Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      6649 results — page 189 of 333
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      རིམ་ཁྱད་པར་ཅན་གྱི་མས་བརྟན་གྱི་དགའ་བ་དང་པོ་གསུམ་ཡང་སྟོང་པ་ཉིད་ལ་རོ་གཅིག་ཏུ་ཞུགས་ཏེ་ངེས་པ་འདྲེན་ཕུལ་ཆེ་བའི་ཆ་ནས་ལྷན་སྐྱེས་སུ་འགྲོ་བ་དང༌། གནས་སོ་སོར་བདེ་བ་སྐྱེད་ཚུལ་ནང་གསེས་ཀྱི་ཤུགས་ཆེ་ཆུང་མི་འདྲ་བས། དེའི་ཆ་ནས་ལྷན་སྐྱེས་མ་ཡིན་པར་བཞག་པ་མི་འགལ་བར་གསུངས་པ་ཡིན་ནོ། །ལྷན་སྐྱེས་ཀྱི་དོན་ལ་དེ་ལྟར་གཉིས་སུ་བྱེད་ད…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      བྱུང་བ་དག་མཉམ་པར་སྦྱོར་བ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་ཐབས་སུ་གྱུར་པའོ། །ཞེས་དང༌། རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བ་འདི་ལས་མཚོན་པར་འགྱུར། །ཞེས་དང༌། རྗེ་བདག་ཉིད་ཆེན་པོས། ཕྱག་རྒྱ་མཆོག་དང་ཀུན་ཏུ་འདུས་གྱུར་ཏེ། །རྡོ་རྗེ་པདྨ་སྦྱོར་བའི་སྙ…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      རྒྱ་ནི་དོན་དམ་པར་རྒྱུ་དང་བྲལ་བའི་སྐྱེ་མེད་སྟོང་པ་ཉིད་ཡིན་ལ། དེ་འདྲ་བའི་ཤེས་རབ་དང་མཉམ་པར་སྦྱར་བ་ལས་སྐྱེས་པའི་སྙིང་རྗེ་བདེ་བ་ཆེན་པོ་ཉིད་ཐབས་སུ་འགྱུར་རོ། །ཚུལ་འདིས་ནི་རང་བཞིན་ལྷན་སྐྱེས་ཐོབ་པ་ནས་སྟོང་ཉིད་ཀྱིས་བདེ་ཆེན་འདྲེན་པའི་ཕྱག་རྒྱའི་བྱ་བ་བྱེད་པས་ཕྱག་རྒྱ་ཆེན་མོ་ཞེས་གསུངས་པ་དེ་བསྟན་ཏེ། འདི་གོ་ན་བླ་མེད…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      ཤེས་སྐྱེ་བ་ཡང་འཆི་རིམ་བཞིན་དུ་སྐྱེད་དགོས་ཤིང༌། དེ་ལ་སྙིང་གའི་སྡུད་རིམ་གལ་ཆེ་བས། སྡུད་རིམ་གཙོ་བོར་གྱུར་པའི་ཡན་ལག་དྲུག་གི་རྫོགས་རིམ་བཤད་རྒྱུད་གུར་ལས་གསུངས་པ་བཞིན་གྲུབ་ཆེན་མཚོ་སྐྱེས་དང་ཛ་ལན་དྷ་རི་པ་སོགས་ཀྱིས་བཀྲལ་བ་ལྟར་རོ། །དེ་ལྟར་གོང་དུ་བཤད་པ་བཞིན་གྱི་སྒྱུ་ལུས་གྲུབ་པའི་རྣལ་འབྱོར་པ་དེས་དོན་གྱི་འོད་གསལ་…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      ལ། འོད་གསལ་ཡེ་ཤེས་ཀྱི་ངོ་བོའི་ཁྱད་པར་དང༌། བྱེད་ལས་ཀྱི་ཁྱད་པར་གཉིས། དང་པོ་ནི། ནམ་མཁའི་མཐའ་ལྟར་རྒྱ་ཆེ་ཟླ་བའི་མ། །ལྟ་བུར་གཏིང་ཡང་རྫིང་བུ་རྙོག་མེད་ལྟར། །དྭངས་པས་ཆོས་ཚུལ་རྒྱ་མཚོའི་གཟུགས་བརྙན་ཀུན། །ཅིག་ཅར་གསལ་རྫོགས་འཆར་ལ་མཁའ་རླུང་འདྲ། །ཞེས་བྱུང༌། དེ་ལ་དཔེའི་ཁྱད་པར་གསུམ་གྱིས་མཚོན་ནས་བསྟན་ཏེ། དང་པོ་ནམ་མཁའ་ལ…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      དུ་བྱས་ལ། དེ་རྡོ་རྗེ་གསུམ་གྱི་ལྷ་སེམས་དཔའ་གསུམ་བརྩེགས་ཀྱི་ངོ་བོར་བསྒོམ་སྟེ། དེ་ཡང་རིམ་གྱིས་བསྡུས་ནས་འོད་གསལ་དུ་གཞུག་པ་ནི་རྒྱུད་དོན་མན་ངག་གིས་གསལ་བར་བྱས་པའི་བསྒོམ་ཚུལ་ཡིན་པར་གསལ་སྒྲོན་ལས་གསུངས་སོ། །རང་གི་ལུས་སྟོད་སྨད་ནས་རིམ་གྱིས་འོད་གསལ་དུ་འཇུག་པ་ནི་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་གཉིས་ཀ་ལ་འདྲ་ཡང༌། …
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      འགྲོའི་ཚུལ་གྱིས་རྟོགས་པ་ཞེས་ཆོས་ཐམས་ཅད་ཀྱི་སྟེང་ནས་གཏན་ལ་ཕབ་པ་ཡིན་ཀྱང༌། ཆོས་མཆོག་ཐ་མའི་ཚེ་འདིས་སྡུད་རིམ་ལྟ་བུས་སྣོད་བཅུད་ཐམས་ཅད་གསལ་བཏབ་ནས་འོད་གསལ་དུ་འཇུག་པ་དང༌། དེ་དག་སྔོན་དུ་དག་པའི་སྣོད་བཅུད་ཀྱི་རྣམ་པར་བསྒོམ་པའི་ཐབས་མཁས་འདི་ལྟ་བུ་མེད་པས། དམིགས་བྱེད་བློ་ལ་ཤུགས་ཆེ་ཆུང་ཡོད་པར་མ་ཟད་དམིགས་པར་བྱེད་ཚུལ་ག…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      བྱས་པ་རྣམས་རྣམ་གྲངས་སུ་མངོན་པ་ཀུན་བཏུས་ལས་གསུངས་སོ། །ཉོན་མོངས་དང་བྲལ་བ་ཁོ་ན་ལ་སྦྱར་བ་ནི་དོན་གྱི་འོད་གསལ་དང་པོའི་དབང་དུ་བྱས་པ་ཡིན་ལ། དེའི་རྒྱུན་གོམས་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་དང་བྲལ་བ་ནི་མཐར་ཐུག་གི་ས་ལ་ལྟོས་པའི་དྭངས་གསལ་རྙོག་པ་མེད་པའི་དོན་ཡིན་ཏེ། སྔགས་རིམ་ལས། གསལ་བ་ནི་ཉོན་མོངས་པ་མེད་པ་དང༌…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      ཞིག་ཡིན་ཀྱང་སྣང་མཆེད་ཐོབ་གསུམ་ཚུན་ཆད་ཀྱི་སེམས་རགས་པ་ཁོ་ན་ཡིན་ལ། ཡེ་ཤེས་ཆོས་སྐུ་ནི་གཉུག་མ་ལྷན་སྐྱེས་ཀྱི་སེམས་ཉིད་གཉིས་སྣང་གི་སྤྲོས་པ་ཐམས་ཅད་དག་ནས་སྟོང་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པ་ཡིན་པས། གཉུག་མ་དེའི་རིགས་འདྲ་ཐུན་མོང་མ་ཡིན་པའི་རྒྱུར་རགས་པ་གློ་བུར་བའི་སེམས་རྣམས་མི་འགྲོ་བའི་ཕྱིར་ཏེ། སྣང་བ…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      ཅིག་བྱེད་རྐྱེན་བྱས་ཏེ། དག་པའི་སྒྱུ་མའི་སྐུ་གསལ་ལ་རྫོགས་པར་འཆར་བས། གཟུགས་སྐུའི་རྒྱུན་གོང་འཕེལ་དུ་འགྱུར་གྱི། ཆད་པའི་དོགས་པ་མི་དགོས་ཏེ། དཔེར་ན་ནམ་མཁའི་སྤྲིན་སོགས་དྭངས་ཏེ་ཤིན་ཏུ་གསལ་བ་དང༌། གོ་ལའི་རླུང་སོགས་འགོག་མེད་དུ་རྒྱུ་བ་མི་འགལ་ཞིང་དེའི་དབང་གིས་ཉི་ཟླ་སོགས་གསལ་བར་སྣང་བ་བཞིན་ནོ། །ཞེས་སྟོན་པ་ལ་འདིར་ཡང༌…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      ༈ གཉིས་པ་འོད་གསལ་ཡེ་ཤེས་ཀྱི་བྱེད་པའི་ཁྱད་པར་ལ་གཉིས། སྒྲིབ་གཉིས་ཟད་པར་སྤོང་བའི་བྱེད་ལས་དངོས་དང༌། འཕྲོས་དོན་སྤྱོད་པའི་ཁྱད་པར་བསྟན་པའོ། །དང་པོ་ལ་ཡང་སྒྲིབ་གཉིས་སྤངས་པས་སྲིད་མཐའ་འགོག་ཚུལ་དང༌། ཐབས་ལ་མཁས་པའི་དབང་གིས་དེའི་ཤུགས་ལ་ཞི་མཐའ་ཡང་ཁེགས་པའི་ཚུལ་གཉིས། དང་པོ་ནི། ཤེས་དང་ཉོན་མོངས་རྨོངས་བྱེད་མཆུ་རིང་བུང༌།…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      བ་མི་འགལ་ཏེ། མདོ་ལུགས་ལ་ཡང་ལས་ཉོན་གྱི་སྐྱེ་འཆི་དང༌། གོང་མར་འཕེན་བྱེད་ཀྱི་ལས་མི་ཁོམ་པ་བརྒྱད་སོགས་ཐེག་དམན་གྱི་སྒོམ་སྤངས་ཡིན་ཀྱང༌། ཐེག་ཆེན་གྱི་མཐོང་སྤངས་སུ་འགྱུར་བའི་ཕྱིར། རྒྱུད་བླ་མ་ལས། འཕགས་པས་འཆི་དང་རྒ་བ་དང༌། །ན་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      སྒྲིབ་སྤོང་བ་ལ་བསྐལ་པ་གྲངས་མེད་དང༌། སྙིགས་དུས་ཀྱི་ཚེ་ཐུང་གཅིག་གིས་ཁྱད་པར་བྱུང་བ་བཞིན་དུ་ཉོན་སྒྲིབ་ཟད་པར་བྱེད་པ་ལ་ཡང་མྱུར་བུལ་གྱི་ཁྱད་པར་ཤིན་ཏུ་ཆེའོ། །ཞེས་གསུངས་པའི་ཕྱིར། དེ་ནས་ཤེས་སྒྲིབ་རྣམས་རིམ་གྱིས་སྤངས་ཏེ་མཐར་སློབ་པ་མཐའི་དོན་གྱི་འོད་གསལ་དེས་ཤེས་སྒྲིབ་ཕྲ་མོའི་དངོས་གཉེན་བྱས་ནས་ཟད་པར་སྤོང་ཞིང༌། མདོར…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་འགྲོ་བའི་དོན་བྱེད་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་རང་བཞིན་ནོ། །ཞེས་གསུངས་པ་ལྟར། ལྷན་སྐྱེས་ཀྱི་བདེ་བ་ལ་བྱེད་ཀྱི། སེམས་ཅན་སྡུག་བསྔལ་དང་འབྲལ་བར་འདོད་པ་ཐེག་པ་ཐུན་མོང་བའི་སྙིང་རྗེ་དེ་ཙམ་ལ་མི་བྱེད་དེ། འདོད་འཇོ་ལས། སྙིང་རྗེ་ལ་སྤྱིར་གཉིས་ཡོད་ཀྱང༌། འདི་འདྲའི་སྐབས་སུ་སེམས་ཅན…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      བཛྲ་ཤེས་རབ་བརྗོད་པར་བྱ། །ཞེས་ཧེའི་དོན་སྙིང་རྗེ་ཆེན་པོར་གསུངས་པའི་ཐད་ཀྱི་རྣམ་བཤད་ལས། ཀ་རུ་ཎ་ཞེས་པའི་ཀ་ལ་ཐིག་ལེ་བྱིན་པས་ཀཾ་བདེ་བ་དང་རུ་ཎ་འགོག་པ་ལ་འཇུག་ཅིང༌། དེ་ཉིད་ཐུན་མོང་གི་སྙིང་རྗེའི་སྒྲ་དོན་དུ་བྱས་ན་སེམས་ཅན་སྡུག་བསྔལ་བ་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོ་གང་གི་ཐུགས་རྒྱུད་ལ་འཁྲུངས་པའི་ཚེ་ཐུགས་བདེ་བར་གནས་…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      པས་བསམ་པ་བཟང་བ་ཙམ་ཡིན་ལ། ལྷན་སྐྱེས་ཀྱི་བདེ་བས་རླུང་སེམས་ལ་དབང་བསྒྱུར་བའི་སྟོབས་ཀྱིས་ཡེ་ཤེས་རང་ཉིད་ལྷའི་སྐུ་སོགས་གང་ལ་གང་འཚམ་གྱི་སྣོད་བཅུད་དེ་དང་དེའི་རྣམ་པར་ཤར་ནས་སེམས་ཅན་གྱི་དོན་བྱེད་པས་ཡིད་བཞིན་གྱི་ནོར་བུ་ལྟར་བྱེད་ལས་ཕུན་སུམ་ཚོགས་པའི་མཐུ་དང་ལྡན་ལ། ཡེ་ཤེས་འདི་ཉིད་མེད་ན་གཞན་དོན་ཉི་ཚེ་བ་ཙམ་བྱུང་ཡང༌། ས…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      མཐའ་དག་ལ་རེ་རེ་ནས་མ་བསླབ་ཀྱང་འདིས་དེ་དག་ཐམས་ཅད་ཀྱི་དོད་ཐུབ་པར་མ་ཟད་སྟོབས་ཆེ་བས་དུས་ཀྱང་ཡུན་ཐུང་ངུས་འགྲུབ་པའི་ཕྱིར། སམྦྷུ་ཊ་ལས། དེ་ཕྱིར་དེ་རྒྱས་ཅི་ཞིག་བྱ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་འཐོབ་པ། །གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། …
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      ཀྱི་དགོངས་པ་མཐར་ཐུག་ཡིན་ཏེ། འདིའི་བཤད་རྒྱུད་སམྦྷུ་ཊ་ལས། སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་རབ་ཏུ་གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་བྱེད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྡན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟ་འོ། །ཞེས་གསུངས་…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      དབེན་ཐོབ་ནས་སྒྱུ་ལུས་འགྲུབ་པའི་ཕྱིར་དང༌། སྒྱུ་ལུས་གྲུབ་ནས་སློབ་པའི་ཟུང་འཇུག་ཐོབ་པའི་ཕྱིར་དང༌། དེ་ཐོབ་ནས་མཆོག་བསྒྲུབ་པའི་ཕྱིར་སྤྱོད་པ་བྱེད་པ་སྟེ། ལམ་ལ་བོགས་འབྱིན་གྱི་སྤྱོད་པའི་སྐབས་བཞི་གསུངས་ཀྱང༌། འདིར་འོད་གསལ་གྱི་རིམ་པ་ནི་དབང་གསུམ་པ་ཕོ་ཉའི་ལམ་གཙོ་བོར་གྱུར་པ་ཡིན་པས་དེ་དང་འབྲེལ་ནས་སྤྱོད་པའི་རྣམ་བཞག་གས…
      GTD005 · གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
      རིག་བྱེད་མའི་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ།
      པ་ཕོ་མོ་རྣམས་ལྷ་སོ་སོའི་ཆས་སུ་ཞུགས་ཏེ་ང་རྒྱལ་བརྟན་པོས། ཐོག་མར་གཟུགས་དང་སྒྲ་དང་དྲིའི་ཡུལ་ལ་སྤྱོད་པས་ཆགས་པ་སྤེལ་ཞིང༌། དེ་ནས་ནང་གི་སྦྱིན་སྲེག་གི་ཚུལ་དུ་རོ་ལ་སྤྱོད་པས་ཁམས་རྟས་པར་བྱེད། དེ་རྗེས་ལྷན་ཅིག་སྤྱོད་པ་དང་རྗེས་སུ་སྤྱོད་པའི་ཕྱག་རྒྱ་རྣམས་ཀྱི་ནང་ནས་འདོད་པའི་སྒྱུ་རྩལ་ལ་མཁས་པ་གཅིག་བླངས་ཏེ་རྩ་བསྐུལ་བ་སོ…