Author
About 40% of texts have an author recorded — this list will grow as more are attributed.
306 results
— page 14 of 16
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
རྫོགས་ཆེན་ལྟ་མགུར་གྱི་འགྲེལ་བ།
འདས་ཡེ་ཤེས་ཤིག་ཡིན་ན་ལེགས་ཏེ། །མཛུབ་མོ་འཛུག་ས་དེ་ཅི་ཞིག་ཡིན་ཨང་། །ཕྱི་དོན་ཆུང་ཆད་དུ་དགག་པ་མིན་པས། །དོན་སྨྲ་སྡེ་གཉིས་རྣམས་དགྱེས་དགྱེས་མཛོད་ཅིག །རང་བཞིན་སྟོངན་ཡང་མཁྱེན་ཆ་འཐད་པས། །རྣམ་རིག་སྨྲ་བ་རྣམས་དགྱེས་དགྱེས་མཛོད་ཅིག །སྤྲོས་དང་བྲལན་ཡང་སྣང་ཚུལ་བཀྲ་བས། ཤར་གསུམ་མཁན་པོ་ཀུན་དགྱེས་དགྱེས་མཛོད་ཅིག །ཡོད་ཀྱང་…
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
རྫོགས་ཆེན་ལྟ་མགུར་གྱི་འགྲེལ་བ།
སྟེ་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་སྙིང་ལ་བསྒྱུར་བའི་ཚེ། ཨ་ལ་ལ་ཞེས་ཤིན་ཏུ་ངོ་མཚར་ཏེ་ཟབ་གསང་རྫོགས་པ་ཆེན་པོའི་གནས་ལུགས་རྗེན་པར་སྟོན་པའི་ཚིག་རྣམས་གབ་སྦས་མེད་པར་གང་ཤར་ཐོལ་བྱུང་གི་ཚུལ་དུ་ལྷུག་པར་སྨྲས་སོ་གསུངས། གཉིས་པ་ནི། ཞེས་པ་རྩོལ་བྲལ་རང་བྱུང་གི་རིག་པ་མངོན་སུམ་ངོ་ཤེས་ཀྱི་ལྟ་བའི་ཉམས་གླུ་སྒྲ་སྙན་གྱི་རོལ་མོ་ཞེས་…
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
རྫོགས་ཆེན་ལྟ་མགུར་གྱི་འགྲེལ་བ།
རྩོལ་བྲལ་ཨ་ཏིའི་ལྟ་བ་མཆོག་ལ་ལྷག་པར་མོས་པའི་མི་ཕམ་བློ་གྲོས་དྲི་མེད་ཅེས་བྱ་བས་མཁས་གྲུབ་བྱེ་བའི་བསྟི་གནས་རྫོང་གསར་བཀྲ་ཤིས་ལྷ་རྩེར་སྦྱར་བ་མངྒ་ལམ་སྟེ་བཀྲ་ཤིས་གསུངས། དེ་ཡན་ཆད་ཀྱིས་གཞུང་དོན་ཆ་ཚང་བར་ལེགས་པར་བཀྲལ་ཟིན་ཏོ། །སླར་སྨྲས་པ། ལྟ་ངན་སྙིགས་ལྔའི་མུན་པ་འཁྲིགས་པ་ན། །སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་རྒྱ་མཚོ་ལས…
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
རྫོགས་ཆེན་ལྟ་མགུར་གྱི་འགྲེལ་བ།
རིག་འཛིན་ཞལ་རླངས་ཐོ་ལེ་བ། །དད་བསོད་གསེར་གྱི་ཡོལ་གོར་བསྐྱིལ་འདི་འོ། །མཚོན་བྱ་ཟབ་དོན་འོད་གསལ་གཉུག་མའི་གཤིས། །རིག་སྟོང་ཟུང་འཇུག་ལྷུན་མཉམ་ཁྱབ་བརྡལ་ཆེ། །གཟོད་ནས་བྲི་གང་བྲལ་བ་འཇམ་པའི་དབྱངས། །རང་ཞལ་མཇལ་རྣམས་ཡིད་ཆེས་ཁོང་ནས་རྙེད། །འདི་འདྲའི་ཚིག་ཟུར་ཙམ་ཡང་ཐོས་པ་ཡི། །སྐལ་ལྡན་དགའ་བའི་འཁྲི་ཤིང་གཡོ་བ་གང་། །སྟོང་ག…
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
རྫོགས་ཆེན་ལྟ་མགུར་གྱི་འགྲེལ་བ།
ལུང་དང་བསྟུན་ཏེ། །མཚན་ལྡན་བླ་མས་རྗེས་སུ་བཟུང་བའི་དྲིན། །མི་གཙང་འདམ་རྫབ་ཁྲོད་ན་ནོར་བུ་བཞིན། །འོན་ཀྱང་ཤིན་ཏུ་བརླིང་བའི་རྡོ་རྗེའི་ཚིག །ཟབ་གསང་དགོངས་པའི་དོན་ལ་མ་འབྱོར་བའི། །ཉེས་འགལ་གང་མཆིས་རང་བློའི་སྐྱོན་དུ་ཟད། །བླ་མ་མཆོག་དང་རྩ་གསུམ་ལྷ་ལ་བཤགས། །ལེགས་བྱས་དགེ་བའི་སྟོན་ཟླ་གསར་པའི་གཟིས། །འགྲོ་བློའི་རྨོངས་པའ…
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
རྫོགས་ཆེན་ལྟ་མགུར་གྱི་འགྲེལ་བ།
གསུང་མི་འགྱུར་སེང་གེའི་སྒྲ་ཆེན་པོས། །དུས་མཐའི་ལྟ་ངན་སྡེ་ཚོགས་འཇོམས་པ་དང་། །བཀྲ་ཤིས་རྟག་པ་དམ་པའི་འཆི་མེད་ལམ། །འོད་གསལ་ཉི་མས་རྨོངས་མུན་ཀུན་བསལ་ནས། །ཕན་བདེའི་སྣང་བ་འདོད་རྒུར་སྦྱིན་གྱུར་ཅིག །ཅེས་པའང་དྭགས་རྙིང་ཡོངས་ཀྱི་བསྟན་སྲོག་གཅིག་པུར་གྱུར་པ་༧སྐྱབས་རྗེ་རོལ་རྡོ་མཆོག་སྤྲུལ་རིན་པོ་ཆེའི་མདུན་ནས་བཀྲ་ཤིས་པའ…
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
རྫོགས་ཆེན་ལྟ་མགུར་གྱི་འགྲེལ་བ།
དུས་རྒྱལ་བསྟན་གསལ་བའི་ཉིན་བྱེད་འགྲན་ཟླ་དང་བྲལ་བ། རིགས་བདག་མཚུངས་པ་མེད་པ་༧འཇམ་མགོན་རིན་པོ་ཆེ་རྣམ་གཉིས་དང་། མཁན་ཆེན་རྡོ་རྗེ་འཆང་མཚན་བརྗོད་པར་དཀའ་བ་མཁྱེན་བརྩེ་བློ་གྲོས་དང་། ཨོ་རྒྱན་བསྟན་འཕེལ་བཅས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་སྐལ་བཟང་དུ་ཐོབ་པ་ཕྱོགས་མེད་རིས་མེད་ཀྱི་དོན་ལ་རྩེ་གཅིག་ཏུ་སྨོན་པའི་ཨཀཱ་ར་ཤི་ལའི…
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
ངེས་དོན་དབུ་མའི་གྲུབ་མཐའ།
༄༅། །ངེས་དོན་དབུ་མ་ཆེན་པོའི་གཏམ་གཙོ་བོར་བརྗོད་པའི་གྲུབ་མཐའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
ངེས་དོན་དབུ་མའི་གྲུབ་མཐའ།
༄༅། །མཐའ་བརྒྱད་སྤྲོས་པ་བྲལ་བའི་སྟོང་པ་ཆེ། །ཡང་དག་ཚད་མའི་ལམ་ནས་འདོམས་མཁས་པ། །འགྲོ་རྣམས་ཕན་བདེའི་ས་ལ་རབ་སྦྱོར་བའི། །དྲིན་ཆེན་དཔལ་ལྡན་བླ་མར་ཕྱག་བགྱི་འོ། །དེ་ལ་འདིར་གྲུབ་མཐའི་རྣམ་བཞག་མདོར་བསྡུས་ཙམ་བརྗོད་པ་ལས། སྤྱིར་གྲུབ་མཐའ་ཐམས་ཅད་རང་རང་གི་རིགས་པའི་
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
ངེས་དོན་དབུ་མའི་གྲུབ་མཐའ།
ལམ་ནས་གྲུབ་དོན་མཐར་ཐུག་ཅིག་ལ་གྲུབ་མཐའི་འཇོག་མཚམས་བྱས་པ་ཐམས་ཅད་འདྲ་ལ། དེ་ལའང་ལུང་རིགས་ལྟར་སྣང་གི་སྒོ་ནས་མངོན་རློམ་དང་བཅས་ཏེ་བདག་དང་གཙོ་བོ་སོགས་ཆེས་ཆེར་སྒྲུབ་ཅིང་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པའི་ལྟ་བ་ངན་པའི་མུ་ལ་ལམ་སྟེགས་སུ་
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
ངེས་དོན་དབུ་མའི་གྲུབ་མཐའ།
གྲུབ་མཐའ་དང་ནང་པ་སངས་རྒྱས་པའི་གྲུབ་མཐའ་གཉིས་ཡོད། དང་པོ་ཕྱི་རོལ་མུ་སྟེགས་པ་ལ་ཡང་། ལྟ་ལོག་སུམ་བརྒྱ་དྲུག་ཅུ། ལྟ་ངན་དྲུག་ཅུ་རྩ་གཉིས། སྡེ་ཚན་བཅུ་གཅིག་སོགས་དབྱེ་སྒོ་མང་ཡང་བསྡུ་ན་ཏརྐ་ཞེས་རྟོག་གེ་སྟེ་ཚུར་མཐོང་འཁོར་བའི་དོན་ལ་དཔྱོད་པའི་རྟོག་གེ་སྡེ་ལྔའམ་ཏརྐ་སྡེ་ལྔའི་ཁོངས་སུ་འདུ་ལ། གང་ཞེ་
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
ངེས་དོན་དབུ་མའི་གྲུབ་མཐའ།
ན། གྲངས་ཅན་པ། བྱེ་བྲག་པ། གཅེར་བུ་པ། དཔྱོད་པ་བ། རྒྱང་འཕེན་པ་དང་ལྔའོ། །དེ་ཡང་བསྡུ་ན་རྟག་ཆད་གཉིས་སུ་འདུ་སྟེ། སྔ་མ་བཞི་རྟག་པར་སྨྲ་བ་དང་། ཕྱི་མ་རྒྱང་ཕེན་པ་ཆད་པར་སྨྲ་བའོ། །དོན་ལ་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་དེ་དག་གིས་བདེན་གཉིས་ཀྱི་རྣམ་བཞག་སོགས་ཅི་སྨྲས་ཀྱང་དངོས་
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
ངེས་དོན་དབུ་མའི་གྲུབ་མཐའ།
འཛིན་ཞིག་ལ་བརྟེན་ནས་འཇོག་པ་ཡིན་པས་ཐར་པའི་ལམ་ཡང་དག་པ་མེད་དོ། །གཉིས་པ་ནང་པ་སངས་རྒྱས་པའི་གྲུབ་མཐའ་དེ་ལ། རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཐེག་པ་དང་། འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པ་དང་གཉིས་ལས། དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལའང་བཞི་སྟེ། ཐེག་དམན་བྱེ་མདོ་གཉིས་དང་། ཐེག་ཆེན་དབུ་སེམས་གཉིས་སོ། །ཐེག་དམན་བྱེ…
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
ངེས་དོན་དབུ་མའི་གྲུབ་མཐའ།
ཐམས་ཅད་ཆ་མེད་གཉིས་ཀྱིས་བསྐྱེད་པས། སྣང་བ་འདི་ཐམས་ཅད་གཞི་མེད་དུ་མི་འགྱུར་བ་ཆ་མེད་ཀྱི་རང་བཞིན་དུ་ཁས་བླངས་པས་ལྟ་བ་གང་ཟག་གི་བདག་མེད་པའི་སྟོང་ཉིད་རྟོགས་ཀྱང་། ཕྲ་བ་ཆ་མེད་གཉིས་དོན་དམ་བདེན་གྲུབ་ཏུ་འདོད་པར་སོང་བས་ཆོས་ཀྱི་བདག་མེད་མ་རྟོགས་ཤིང་ཕྱི་དོན་ཡོད་པར་སྨྲ་བས་དོན་སྨྲ་སྡེ་གཉིས་ཞེས་གྲགས་ལ། འདི་གཉིསཀྱིས་ཁམས་ག…
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
ངེས་དོན་དབུ་མའི་གྲུབ་མཐའ།
གཉིས་ལས། སེམས་ཙམ་པ་རྣམས་ནི་མདོ་སྡེ་ས་བཅུ་པ་དང་། ལང་ཀར་གཤེགས་པ་ལ་སོགས་པའི་རྗེས་སུ་འབྲངས་ནས་གང་སྣང་བ་སྣ་ཚོགས་པ་ཐམས་ཅད་སེམས་ཀྱི་རོལ་པ་ཙམ་ལས་གཞན་ཕྱི་དོན་བེམ་པོའི་ཆོས་སུ་མ་གྲུབ་པར་འདོད་པས་སེམས་ཙམ་པ་ཟེར། དེ་ལའང་རྣམ་པ་ཐམས་ཅད་སེམས་ཙམ་དུ་བདེན་པར་འདོད་པའི་རྣམ་པ་བདེན་པ་དང་། རྣམ་པ་ཐམས་ཅད་ཕྱི་ནང་གང་དུའང་མ་གྲུབ་པ…
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
ངེས་དོན་དབུ་མའི་གྲུབ་མཐའ།
སྟོང་པའི་ཆ་ལ་ཡོངས་གྲུབ་ཏུ་འདོད། ཀུན་བཏགས་ཀུན་རྫོབ་དང་། གཞན་དབང་གནས་སྣང་གཉིས་སུ་ཕྱེས་པས་སྣང་ཚུལ་དབང་བཙན་དུ་བྱས་ན་ཀུན་རྫོབ་དང་། གནས་ཚུལ་དབང་བཙན་དུ་བྱས་ན་དོན་དམ་དུ་བསྡུ་ལ། ཡོངས་གྲུབ་མཐའ་གཅིག་ཏུ་དོན་དམ་དུ་ཁས་བླངས་ནས་ཤེས་བྱ་ཐམས་ཅད་བདག་མེད་པར་འདོད་ཀྱང་། འཁོར་འདས་ཀྱི་སྣང་བ་སྣ་ཚོགས་པ་འདིའི་སྣང་གཞི་ཤེས་པ་རང་…
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
ངེས་དོན་དབུ་མའི་གྲུབ་མཐའ།
མའི་སློབ་དཔོན་དཔལ་སྦས་སོགས་ཀྱིས་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་དང་། ཐ་སྙད་སྣང་ཙམ་དུ་ཁས་བླངས་ནས་སྣང་སྟོང་གཉིས་ཀྱང་གཞི་གཅིག་གི་སྟེང་ན་ངོ་བོ་ཐ་དད་པའི་ཚུལ་གྱིས་འབྲལ་མི་ཤེས་པར་འདོད། སྒྱུ་མ་རིགས་གྲུབ་པའི་སློབ་དཔོན་རྒྱ་མཚོའི་སྤྲིན་སོགས་ཀྱིས། བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་གཏན་ལ་ཕབསནས་སྒྲ…
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
ངེས་དོན་དབུ་མའི་གྲུབ་མཐའ།
རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་སུ་ཕྱེས་ནས་སྟོང་ཉིད་དུ་གཏན་ལ་ཕབས། རྣལ་འབྱོར་སྤྱོད་པའི་དབུ་མའི་སློབ་དཔོན་ཞི་བ་འཚོ་ནི་ཐ་སྙད་སེམས་ཙམ་པ་ལྟར་ཞལ་གྱིས་བཞེས་ཤིང་། དོན་ལམ་དབུ་མ་པ་ལྟར་ཆོས་ཐམས་ཅད་གནས་སྐབས་རྣམ་གྲངས་པའི་སྟོང་ཉིད་དུ་བསྟན་ནས་མཐར་ཐུག་རྣམ་གྲངས་མ་ཡིན་པའི་སྟོང་ཉིད་དུ་ལ་བཟླ་བར་མཛད། དེསན་དེ་གཉིས་ཀས་དང་པོ…
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
ངེས་དོན་དབུ་མའི་གྲུབ་མཐའ།
མིན་ལ་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་རྣམ་གྲངས་མིན་པའི་སྟོང་ཉིད་དུ་གཏན་ལ་ཕབས་ནས། ཁས་ལེན་གང་ཡང་མེད་པར་བཞེད་པས་ཐལ་འགྱུར་པ་ཁས་ལེན་མེད་ཅེས་གྲགས། འདི་རང་སྟོང་པ་རྣམས་ཀྱི་ལྟ་བ་མཐར་ཐུག་ཡིན། དེང་སང་འདིའི་གཞུང་ལུགས་རྣམས་ལས་ཁས་ལེན་མེད་པ་སོགས་བྱུང་བའི་ཚིག་ཙམ་ལ་སྐྱབས་སུ་བཟུང་ནས་སྤྲོས་པ་བྲལ་ཙམ་གྱི་སྟོང་རྐྱང་ཧད…
GRW001
· མཁན་ཆེན་གང་ཤར་རང་གྲོལ་དབང་པོ།
ངེས་དོན་དབུ་མའི་གྲུབ་མཐའ།
ཆེན་པོ་རྣམས་ཀྱིས་མགྲིན་གཅིག་ཏུ་གསུངས་པས། རང་སྟོང་པ་རྣམས་ཀྱིས་བློ་གྲོས་གཟུ་བོར་གནས་ཏེ་རང་གིས་འདོད་པའི་ལྟ་བ་དེ་ལ་ལུང་རིགས་ཡང་དག་གི་སྒོ་ནས་སླར་ཡང་ལེགས་པར་དཔྱད་འཚལ། སྤྱིར་དངོས་དང་དངོས་མེད་གང་དུ་ཞེན་ཡང་མཐར་འཛིན་ལས་མ་འདས་མོད། འོན་ཀྱང་བློས་བྱས་ཡིད་དཔྱོད་ཀྱིས་མཐའ་ཐམས་ཅད་བཀག་པའི་མཐའ་དང་བྲལ་ཙམ་གྱི་སྟོང་ཆ་རྐྱང…