Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 486 of 500
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > སོ་ཐར་སྡོམ་པའི་ཁྱད་ཆོས་བཤད་པ།
རྩ་བའི་ས་བཅད་གསུམ་པ་ཁྱད་ཆོས་ལ། ལྡན་ཚུལ། ཐོབ་ཚུལ། གཏོང་ཚུལ། བསླབ་བྱ། ཕན་ཡོན་དང་ལྔ་ལས། དང་པོ་ནི། སྤྱིར་མི་མ་ཡིན་པ་དང་སྒྲ་མི་སྙན་པ་དང་ཟ་མ་དང་མ་ནིང་མ་ཡིན་པར་ལྡན། བྱེ་བྲག་དགེ་ཚུལ་སློང་དགེ་བསྙེན་ཕ་མ་བསྙེན་གནས་པ་བརྒྱད་ལ་ལྡན། ཐོབ་ཚུལ་ལ་རྒྱུ་གང་ལས་ཐོབ་ན་སྤྱིར་ཆོ་ག་ལ་བརྟེན་ནས་ཐོབ་པ་དང་། ཆོ་ག་ལ་བལྟོས་མེད་དུ་རང…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > སོ་ཐར་སྡོམ་པའི་ཁྱད་ཆོས་བཤད་པ།
དགོས་པའི་ཕྱིར། གཏོང་ཚུལ་ལ། སྤྱིར་བཏང་དང་། རྩ་ལྟུང་སྡོམ་པའི་གཏོང་རྒྱུ་ཡིན་མིན་དཔྱད་པ་གཉིས། དང་པོ་ནི། བསླབ་པ་ཕུལ་བས་གཏོང་སྟེ། སྡོམ་པའི་མི་མཐུན་ཕྱོགས་ཁས་བླངས་པའི་ཕྱིར། ཤི་འཕོས་པས་གཏོང་སྟེ། ཁས་བླངས་པ་དུས་ལས་འདས་པའི་ཕྱིར། མཚན་གཉིས་ཅིག་ཅར་དུ་བྱུང་བ་དང་མཚན་ལན་གསུམ་དུ་གྱུར་པས་གཏོང་སྟེ། སྡོམ་པའི་རྟེན་ཉམས་པའི…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > རྩ་ལྟུང་སྡོམ་པའི་གཏོང་རྒྱུ་ཡིན་མིན་ལ་དཔྱད་པ།
གཉིས་པ་རྩ་ལྟུང་སྡོམ་པའི་གཏོང་རྒྱུ་ཡིན་མིན་དཔྱད་པ་ལ། སེམས་ཙམ་པ་ཡན་ཆད་ཀྱི་ལུགས། མདོ་སྡེ་བའི་ལུགས། བྱེ་སྨྲའི་ལུགས་དང་གསུམ་གྱི་དང་པོ་ནི། དགེ་སློང་གིས་གཞི་བསམ་སྦྱོར་བ་མཐར་ཐུག་གིས་ཡན་ལག་ཚང་བའི་སྒོ་ནས་རྩ་བའི་ལྟུང་བ་སྤྱད་ན་ཕམ་པར་འགྱུར་ཞིང་། དེ་ལ་འཆབ་བཅས་འཆབ་མེད་གཉིས་པོ་གང་བྱུང་ཡང་སྣོད་ཆུས་བཤལ་བ་བཞིན་དུ་སྡོམ…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > རྩ་ལྟུང་སྡོམ་པའི་གཏོང་རྒྱུ་ཡིན་མིན་ལ་དཔྱད་པ།
སློང་དུ་མི་རུང་སོགས་ཀྱི་ལུང་འདྲེན། གཉིས་པ་མདོ་སྡེ་བའི་ལུགས་ལ། རྩ་བའི་ལྟུང་བ་ལ་འཆབ་བཅས་འཆབ་མེད་གཉིས་སུ་ཡོད་ཅིང་། དགེ་སློང་ལ་འཆབ་མེད་བྱུང་བའི་ཚེ་སྡོམ་པ་ཡང་མི་སྟོང་ལ་ཕམ་པ་ཡང་མ་བྱུང་སྟེ། ཕམ་པ་ལ་ངེས་པར་འཆབ་སེམས་ཡན་ལག་ཏུ་དགོས་པའི་ཕྱིར། ལུང་ལས་གལ་ཏེ་སེམས་ནི་གཅིག་གིས་ཀྱང་། །འཆབ་པ་མེད་པར་འཆགས་བྱེད་ན། །ཐ་མ་བྱ…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > རྩ་ལྟུང་སྡོམ་པའི་གཏོང་རྒྱུ་ཡིན་མིན་ལ་དཔྱད་པ།
ལ་གནས་སྐབས་སུ་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་ཏུ་གནས་ནས་ཆོས་དང་ཟང་ཟིང་ལོངས་སྤྱོད་པ་དང་། མཐར་ཐུག་ནི་དགོས་པ་ཚེ་འདིར་དགེ་བའི་བྱ་བ་ལ་བརྩོན་པ་བྱས་པ་ལ་བརྟེན་ནས་བྱང་ཆུབ་ཐོབ་ནུས་པའི་སྐལ་བ་ཡོད་པའི་ཕྱིར། རྩ་ལྟུང་འཆབ་བཅས་ཀྱིས་དགོས་པ་བསྒྲུབ་ནུས་པ་ལས་ཀྱང་ཉམས་ཏེ། དེ་ལ་གནས་སྐབས་མཐར་ཐུག་གི་དགོས་པ་དེ་གཉ…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཁྱིམ་པའི་ཕྱོགས་སུ་གཏོགས་པའི་སོ་ཐར་སྡོམ་པའི་བསླབ་བྱ་སོགས་བཤད་པ།
གཉིས་པ་སོ་སོར་བཤད་པ་ལ། ཁྱིམ་པའི་ཕྱོགས་སུ་གཏོགས་པའི་སོ་ཐར་སྡོམ་པའི་བསླབ་བྱ་དང་། རབ་བྱུང་གི་ཕྱོགས་སུ་གཏོགས་པའི་དེ་གཉིས། དང་པོ་ལ། དགེ་བསྙེན་དང་། བསྙེན་(༦༡ན)
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཁྱིམ་པའི་ཕྱོགས་སུ་གཏོགས་པའི་སོ་ཐར་སྡོམ་པའི་བསླབ་བྱ་སོགས་བཤད་པ།
གནས་ཀྱི་བསླབ་བྱ་གཉིས། དང་པོ་ལ། བྱེ་བྲག་ཏུ་སྨྲ་བའི་དང་། ཐེག་པ་ཆེན་པོའི་ལུགས་གཉིས། དང་པོ་ནི། དགེ་བསྙེན་གྱི་བསླབ་བྱ་བསྡུ་ན། སྐྱབས་གསུམ་འཛིན་པའི་དང་། ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་བསླབ་བྱ་གཉིས་སུ་འདུས། དང་པོ་ནི། སྒྲུབ་པའི་སྒོ་ནས་དཀོན་ཅོག་གསུམ་ལ་ཡིད་ཆེས་ཀྱི་དད་པ་ལྡན་པས་སྐྱབས་སུ་འགྲོ་བ་དང་། དགག་པའི་སྒོ་ནས་…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཁྱིམ་པའི་ཕྱོགས་སུ་གཏོགས་པའི་སོ་ཐར་སྡོམ་པའི་བསླབ་བྱ་སོགས་བཤད་པ།
བའི་ཆེད་ཡིན་པའི་ཕྱིར། མཛོད་ལས། བསླབ་པ་ཐམས་ཅད་འདས་གྱུར་ན། །བརྫུན་དུ་ཐལ་བར་འགྱུར་བའི་ཕྱིར། ཞེས་སོ། །བསླབ་པ་ལྷག་མ་རྣམས་རྫོགས་པར་བྱེད་པའི་ཡན་ལག་ཏུ་མྱོས་འགྱུར་སྤོང་དགོས་པ་ཡིན་ཏེ། མྱོས་འགྱུར་བཏུངས་བ་ན་དྲན་པ་ཉམས་ནས་སེམས་བག་མེད་པར་འགྱུར་ཏེ་ཉེས་པ་གཞན་ལ་སྦྱོར་བར་བྱེད་པའི་ཕྱིར། མཛོད་ལས། བཅས་པའི་ཁ་ན་མ་ཐོ་བ། །མྱ…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཁྱིམ་པའི་ཕྱོགས་སུ་གཏོགས་པའི་སོ་ཐར་སྡོམ་པའི་བསླབ་བྱ་སོགས་བཤད་པ།
མལ་ཆེ་མཐོ་དང་བརྒྱད་སྤོང་པ་ལ་དགོས་ཏེ། བཤེས་སྤྲིང་ལས། འཚེ་དང་ཆོམ་རྐུན་འཁྲིག་པ་རྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང་། །མལ་སྟན་མཐོ་ལ་དགའ་དང་གླུ་དག་དང་། །གར་དང་འཕྲེང་བའི་ཁྱད་པར་རྣམས་སྤོངས་ཤིང་། །ཞེས་པ་ལྟར་རོ། །དེ་དག་ཀྱང་བསྡུ་ན། ཚུལ་ཁྲིམས་ཀྱི། བག་ཡོད་ཀྱི། བརྟུལ་ཞུགས་ཀྱི་ཡན་ལག་དང་གསུམ་དུ་འདུས། རྩ་བ་བཞི…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་བཤད་པ།
ཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་ནི། དཀོན་ཅོག་གསུམ་ལ་སྐྱབས་སུ་འགྲོ་བ། མཁན་སློབ་ལ་གུས་པར་བྱེད་པ། ཁྱིམ་པའི་རྟགས་སྤོང་བ། རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་པ་བཞི་ལ་གཙོ་བོར་སློབ་དགོས་ཏེ། བར་མ་(༦༣ན)
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་བཤད་པ།
རབ་བྱུང་གི་སྐབས་སུ་བཞི་པོ་འདི་ལ་སློབ་པར་ཁས་བླངས་པའི་ཕྱིར། གཉིས་པ་དགེ་སློང་ཕའི་བསླབ་བྱ་ལ། ཕམ་པ་བཞི་ལྷག་མ་བཅུ་གསུམ་མ་ངེས་པ་གཉིས་སྤང་ལྟུང་སུམ་ཅུ་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་སོ་སོར་བཤགས་པ་བྱ་བ་བཞི་ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་ལ་སློབ་བོ། །ལྔ་པ་ཕན་ཡོན་ལ། སྤྱིར་བསྟན་པ་དང་། བ…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་བཤད་པ།
ངུས་འགྲུབ་པ། གནས་སྐབས་དང་མཐར་ཐུག་གི་སྨོན་ལམ་འགྲུབ་པ་དང་བཅུ། ཞེས་གསུངས་པའི་དོན་གལ་ཆེ་བའི་རགས་རིམ་རྣམས་བཀོད་པ་ཡིན་ནོ། །གོང་གི་སྡོམ་པ་གཏོང་རྒྱུ་དང་ཕྱོགས་མཐུན་པ་འདུལ་བ་རྒྱ་མཚོའི་སྙིང་པོ་ལས། སྡོམ་པ་གཏོང་བའི་རྒྱུ་ལ་གཉིས། །བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་བྱུང་དང་ལན་གསུམ་འགྱུར། །དགེ་རྩ་ཆད་རྣམས་ཐུན་མོང་…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་བཤད་པ།
འཆབ་བཅས་བྱུང་བ་གསོ་མི་རུང་བ་མ་ཡིན་ཏེ། དེ་ལྟར་དབང་བཞི་གཞན་ལས་ནོས་པའམ་རང་གིས་བདག་འཇུག་བླངས་པའི་ཚེ་དབང་གསུམ་པའི་དུས་ཡེ་བརྒྱ་ལ་བརྟེན་ནས་ཀྱང་དབབ་ལྡོག་གི་བདེ་བ་ཉམས་སུ་མྱོང་བས་ཀྱང་སྡོམ་པ་འཇིག་པ་སོགས་ཀྱི་སྒྲུབ་བྱེད་མང་དུ་མཛད་པས་མཚོན། གོང་མའི་གསུང་རབ་ལ་གཅེས་པར་འཛིན་པ་ཕལ་ཆེར་དགོངས་པ་མཐུན། པཎ་ཆེན་ཤཱཀྱ་མཆོག་ལྡན…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་བཤད་པ།
གསལ་བྱེད་ལས། ཆོ་ག་ཉན་ཐོས་ལུགས་བཞིན་བྱས་པའི་ཐེག་ཆེན་དགེ་སློང་གི་སྡོམ་པ་ཆོས་ཅན། ཁྱོད་ཤི་འཕོས་ཀྱང་མི་གཏོང་བར་ཐལ། ཁྱོད་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་པ་གང་ཞིག །བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །སེམས་ལས་སྐྱེ་ཕྱིར་གཟུགས་ཅན་མིན། །དེས་ན་ཇི་སྲིད་སེམས་མ་ཉམས། །དེ་ཡི་བར་དུ་སྡོམ་པ་ཡོད། །ཅེས་གོང་དུ་བཤད་ཟིན་པའི་ཕྱིར་སྙམ…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་བཤད་པ།
བར་ཐེག་པ་ཆེན་པོའི་ལུགས་འདིར་ཤེས་པ་ཡིན་གྱི། གཟུགས་ཅན་མ་ཡིན་པས་སླར་ཡང་སྡོམ་པ་བླངས་པས་སྐྱེ་བ་ནི་བདག་ཉིད་ཆེན་པོ་ས་པཎ་ནས་བཟུང་ས་སྐྱ་པའི་འདུལ་འཛིན་མཐའ་དག་ཕྱག་ལེན་ལ་མཛད་པ་ཡིན་ནོ། །དོན་འདི་དང་མཐུན་པར་ས་བཟང་མ་ཏི་པཎ་ཆེན་གྱི་འདུལ་བའི་ལས་ཆོག་ལས། དེ་ལྟར་སྦྱོར་བ་དང་། དངོས་གཞི་གཉིས་ཀྱིས་ཁྱེད་ཀྱི་རྒྱུད་ལ་བསྙེན་པར་ར…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་བཤད་པ།
ཆེ་ཆུང་གི་ཁྱད་པར་ཡིན་ནོ། །གནད་འདི་ནི་ཁོ་བོའི་མཁན་པོ་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་འཇམ་དབྱངས་དབང་ཕྱུག་དཔལ་བཟང་གི་གསུང་རྒྱུན་ལས་བྱུང་བ་འདིར་བྲིས་པའོ། །ཞེས་དང་། རིགས་འཛིན་སྡོམ་པའི་སྐབས་སུ་དབང་བཞི་བླངས་པ་དེ་ཡི་རྟེན་གྱི་གང་ཟག་སློབ་མ་དེ་སྡོམ་པ་སུམ་ལྡན་དུ་གྱུར་པ་ཡིན་ཏེ། སྔར་སྡོམ་པ་འོག་མ་གཉིས…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་བཤད་པ།
དང་བྱང་སྡོམ་གཉིས་ནི་གུད་དུ་བླངས་ཀྱང་རུང་མ་བླངས་ཀྱང་རུང་དབང་གི་སྔོན་དུ་སྟ་གོན་ཀྱི་སྐབས་སུ་འབྱུང་བ་ཡིན་ནོ། །ཞེས་དང་། གནད་དེ་དག་ཐུགས་ལ་བཞག་ནས་ཁ་སྐོང་ལས། སྡོམ་གསུམ་ལྡན་པས་འབྲས་བུ་མཆོག །འགྲུབ་ཅིང་སྡོམ་གསུམ་དེ་ཉིད་ཀྱང་། །རང་རང་ཆོ་གས་རིམ་བཞིན་དུ། །བླངས་སམ་དབང་བསྐུར་ཆོ་ག་ལས། །གསུམ་ཆར་ཐོབ་པ་ཉིད་ཀྱང་རུང་། །སུ…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་བཤད་པ།
མཐའ་དེ་ཙམ་དུ་ཟད་པས་མཐའ་ཡོད་ན་ཡང་བླང་དུ་ཡོད་པས་མཐའ་མེད་ཅེས་པ་ཡིན་པའི་ཕྱིར་རོ། །ཞེས་དང་། འོ་ན་སྨོན་སེམས་དང་མ་བྲལ་ན་བཅོས་སུ་ཡོད་པ་དང་བྲལ་ན་བཅོས་སུ་མེད་པའི་ཁྱད་པར་འོང་བ་ཅི་ཞེ་ན། སོ་ཐར་གྱི་སྡོམ་ལྡན་གང་ཡང་རུང་བ་ལ་རྩ་ལྟུང་བྱུང་བ་ཕྱིར་བླང་དུ་ཡོད་ན་ཁྱད་པར་དེ་དོན་མེད་ཀྱང་དེ་ནི་མ་ཡིན་ཏེ། འདི་ལྟར་བྱང་སེམས་སོ་ཐར…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་བཤད་པ།
པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཚོགས་ལམ་ཆུང་ངུ་ཐོབ། ཚོགས་ལམ་འབྲིང་དུ་སླེབས་པ་དང་སྨོན་སེམས་དེ་འཇུག་སེམས་སུ་གནས་འགྱུར་བའི་ཚུལ་གྱིས་འཇུག་སེམས་སྐྱེས་པ་ཡོད། ཡང་འཇུག་སྡོམ་ལེན་མ་མྱོང་བ་ཞིག་གིས་སྨོན་སེམས་བསྐྱེད་ནས་ཚོགས་ལམ་ལ་བཞུགས། ཚོགས་ལམ་འབྲིང་དུ་སླེབས་པ་དང་འཇུག་པའི་སེམས་བསྐྱེད། འབྲིང་གིས་ཐ་མར་འཇུག་སྡོམ་བ…
GLG014
· ངག་དབང་བློ་བཟང་རྒྱ་མཚོ།
བསྟན་པའི་རྩ་བ་རབ་བྱུང་དང་ཁྱིམ་པ་ལ་ཕན་གདགས་པའི་ཆོ་ག་མཐའ་དཔྱོད་དང་བཅས་པ་འཁྲུལ་སྤོང་རྣམ་རྒྱལ་གསེར་མདོག > ཞར་ལ་བར་མ་རབ་བྱུང་གི་བསླབ་བྱ་བཤད་པ།
ན་བྱང་སྡོམ་གྱི་བསླབ་བྱ་རྣམས་ཉན་ཏེ་ཕྱིན་དྲུག་སོགས་ལ་བསླབ་པའི་ཕན་ཡོན་མ་བསླབས་པའི་ཉེས་དམིགས་རྩ་ལྟུང་དང་ཉེས་བྱས་སོགས་ལེགས་པར་ཤེས་ནས་བླང་དོར། དེ་ལ་སྤྲོ་བ་ཤུགས་དྲག་པོ་བཅོས་མ་མ་ཡིན་པ་སྐྱེས་པ་དང་། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་སྲོལ་གཅིག་ཏུ་འདྲེས་པའི་རྒྱལ་སྲས་ཀྱི་སྡོམ་པ་ཆོ་གའི་སྒོ་ནས་འབོགས་དགོས་པ་ཤིང་རྟ་ཆེན་པོ…