
      དུ་ཡོད་དེ། ཚ་རེག་གིས་མེ་མཚོན་པ་ཇི་ལྟ་བ་བཞིན་དུ་མཚོན་པའི་ཕྱིར། ཤེས་བྱ་ཆོས་ཅན། བཅུ་དྲུག་པོ་ཡོད་དེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། དོན་དམ་པར་སྐྱེ་བ་དང་འགག་པ་མེད་པ་དང་། རྩ་བའི་སོགས་ཞེས་པའི་སྒྲས་བསྡུས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། སྤང་བྱའི་དངོས་པོ་མེད་པ་དང་། བདེན་…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > སྦྱོར་བའི་མཚན་ཉིད་བཤད་པ།
      མངོན་པར་བརྟེན་ནས་མཐོང་ཆོས་ལ་བདེ་བར་གནས་པ་དང་། དགེ་བའི་བཤེས་གཉེན་ལ་གུས་པར་བྱ་བ་དང་། བཀའ་ལས་མི་འདའ་བར་བླ་མར་བྱ་བ་དང་། རྙེད་བཀུར་གྱིས་མཉེས་པར་བྱ་བ་དང་། མཆོད་པ་དང་། དེ་བྱེད་པ་པོ་དོན་དམ་པར་མེད་པ་ཉིད་དང་། ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་དུ་འགྲོ་བ་སྟེ་ཁྱབ་པ་དང་། དོན་དམ་པར་མ་མཐོང་བའི་དོན་གནས་ལུགས་ཀྱི་དོན་དུ་སྟོན་…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > སྦྱོར་བའི་མཚན་ཉིད་བཤད་པ།
      གཉིས་པ་ནི། ཤེས་བྱ་ཆོས་ཅན། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་སོགས་ཁྱད་པར་གྱི་མཚན་ཉིད་བཤད་པ་ཡིན་ཏེ། ཉན་རང་གི་སྦྱོར་བ་ལས་ཁྱད་ཞུགས་པར་མཚོན་པའི་བདེན་པའི་སྤྱོད་ཡུལ་ཅན་སྐད་ཅིག་མ་བཅུ་དྲུག་གིས་ཁྱད་པར་དུ་འཕགས་པའི་ཕྱིར། གསུམ་པ་ནི་ཤེས་བྱ་ཆོས་ཅན། ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཐུགས་སུ་ཆུད་པ་དང་། མི་མཉམ་པ་ལ་སོགས་ཁྱད་པར་གྱིས་ཁ…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > སྦྱོར་བའི་མཚན་ཉིད་བཤད་པ།
      པར་ཁྱད་ཞུགས་སོ། །གང་གི་སྒོ་ནས་མཚོན་ན། གོ་རིམ་བཞིན་དུ་སྡུག་བསྔལ་ལ་སོགས་པའི་བདེན་པ་སྐད་ཅིག་མ་བཅུ་དྲུག་པོ་རྣམས་ཀྱིས་ཁྱད་པར་འཕགས་སོ། །དེ་ཡང་དབྱེ་ན་བཅུ་དྲུག་ཡོད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པས་ལེགས་པར་ཡོངས་སུ་བཟུང་བའི་ཤེས་རབ་ཀྱི་སྟོབས་ཀྱིས་སྡུག་བསྔལ་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཉིད་ཐུགས་སུ་ཆུད…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > སྦྱོར་བའི་མཚན་ཉིད་བཤད་པ།
      ཀྱིས་ཡོངས་སུ་བཟུང་བ་དང་། ཆོས་གང་ལ་བདེན་པར་མངོན་པར་ཞེན་པའི་རོ་མྱང་བ་མེད་པ་དང་བཅུ་དྲུག་གི་བདག་ཉིད་ཅེས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཁྱད་ཞུགས་པའི་ཉན་རང་དེ་དག་གི་ལམ་འདིར་དངོས་སུ་མ་བཤད་པའི་རྒྱུ་མཚན་ཡོད་དེ། ཉན་རང་གི་ལམ་ནི་ཇི་སྐད་བཤད་པའི་ཁྱད་པར་དང་བྲལ་བའི་སྒོ་ནས་བདེན་པར་མངོན་པར་ཞེན་པ…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > སྦྱོར་བའི་མཚན་ཉིད་བཤད་པ།
      བཅད་པ་རྣམས་ཀྱི་བྱེད་པ་གང་ཡིན་ཞེ་ན། ཡོད་དེ། བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་ཀྱིས་བྱེད་པའི་མཚན་ཉིད་སྟོན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྦྱོར་བ་བཅུ་གཅིག་གི་ངོ་བོ་འདི་ནི་འཆད་ཚུལ་ཡོད་དེ། ཕན་དང་བདེ་དང་ཞེས་སོགས་ཀྱིས་འཆད་པའི་ཕྱིར། གསུམ་པ་ནི། བྱེད་ལས་གསུམ་ཡོད་དེ། འགྲོ་ཀུན་བདེ་བ་ལ་འགོད་པ་མེད་པ་མ་འོངས་པའི་…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > སྦྱོར་བའི་མཚན་ཉིད་བཤད་པ།
      བསྡུས་པའི་སེམས་དཔའི་ཡེ་ཤེས་དག་གིས་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚོན་པར་བྱེད་པས་ན་བྱེད་པའི་མཚན་ཉིད་ཡིན་ཏེ། སྔར་བཤད་ཟིན་པ་དེའི་ཕྱིར། བཞི་པ་ངོ་བོ་ཉིད་ཀྱི་མཚན་ཉིད་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། བྱེད་པའི་མཚན་ཉིད་ཀྱིས་མཁྱེན་གསུམ་སྦྱོར་བའི་བྱེད་ལས་ཤེས་པར་བྱས་པ་རྣ…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > ཐེག་ཆེན་གྱི་ཐར་པ་ཆ་མཐུན་བཤད་པ།
      ཐེག་ཆེན་གྱི་ཐར་པ་ཆ་མཐུན་བཤད་པ། གཉིས་པ་ཐར་པ་ཆ་མཐུན་ནས་བཟུང་སྟེ་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པ་ལ་གསུམ། བསྐལ་པ་གྲངས་མེད་གསུམ་ནས་འཚང་རྒྱ་བའི་ལམ་
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > ཐེག་ཆེན་གྱི་ཐར་པ་ཆ་མཐུན་བཤད་པ།
      གྱི་ཐོག་མ་བཤད་པའི་སྒོ་ནས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ངོས་གཟུང་བ། རྒྱུད་སྨིན་བྱེད་ཀྱི་ལམ་སྐྱེ་བའི་རིམ་པ། དེ་ལ་བརྟེན་ནས་མངོན་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་རིམ་པ་བཤད་པའོ། །དང་པོ་ལ། ལམ་སྤྱིའི་མཚན་ཉིད་དང་། ལམ་གྱི་ཆིངས་ལྔར་བསྡུས་ནས་དེ་ལ་མཁས་པའི་གདུལ་བྱ་ངོས་བཟུང་བའོ། །དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེ…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > ཐེག་ཆེན་གྱི་ཐར་པ་ཆ་མཐུན་བཤད་པ།
      འདོད་ན། མ་ཡིན་པར་ཐལ། ཐེག་དམན་གྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར། ཁ་ཅིག །དད་སོགས་ཡུལ་ལྔ་ལ་མཁས་པའི་སེམས་དཔའི་ཆོས་མངོན་རྟོགས་དེ། ཐེག་ཆེན་ཚོགས་ལམ་གྱི་མཚན་ཉིད་ཟེར་ན། བདེན་འཛིན་གྱིས་བཅིངས་པའི་ཐེག་ཆེན་གྱི་ཚོགས་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > ཐེག་ཆེན་གྱི་ཐར་པ་ཆ་མཐུན་བཤད་པ།
      ཁ་ཅིག །ཐེག་ཆེན་རིགས་ངེས་ཀྱི་གང་ཟག་ཡིན་ན། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་པས་ཁྱབ་ཟེར་ན། རྒྱན་རྩོམ་པ་པོའི་རྗེ་བཙུན་བྱམས་མགོན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས། ཁ་ཅིག །མངོན་རྟོགས་རྒྱན་གྱི་ཆེད་དུ་བྱའི་གདུལ་བྱ་ཡིན་ན། བྱང་ཆུབ་སེམས་དཔའ་ཡིན་པས་ཁྱབ་ཟེར་ན། ཡུམ་མཁྱེན་གསུམ་ལ་དང་བའི་དད་པ། དེ་ལས་དོན་གཉེར་…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > ཐེག་ཆེན་གྱི་ཐར་པ་ཆ་མཐུན་བཤད་པ།
      སྐྱེ་ཡིན་པས་ཁྱབ་ཟེར་ན། འཕགས་པ་ཐོགས་མེད་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་དེ་ལ་གཙོ་བོར་དགོངས་ནས་གསུངས་པའི་ཕྱིར། དེར་ཐལ། དེའི་དོན་དུ་བཅོམ་ལྡན་འདས་འཕགས་པ་བྱམས་པ་མཉེས་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་མཛད་ཅེས་གསུངས་པའི་ཕྱིར། ཁ་…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > ཐེག་ཆེན་གྱི་ཐར་པ་ཆ་མཐུན་བཤད་པ།
      དུ་བྱ་བའི་གདུལ་བྱ་བྱང་འཕགས་མེད་པར་ཐལ། ས་དང་པོ་ཐོབ་ནས་རྒྱན་ལ་མ་ལྟོས་པར་སངས་རྒྱས་གྲངས་མེད་ལ་གདམས་ངག་ཉན་ནུས་པའི་ཕྱིར་ན་མ་ཁྱབ། དེར་ཐལ། དང་པོ་ཐོབ་ནས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འཐོབ་པའི་ཕྱིར། གསུམ་པ་ནི། སྟོང་ཉིད་རྟོགས་པའི་བྱང་སེམས་གྱི་ཚོགས་ལམ་ཆོས་ཅན། ཁྱོད་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པའི་སྦྱོར་བ་སྟོན…
      GLG013 · ངག་དབང་བློ་བཟང་རྒྱ་མཚོ།
      སྐབས་བཞི་པའི་ཚིག་དོན་མཐའ་དཔྱོད། > ཐེག་ཆེན་གྱི་ཐར་པ་ཆ་མཐུན་བཤད་པ།
      རྣམ་པ་ཐམས་ཅད་དུ་ཤེས་པའི་ཤེས་རབ་སྟེ་བྱང་སེམས་ཚོགས་ལམ་པའི་ཡོན་ཏན་གསུམ་དང་། སྔར་བསྟན་པ་གཉིས་ཏེ་རྣམ་པ་ལྔ་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། དེ་འདྲའི་གདུལ་བྱ་ལ་དབང་པོའི་རིམ་པ་གཉིས་ཡོད་དེ། རྣོན་པོ་ཡིས་རྫོགས་པའི་བྱང་ཆུབ་རྟོགས་སླ་ཞིང་། རྟུལ་པོས་རྟོགས་དཀའ་བར་བཞེད་པའི་ཕྱིར། གསུམ་པ་འགྲེལ་པ་ལ། ཡུལ་ལྔ་ལ་མཁས…