Author
About 40% of texts have an author recorded — this list will grow as more are attributed.
6649 results
— page 9 of 333
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
འགྲེལ་པའི་ཟིན་བྲིས་སྦས་དོན་ཀུན་གསལ་སྒྲོན་མེ།
སངས་རྒྱས་མཐོང་བའི་དེ་དང་ཆོས་སྟོན་པའི་དེ་གཉིས་འཆད་པར། སངས་རྒྱས་རྣམས་མཐོང་ཞེས་སོགས་རྐང་པ་གཉིས་བྱུང༌། ངན་སོང་སྤོང་བ་རྗེས་སུ་དྲན་པའི་དེ་འཆད་པར། རྨི་ལམ་ན་ནི་ཞེས་སོགས་རྐང་པ་གཉིས་བྱུང༌། རྟགས་དང་པོ་བརྒྱད་ནི། བརྒྱད་སྟོང་པར་འཆད་པའི་ཚེ། རབ་འབྱོར་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོའི་རྨི་ལམ་གྱི་ནང་ན་ཡང་ཆོས་ཐམས་ཅད་…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
འགྲེལ་པའི་ཟིན་བྲིས་སྦས་དོན་ཀུན་གསལ་སྒྲོན་མེ།
མི་མཐུན་པའི་སེམས་མི་སྐྱེ་བའི་དེ་སྡུད་པར་འཆད་པའི་ཚེ། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་སོགས་ཤླཽ་ཀ་གཉིས་བྱུང༌། ཉི་མའི་འོད་ཀྱིས་ནོན་པའི་བར་སྣང་ལ་མུན་པ་མི་གནས་པ་བཞིན་དུ་ཕྱིན་དྲུག་ལ་དེ་ལྟར་སློབ་པས་ཚུལ་འཆལ་སོགས་མི་མཐུན་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་ཅིང་མི་མཐུན་ཕྱོགས་ཀྱི་སེམས་སྐད་ཅིག་ཙམ་ཡང་མི་སྐྱེ་བའི་དོན་ནོ། །བརྒྱ…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
འགྲེལ་པའི་ཟིན་བྲིས་སྦས་དོན་ཀུན་གསལ་སྒྲོན་མེ།
འདི་དག་བུདྡྷ་ཤྲཱིའི་སྡུད་འགྲེལ་དུ་བྱང་ཆེན་ལ་སྦྱར་ཞིང༌། རྟེན་འབྲེལ་ལ་སྦྱོར་བ་སློབ་དཔོན་གྱི་སྡུད་འགྲེལ་གྱི་ཚིག་ལ་མི་གསལ་ཡང་གསུང་གི་བབ་ལ་སྦྱར་ཆོག་པ་འདྲ་བ་ཞིག་འདུག་གསུང༌། སྦྱོར་མཐོང་སྒོམ་གསུམ་དང་བར་ཆད་མེད་པའི་རྩེ་སྦྱོར་བཞི་ལས་དང་པོ་གཉིས་བཤད་ཟིན་ནས་སྒོམ་ལམ་རྩེ་སྦྱོར་ནི་མཐོང་ལམ་རྩེ་སྦྱོར་གྱི་སྐབས་སུ་སྤང་བ…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
འགྲེལ་པའི་ཟིན་བྲིས་སྦས་དོན་ཀུན་གསལ་སྒྲོན་མེ།
གཉིས་པ་བརྟན་པ་རྒྱུ་འབྲས་ལ་གཉིས་ལས་དང་པོ་ནི་གོང་དུ་དབང་དུ་བྱེད་པ་རྒྱུ་འབྲས་ཀྱིས་མཁྱེན་གསུམ་གྱི་རྣམ་པ་ལ་དབང་ཐོབ་ཀྱང་དེ་ཙམ་གྱིས་ཆོག་ཤེས་མི་བྱེད་པར་དེ་བརྟན་པར་བྱེད་དགོས་པས་བརྟན་པ་རྒྱུ་འབྲས་གསུངས་སོ། །སོ་སོ་བ་དང་བསྡུས་པའི་དོན་ནི། རྣམ་ཀུན་ཏུ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དུ་ཕྱེ་ནས་སྒོམ་པ་དང༌། …
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
འགྲེལ་པའི་ཟིན་བྲིས་སྦས་དོན་ཀུན་གསལ་སྒྲོན་མེ།
གཉིས་པ་སྐད་ཅིག་སྦྱོར་ནི། གོང་དུ་རྣམ་ཀུན་ཏུ་མཁྱེན་གསུམ་གྱི་རྣམ་པ་སོ་སོར་བཤད་པ་དང༌། རྩེ་སྦྱོར་གྱི་སྐབས་སུ་བསྡུས་ཏེ་གཏན་ལ་ཕབ་པ་དེ་མཐར་གྱིས་སྦྱོར་བའི་སྐབས་སུ་ངོ་བོ་གྲངས་ཚང་མ་ཚང་གོ་རིམ་རྣམས་ཞུ་དག་བྱས་ཏེ་བརྟན་པར་བྱས་པའི་འབྲས་བུ་ལ་གང་འོང་ན་སྐད་ཅིག་སྦྱོར་འདི་ཐོབ་པ་ཡིན་ལ། དེ་ལ་ལྡོག་པའི་སྒོ་ནས་རྣམ་པར་སྨིན་པ་མ…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
འགྲེལ་པའི་ཟིན་བྲིས་སྦས་དོན་ཀུན་གསལ་སྒྲོན་མེ།
༈ གསུམ་པ་འབྲས་བུ་ཆོས་སྐུ་ལ་བཞི་ལས། དང་པོ་ངོ་བོ་ཉིད་སྐུ་ནི། དྲན་པ་ཉེར་གཞག་སོགས་ལྡན་པའི་ཁྱད་པར་དང༌། ཆོས་ཀྱི་དབྱིངས་སོགས་ངོ་བོ་ཉིད་ཀྱི་ཁྱད་པར་དང༌། གློ་བུར་དྲི་མས་རྣམ་པར་དག་པའི་ཁྱད་པར་གསུམ་དང་ལྡན་ལ། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤ…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
འགྲེལ་པའི་ཟིན་བྲིས་སྦས་དོན་ཀུན་གསལ་སྒྲོན་མེ།
༈ གསུམ་པ་ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་གཉིས་བཤད་ཟིན་ནས་ལོངས་སྤྱོད་རྫོགས་པའི་སྐུ་ནི། གནས་འོག་མིན་ཁོ་ནར་འཁོར་ཐེག་ཆེན་འཕགས་པ་རྣམས་དང་ཐབས་ཅིག་ཏུ་ཐེག་ཆེན་གྱི་ཆོས་ལ་གཙོ་བོར་ལོངས་སྤྱོད་ཅིང༌། གདུལ་བྱ་དེ་དག་གི་ངོར་མཚན་དཔེ་སོགས་ཀྱི་སྐུའི་རྣམ་པ་མི་འདོད་པར་རྟག་ཏུ་བཞུགས་པའི་ཕྱིར། སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
འགྲེལ་པའི་ཟིན་བྲིས་སྦས་དོན་ཀུན་གསལ་སྒྲོན་མེ།
༈ བཞི་པ་སྤྲུལ་སྐུ་ནི། སྟོན་པ་ཤཱཀྱ་ཐུབ་པ་སོགས་མཆོག་གི་སྤྲུལ་སྐུ་དང༌། བདག་ཅག་གི་སྟོན་པའི་སྤྲུལ་པ་བཟོ་བོ་བི་ཤྭ་ཀརྨ་ལྟ་བུ་བཟོ་བོ་སྤྲུལ་སྐུ་དང༌། སྐུའི་རྣམ་པ་དྲི་ཟའི་རྒྱལ་པོར་སྤྲུལ་པ་དང༌། འཁོར་སྒྱུར་དང༌། བྱ་དང་རི་དྭགས་སོགས་སུ་སྤྲུལ་པ་ནི་སྐྱེ་བ་སྤྲུལ་སྐུ་ཡིན་ལ། མཉམ་དུ་མཛད་པའི་སྐུ་ཞེས་པའི་དོན་ནི། ལོངས་སྐུ་ཡ…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
འགྲེལ་པའི་ཟིན་བྲིས་སྦས་དོན་ཀུན་གསལ་སྒྲོན་མེ།
༈ འཕྲིན་ལས་ནི་གསེར་འཕྲེང་ནས་རྩ་འགྲེལ་གཉིས་དཀྱུས་གཅིག་ཏུ་བཤད་ལ། རྣམ་བཤད་ལས། རྩ་བ་འཕགས་པའི་ཉི་སྣང་ལྟར་དང༌། འགྲེལ་པ་སློབ་དཔོན་གྱིས་འདི་ལྟར་གསུངས་པས་ཕྱི་མ་དེའི་དབང་དུ་བྱས་ན། དང་པོ་རྩ་བ་ནི། དེ་བཞིན་ཞེས་སོགས་རྐང་པ་དང་པོ་གཉིས་ཀྱིས་དུས་ཀྱིས་སྒོ་ནས་མདོར་བསྟན། འགྲོ་རྣམས་ཞེས་སོགས་ཤླཽ་ཀ་དྲུག་གིས་དབྱེ་བའི་སྒོ་ནས…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
འགྲེལ་པའི་ཟིན་བྲིས་སྦས་དོན་ཀུན་གསལ་སྒྲོན་མེ།
༈ གསུམ་པ་བསྡུས་དོན་གཞན་བཤད་པ་ནི། མཁྱེན་གསུམ་ལ་མཚན་ཉིད་ཅེས་གཅིག་ཏུ་བྱས་པ་དང༌། ཉམས་ལེན་སྦྱོར་བཞི་དང༌། རྣམ་སྨིན་ཆོས་སྐུ་དང་དྲུག་ཏུ་བསྡུས་པ་དང༌། མཁྱེན་གསུམ་ཡུལ་དང༌། སྦྱོར་བཞི་རྒྱུ་དང༌། ཆོས་སྐུ་འཕྲིན་ལས་དང་བཅས་པ་འབྲས་བུ་དང་གསུམ་དུ་བསྡུས་པ་ཡོད་དོ། །གང་ཟག་སོ་སོའི་དབང་དུ་བྱས་ན་རྒྱས་པ་ལ་དད་པ་ལ་དངོས་པོ་བརྒྱད་…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
འགྲེལ་པའི་ཟིན་བྲིས་སྦས་དོན་ཀུན་གསལ་སྒྲོན་མེ།
གོ་བར་སླ་ཕྱིར་ཚིག་དང་ནི། །ངག་སོགས་སྦྱོར་བ་མ་བྱས་པར། །ཞེས་པ་ནི་མདོའི་ཚིག་ཁུངས་སུ་འདྲེན་པ་དང༌། དེའི་དོན་བཤད་པའི་ངག་སོགས་སྦྱོར་བ་མ་བྱས་པར་བསྟན་བཅོས་ཀྱི་ཚིག་དོན་ཙམ་ཞིག་གོ་བདེ་བར་བཀྲལ་བ་ཡིན་ནོ། །མཁན་པོ་ཡང་དག་རྣམ་སྣང་མཛད་ནི། མཁན་ཆེན་ཞི་བ་འཚོ་ཡིན་གསུང༌། ཞེས་པ་འདི་ནི། ཡོངས་རྫོགས་བསྟན་པའི་མངའ་བདག་མཚུངས་མེད་ཆ…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
ཤེར་སྙིང་སྔགས་ཀྱི་རྣམ་བཤད་སྦས་དོན་གསལ་བ།
༄༅། །ཤེས་རབ་སྙིང་པོའི་སྔགས་ཀྱི་རྣམ་བཤད་སྦས་དོན་གསལ་བ་ཞེས་བྱ་བ་བཞུགས་སོ། །
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
ཤེར་སྙིང་སྔགས་ཀྱི་རྣམ་བཤད་སྦས་དོན་གསལ་བ།
ན་མོ་གུ་རུ་མུ་ནཱིནྡྲཱ་ཡ། ཤེས་རབ་སྙིང་པོའི་སྔགས། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱཧཱ་ཞེས་པ། བོད་སྐད་དུ། འདི་ལྟ་སྟེ། སོངས་ཤིག་སོངས་ཤིག་ཕ་རོལ་ཏུ་སོངས་ཤིག །ཕ་རོལ་ཏུ་ཡང་དག་པར་སོངས་ཤིག །བྱང་ཆུབ་ཏུ་གཞི་ཚུགས། ཞེས་པའི་དོན་བཤད་ན། འདི་ལྟ་སྟེ་ནི་སྟོན་པ་ཉིད་ཀྱིས་དུས་དང་པོ་རིང་མོ་ཞིག་ནས་གོམས…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
ཤེར་སྙིང་སྔགས་ཀྱི་རྣམ་བཤད་སྦས་དོན་གསལ་བ།
དེའང་རང་ཅག་ད་ལྟ་གང་ལ་གནས་པ་ཉེ་བར་ལེན་པའི་ཕུང་པོའི་བདག་ཉིད་ཀྱི་འཁོར་བའི་སྐྱེ་བ་འདི་བླངས་ཕྱིན་ཆད་གནས་ལོངས་སྤྱོད་གྲོགས་སོགས་གང་གིས་བདེ་བར་བསྒྲུབས་ཀྱང་སྡུག་བསྔལ་འབའ་ཞིག་ལས་མ་འདས་པ་ཁབ་རྩེ་ལ་ཕྱོགས་གང་ནས་བརྟེན་ཀྱང་མི་བདེ་བ་དང། མི་གཙང་བའི་གོང་བུ་ནམ་གནས་སུ་དྲི་ང་བ་ལས་མ་འདས་པ་ལྟ་བུ་འདི་ནི་སྡུག་བསྔལ་གྱི་བདེན་པ…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
ཤེར་སྙིང་སྔགས་ཀྱི་རྣམ་བཤད་སྦས་དོན་གསལ་བ།
གཉིས་པ་ཚིག་དོན་ནི། སོངས་ཤིག་ཅེས་པ་ཚོགས་ལམ། ཡང་སོངས་ཤིག་ཅེས་པ་སྦྱོར་ལམ། ཕ་རོལ་ཏུ་སོངས་ཤིག་ཅེས་པ་མཐོང་ལམ། ཕ་རོལ་ཏུ་ཡང་དག་པར་སོངས་ཤིག་ཅེས་པ་སྒོམ་ལམ། བྱང་ཆུབ་ཏུ་གཞི་ཚུགས་ཞེས་པས་མི་སློབ་ལམ་བསྟན་པ་ཡིན་ནོ། །དེ་ལ་འདི་གདུལ་བྱ་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་ན་སྐྱེས་བུ་ཆུང་ངུའི་ལམ་གྱིས་ཆོས་སྒྲུབ་པའི་རྟེན་མངོན་མཐོ…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
ཤེར་སྙིང་སྔགས་ཀྱི་རྣམ་བཤད་སྦས་དོན་གསལ་བ།
དེས་ན་སྤྱིར་བཏང་གི་ཕ་རོལ་གྱི་དོན་མཚན་མར་འདུ་ཤེས་པའི་ཚུར་མཐོང་ལ་ལྟོས་ནས་བཞག་པ་དེའི་དབང་དུ་བྱེད་དགོས་པས་འཕགས་པའི་གནས་སྐབས་ཐམས་ཅད་དེར་འཇོག་དགོས་ཀྱང། གཙོ་བོའམ་མཐར་ཐུག་གི་དབང་དུ་བྱས་ན་རྒྱུ་བདག་འཛིན་བག་ཆགས་དང་བཅས་པ་དང། འབྲས་བུ་འཁོར་བ་ཕྲ་རགས་མ་ལུས་པར་སྤངས་པ། ལས་སྒྲུབ་ཀྱི་སྒྲ་ཁོ་ནས་བསྟན་པའི་སངས་རྒྱས་ཀྱི་ས་འ…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
ཤེར་སྙིང་སྔགས་ཀྱི་རྣམ་བཤད་སྦས་དོན་གསལ་བ།
དེས་ན་དངོས་བསྟན་གཙོ་བོ་ནི་གོང་དུ་སྟོང་ཉིད་རྟོགས་པའི་སྟེང་ནས་ལམ་བགྲོད་ཚུལ་རིམ་པར་གསུངས་པའི་མུ་ཡིན་པས། དེའི་རིགས་འདྲའི་རྒྱུན་ཕྱི་མ་ལྡོག་ཆ་ནས་ཕྱེ་བའི་ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་ལ་བྱེད་དགོས་ཀྱང། སྤྱིར་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་ཀྱི་སེམས་ཆེན་པོ་ཞེས་བྱ་བ་ཀུན་ལ་རང་ལས་ལྷག་པར་གཅེས་པས་རང་ཉིད་ཀུན་གྱི་བླ་མར་ག…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
ཤེར་སྙིང་སྔགས་ཀྱི་རྣམ་བཤད་སྦས་དོན་གསལ་བ།
དེས་ན་ཤེར་ཕྱིན་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཞེས་རླུང་ལྟར་གྲགས་ཀྱང་མདོ་རྣམས་རྒྱ་ཆེ་བས་གཞུང་ཚིག་ཕལ་ཆེར་ལ་མི་ངེས་ཤིང། ཤེར་སྙིང་ནི་ཀུན་གྱི་བློ་ལ་ཡོད་པས་འདིའི་སྟེང་ནས་དངོས་བསྟན་སྦས་དོན་གཉིས་བྱུང་ཚུལ་གོ་སླ་བར་བཤད་ན། རྒྱན་ལས་སྐབས་གོང་འོག་ཏུ་ལམ་ལྔ་ཚན་ཡང་ཡང་གསུངས་པ་…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
ཤེར་སྙིང་སྔགས་ཀྱི་རྣམ་བཤད་སྦས་དོན་གསལ་བ།
སྭཱཧཱ་ནི་གཞི་ཚུགས་ཞེས་བརྟན་པར་བྱེད་པའི་དོན་ཏེ། ལམ་ལྔའི་ཉམས་ལེན་གྱི་སྒོ་ནས་ཐོག་མའི་ཨོཾ་གྱི་མཚོན་དོན་དེ་སྒྲུབ་པར་བྱེད་པ་ལ་ཐུན་མོང་བའི་དབང་དུ་བྱས་ན། སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང། །ཞེས་པ་ལྟར་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་གཞི་ཚུགས་པར་བྱེད་པ་དང། རྒྱུད་སྡེ་འོག་མར་སྦྱར་ཚེ་ཟབ་པ་སྟོང་ཉིད་ད…
GTD001
· གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།
ཤེར་སྙིང་སྔགས་ཀྱི་རྣམ་བཤད་སྦས་དོན་གསལ་བ།
ཤེས་རབ་སྙིང་པོའི་སྔགས་ཀྱི་རྣམ་བཤད་འདི་ནི་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འདི་ལ་འདི་ལྟ་བུའི་དོན་རྒྱ་ཆེ་བ་ཞིག་འོང་དགོས་རྒྱུར་འདུག་སྙམ་སྟེ། ཐུབ་པ་ཀུན་གྱི་ཡེ་ཤེས་ཀྱི་སྐུ་ཅན་ཡབ་གཅིག་༸འཇིགས་མེད་དབང་པོའི་ཞབས་ལ་གསོལ་བ་ནན་ཆེར་བཏབ་པས་གོ་ལུགས་འདི་འདྲ་ཞིག་བྱུང་བ་བྲི་བར་བརྩམས་པ་ན། རང་བཟོར་འགྱུར་དོགས་ཏེ་གཟོད་…