Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      6649 results — page 1 of 333
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      དཀར་ཆག
      རྗེ་བཙུན་བླ་མ་དམ་པ་གུང་ཐང་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་གསུང་འབུམ་ཀ་བའི་དཀར་ཆག་བཞུགས་སོ།།
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      དཀར་ཆག
      རྒྱལ་ཀུན་གསང་བ་གསུམ་གྱི་ཕུང་པོ་ནི། །རབ་འབྱམས་དཀྱིལ་འཁོར་བྱེད་པོར་མངོན་བཞེངས་པ། །རྗེ་བཙུན་བླ་མ་མཁྱེན་བརྩེའི་འོད་སྟོང་ཅན། །བདག་བློའི་པད་ཚལ་འདབ་བརྒྱ་བཞད་པར་མཛོད། །འཇིག་རྟེན་གསུམ་ན་དཀོན་པའི་རིན་ཆེན་མཆོག །འཁྲུལ་བྲལ་བསྟན་པའི་སྙིང་པོ་མདོ་སྔགས་ཀྱི། །ལེགས་བཤད་སྒྲོན་མེས་ཐར་ལམ་གསལ་མཛད་པ། །བླ་མ་འཇམ་པའི་དབྱངས་ཞེ…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      དཀར་ཆག
      སྙན་བརྒྱུད་ཀྱི་བསྟན་པའི་བདག་པོར་བཞེངས་ཏེ་འཁོར་ལོ་གསུམ་དང་འབྲེལ་བའི་མཛད་བཟང་གིས་རྒྱལ་བསྟན་འཛིན་ཅིང་སྤེལ་བ་ལ་འགྲན་པའི་ཟླ་དང་བྲལ་བ་ཁྲི་ཆེན་གུང་ཐང་པའི་སྐུའི་སྐྱེ་ཕྲེང་གསུམ་པ་༧རྗེ་བཙུན་བླ་མ་དམ་པ་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོས་ཕྱི་རབས་ཀྱི་གདུལ་བྱའི་ཆེད་དུ་སྩལ་བའི་བསྟན་བཅོས་གསུང་འབུམ…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      དཀར་ཆག
      མཚོའི་དཀའ་གནད་མདོར་བསྡུས་པ་ནོར་བུའི་ཕྲེང་བ་ལ་གྲངས། ༤༥ ཆོས་མངོན་པ་མཛོད་ཀྱི་བསྡུས་དོན་ཆོས་མངོན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ལ་གྲངས། ༤༣ དཀར་ཆག་ལ་གྲངས། ༢ བཅས་ཁྱོན་ཤོག་གྲངས། ༤༥༧ བཞུགས།། དགེའོ།།
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      འཇམ་མགོན་བླ་མར་བསྟོད་པ་དོན་ལྡན་མ།
      ༄༅། །འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པ་ཞེས་བྱ་བ་བཞུགས་སོ། །
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      འཇམ་མགོན་བླ་མར་བསྟོད་པ་དོན་ལྡན་མ།
      གང་ཞིག་བཤད་དང་སྒྲུབ་པ་ཡིས། །རྒྱལ་བའི་དགོངས་པ་བླ་ན་མེད། །སྨྲ་དང་གཟིགས་པའི་མཆོག་གྱུར་པ། །རྟེན་འབྱུང་གསལ་མཛད་དེ་ལ་འདུད། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །ཇི་སྙེད་རྒྱལ་བས་གསུངས་པ་ཀུན། །གང་དུ་གཞོལ་ཞིང་འབབ་པའི་གནས། །རྟེན་ཅིང་འབྲེལ་འབྱུང་འདི་ཁོ་ན། །ཅི་ཕྱིར་ཞེ་ན་འགྲོ་ཀུན་གྱི། །རྒུད་པའི་སྐྱོན་མང་དྲུངས་འབྱིན་…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      འཇམ་མགོན་བླ་མར་བསྟོད་པ་དོན་ལྡན་མ།
      ཅེས་འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པ་ཞེས་བྱ་བ་འདི་ནི། གཞུང་བརྒྱ་སྨྲ་བའི་དབང་ཕྱུག་ཨིལ་གོག་སན་ཨེར་ཏེ་ནི་ཤྲི་རེ་གེ་ཐུ་རྡོ་རམས་པ་ངག་དབང་ཡོན་ཏན་གྱིས་བསྐུལ་བའི་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བཤད་སྒྲུབ་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤི…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟོད་པ་དོན་ལྡན་མའི་འགྲེལ་པ་དེ་ཉིད་སྣང་བ།
      ༄༅། །ཤིཥྚསྱཏཏྭཱལོཀནམམཉྫུནཱཐཛཡདྭིཏཱིཡཾཤཱསནསྱམཎྜདིཔཀརྻྻཏོནཡཱ་ཏྲམྦྷཡསྟོཏྲཱརྠཤྩབཏེཥྚིཀྐཏེབིཧརཏིསྨ།༄༅། །འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པའི་རྒྱ་ཆེར་འགྲེལ་པ་བསྟན་པའི་དེ་ཉིད་སྣང་བ་ཞེས་བྱ་བ་བཞུགས་སོ། །
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟོད་པ་དོན་ལྡན་མའི་འགྲེལ་པ་དེ་ཉིད་སྣང་བ།
      སྒྲིབ་གཉིཾས་གཉིཾས་སྣང་དྲི་མ་ཀུན་སྤངས་ཤིང་། །མཁྱེན་རཾབ་རཾབ་གསལ་ཆོས་ཀུན་དེ་ཉིད་གཟིགས། །གཞན་ཕཾན་ཕཾན་བདེའི་ལམ་བཟང་གསལ་མཛད་པ། །ཐུབ་དབཾང་དབཾང་པོའི་ཏོག་གྱུར་དེ་ལ་འདུད། །མཁའ་ལ་སྣང་བྱེད་ནམ་མཁའི་ནོར་བུ་དང་། །རི་བོའི་འཕྲེང་བའི་དབུས་ན་རི་དབང་བཞིན། །རྒྱལ་བའི་མདུན་ན་ཟླ་བྲལ་རྒྱལ་བའི་སྲས། །སྙིང་སྟོབས་ཆེན་པོའི་ཞབས་ལ…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟོད་པ་དོན་ལྡན་མའི་འགྲེལ་པ་དེ་ཉིད་སྣང་བ།
      དེའང་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཀུན་ལས་རབ་དང་རྩེ་མོར་གྱུར་པ་ཟབ་མོའི་ལྟ་བ་དང་གསང་ཆེན་རྡོ་རྗེ་ཐེག་པ་ཟུང་དུ་འཇུག་པའི་ལམ་བཟང་འཁོར་བ་ཇི་སྲིད་བར་འཇིག་རྟེན་ཀུན་ཏུ་གསལ་བར་བྱེད་པའི་ཐུགས་བསྐྱེད་ཀྱི་གོ་ཆ་བགོས་པ་ན་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་མགྲིན་དབྱངས་གཅིག་གི་སྒོ་ནས་སྙིང་སྟོབས་ཆེན་པོ་ཞེས་ཆེད་དུ་བརྗོད་པས་ཆེ…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟོད་པ་དོན་ལྡན་མའི་འགྲེལ་པ་དེ་ཉིད་སྣང་བ།
      དེས་ན་འདིར་སྐུ་ཚེ་འདི་ཉིད་གཅིག་པུའི་དབང་དུ་བྱས་ཏེ་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་འཆད་པ་ལ་གཉིས། དངོས་ཀྱི་དོན་དང། དེའི་རྗེས་སུ་སློབ་པའི་ཕྱིར་སྨོན་པས་མཚམས་སྦྱོར་བའོ། །དང་པོ་ལའང་མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི། གང་ཞིག་བཤད་དང་སྒྲུབ་པ་ཡིས། །རྒྱལ་བའི་དགོངས་པ་བླ་ན་མེད། །སྨྲ་དང་གཟིགས་པ…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟོད་པ་དོན་ལྡན་མའི་འགྲེལ་པ་དེ་ཉིད་སྣང་བ།
      དེ་ལྟར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱས་ན་གཅིག་གི་གེགས་གཅིག་གིས་བསལ། གཅིག་གི་གྲོགས་སུ་གཅིག་འགྲོ་བས་ཡོན་ཏན་མཐའ་དག་མཚོ་ནང་གི་པདྨ་བཞིན་དུ་རྒྱས་པར་འགྱུར་ཏེ། མདོ་སྡེ་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་གསུངས་པ་བཞིན་ཕ…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟོད་པ་དོན་ལྡན་མའི་འགྲེལ་པ་དེ་ཉིད་སྣང་བ།
      གཉིས་པ་རྒྱས་པར་བཤད་པ་ལ་གཉིས། བསྟོད་པའི་སྒོ་མཆོག་ཏུ་གྱུར་པ་ངོས་བཟུང་བ་དང་། སྒོ་དེ་ཉིད་ནས་བསྟོད་པའོ། །དང་པོ་ལ་ཡུལ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཡུལ་ཅན་འོད་གསལ་གྱི་ཡེ་ཤེས་དང་བཅས་པ་བསྟན་པའི་སྙིང་པོར་བསྒྲུབ་པ། དེའི་སྒོ་ནས་རྗེ་བླ་མ་བསྟན་འཛིན་ཀུན་གྱི་གཙུག་རྒྱན་དུ་བསྟན་པ། དེས་ན་བསྔགས་པ་བརྗོད་པའི་སྒོའང་འདི་ཉིད་མ…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟོད་པ་དོན་ལྡན་མའི་འགྲེལ་པ་དེ་ཉིད་སྣང་བ།
      གཉིས་པ་དེའི་སྒོ་ནས་རྗེ་བླ་མ་བསྟན་འཛིན་ཀུན་གྱི་གཙུག་རྒྱན་དུ་བསྟན་པ་ནི། དེ་ཕྱིར་རྒྱལ་བ་སྟོན་པ་ཡི། །བསྟན་ལ་འོད་བྱེད་ཉི་མ་དང་། །འགྲོ་བའི་དབུགས་འབྱིན་ཟླ་བ་ཡང་། །མཚུངས་པ་མེད་པ་ཁྱོད་དུ་ངེས། །ཞེས་བྱུང། དེའང་མར་མེས་རང་ཁྱིམ་ཙམ་ཞིག་གསལ་བར་བྱེད་ལ་ཉི་མའི་འོད་ཀྱིས་འཛམ་གླིང་སྣང་བར་བྱེད་པ་བཞིན། གཞུང་ཁོལ་འདོན་རེ་དང་…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟོད་པ་དོན་ལྡན་མའི་འགྲེལ་པ་དེ་ཉིད་སྣང་བ།
      དེ་ལྟར་ན་སྟོང་པ་ཉིད་ཀྱི་ལྟ་བ་གཞིར་བྱས་ཏེ་མི་རྟག་སྡུག་བསྔལ་སོགས་རྟོགས་པའི་ཤེས་རབ་ཀྱི་ཆ་གཞན་རྣམས་དེའི་སྦྱོར་བའི་ཚུལ་གྱིས་བསྡུས་པ་དང་། ཐབས་ཀྱི་ཆ་རྣམས་གྲོགས་ཀྱི་ཚུལ་དུ་བསྡུས་པས་མདོ་ཕྱོགས་སྐྱེས་བུ་གསུམ་གྱི་ལམ་རིམ་ཐམས་ཅད་འདིའི་ཡན་ལག་ཏུ་འདུའོ། །སྔགས་བླ་མེད་ཀྱི་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་བདེ་ཆེན་དེར་ཐབ…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟོད་པ་དོན་ལྡན་མའི་འགྲེལ་པ་དེ་ཉིད་སྣང་བ།
      གསུམ་པ་དེས་ན་བསྔགས་པ་བརྗོད་པའི་སྒོའང་འདི་ཉིད་མཆོག་ཏུ་བསྟན་པ་ནི། ཞི་ལམ་དེ་བཞིན་ཉིད་སྟོན་པའི། །ས་མཁན་རང་བཞིན་བརྗོད་པ་ནི། །ཆོས་ཀྱི་རྗེས་འགྲོ་དད་པའི་སྒོ། །མི་མཉམ་ཆེ་བའི་གཏེར་དུ་ངེས། །ཞེས་བྱུང་། ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་དོན་དུ་གཉེར་བ་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁ…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟོད་པ་དོན་ལྡན་མའི་འགྲེལ་པ་དེ་ཉིད་སྣང་བ།
      གཉིས་པ་སྒོ་དེ་ཉིད་ནས་བསྟོད་པ་ལ་གསུམ། མདོ་ལུགས་ཀྱི་བསྟན་པའི་སྙིང་པོ་གསལ་བར་མཛད་ཚུལ། གསང་སྔགས་ཀྱི་བསྟན་པའི་སྙིང་པོ་གསལ་བར་མཛད་ཚུལ། དེ་ལྟར་མཛད་པའི་དོན་བསྡུ་བའོ། །དང་པོ་ལའང་ལྟ་བ་སྒོམ་པ་སྤྱོད་པ་གསུམ་གྱི་གནད་གསལ་བར་མཛད་ཚུལ་གསུམ་ལས། དང་པོ་ལྟ་བའི་གནད་ལ་ལྟར་སྣང་གི་ལུགས་དགག་པ་དང་། རང་ལུགས་འཐད་ལྡན་བཞག་པ་གཉིས། …
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟོད་པ་དོན་ལྡན་མའི་འགྲེལ་པ་དེ་ཉིད་སྣང་བ།
      དེ་ལྟར་ནའང་རང་རྒྱུད་པ་ཁྱོད་ཀྱིས་ཐ་སྙད་པའི་སྐྱེ་བར་བཏགས་པའི་མྱུག་སོགས་ཀྱི་སྐྱེ་བ་དེ་མཐའ་བཞི་གང་ལས་ཡིན་ཞེས་དཔྱད་དགོས་ཤིང་། དེ་ལྟར་དཔྱད་ན་རྙེད་ཀྱང་དགོས་ཞེས་པའི་དོན་ཡིན་ནོ། །རང་རྒྱུད་པས་བདེན་པར་མེད་ཀྱང་རང་མཚན་གྱིས་གྲུབ་ཅེས་པ་ལ། དཔལ་ལྡན་ཟླ་བས་ཐུན་མོང་མ་ཡིན་པའི་སྐྱོན་བརྗོད་ཚུལ། གལ་ཏེ་རང་གི་མཚན་ཉིད་བརྟེན་ག…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟོད་པ་དོན་ལྡན་མའི་འགྲེལ་པ་དེ་ཉིད་སྣང་བ།
      གསེར་འཕྲེང་དུ་དྲངས་པའི་ལུང་དེ་རྣམས་ཀྱི་དོན་ཕྱིས་ལྟ་བའི་དཔྱད་པ་རྫོགས་ནས་རྩ་ཤེས་ཊཱིཀ་ཆེན་སོགས་སུ་བཀྲལ་ཚུལ་སྔ་མ་དང་ཆེས་མི་འདྲ་བ་འོག་ཏུ་འཆད་དོ། །དེ་ལྟར་སྔ་རབས་པ་རྣམས་དོན་དེ་ཡོད་པར་འཇོག་ཕྱིན་རིགས་ཤེས་ཀྱིས་རྙེད་དགོས་ཤིང་། རྙེད་ན་དེས་དཔྱད་བཟོད་དུ་འགྱུར་དགོས་ལ། དཔྱད་བཟོད་པ་དབུ་མའི་གཞུང་དུ་བཀག་པར་མཐོང་ནས་རང་…
      GTD001 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      བསྟོད་པ་དོན་ལྡན་མའི་འགྲེལ་པ་དེ་ཉིད་སྣང་བ།
      རྒྱུ་འབྲས་རྟེན་འབྱུང་གི་རྣམ་གཞག་དང་རང་བཞིན་མེད་པའི་སྟོང་པ་རྒྱབ་སྤྲོད་དུ་འཛིན་པ་འདི་དབུ་མའི་ཁུངས་གཏུགས་ས་ཐམས་ཅད་དང་འགལ་བ་གོང་དུ་སྟོང་པ་དང་རྟེན་འབྱུང་གཉིས་དབུ་མའི་ལམ་དུ་དོན་གཅིག་པ་སོགས་ཀྱི་རྒྱུ་མཚན་འཕགས་པ་ཡབ་སྲས་ཀྱི་གཞུང་དྲངས་པ་དེ་རྣམས་ལ་བརྟེན་ནས་བློ་གྲོས་ཡོད་ན་རྟོགས་པར་ནུས་མོད། ཆེས་ཤིན་ཏུ་གསལ་བར་མཛད་…