Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 44 of 500
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ།
      གྱུར་མོད། ཕྱི་དུས་རང་རྐང་འཛིན་པའི་སྡེ་ཅུང་ཟད་འགྲིབ་པ་ལྟར་སྣང་བ་ན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་བཀའ་གདམས་གཞུང་པའི་ལུགས་ཀྱི་བཤད་སྲོལ་གཙོར་བཏོན། ལུགས་གསུམ་གྱི་ཟབ་དོན་མན་ངག་ཏུ་དྲིལ་བ་བྱང་ཆུབ་ལམ་རིམ་ཆེན་མོ་མཛད་པ་ལ་གདམས་པའི་སྲོག་ཏུ་འཛིན་པ་བཀའ་གདམས་གས…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ།
      མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ལ་བཀའ་བབས་པ་ཀྱཻ་རྡོ་རྗེའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་གྲུབ་ཆེན་བི་རཱུ་པ་དང་མཚོ་སྐྱེས་ཞབས་སོགས་ལམ་སྲོལ་དགུའི་གདམས་བཅུད་དང་། མཁས་པ་སྒོ་དྲུག་གི་ཆོས་འབྲེལ་རྩ་བ་མེད་པ། ཕྱིས་སུ་ས་ཆེན་ཀུན་དགའ་སྙིང་པོ་ལ་ཉེ་བརྒྱུད་དུ་བྱུང་བའི་ལམ་སྦས་བཤད་དང་། གྲགས་པ་རྒྱལ་མཚན་གྱི་བརྡ་དོན་གསལ་བ་སོགས་གདམས་ང…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ།
      སུ་བཞུགས་སོ། ༈ བཞི་པ་བཀའ་བརྒྱུད་ནི། ཌོམ་བི་ཧེ་རུ་ཀའི་རྣམ་འཕྲུལ་ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་ཉིད་འཕགས་ཡུལ་དུ་ལན་གསུམ་བྱོན། ནཱ་རོ་པ་གཙོ་བོར་གྱུར་པའི་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་བདེ་དགྱེས་གསང་གསུམ་གཙོས་རྒྱུད་སྡེ་དུ་མའི་དབང་བཤད་གདམས་ངག་སྙན་བརྒྱུད་དང་བཅས་པ་གསན་ཅིང་། ཁྱད་པར་ནཱ་རོ་པ་དང་མེ་ཏྲི་པ་གཉིས་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ།
      ཤིང་སྙན་བརྒྱུད་ཀྱི་བཀའ་ཀར་འབྲུག་གཉིས་ལ་བབས་པ་དང་། ཚེ་དཔག་མེད་འགྲོ་དོན་གྱི་ཤམ་བུ་ཅན་ས་ཀར་དགེ་གསུམ་ཐམས་ཅད་ལ་ཁྱབ། དྭགས་པོ་རིན་པོ་ཆེ་ནི་རྒྱལ་བས་ལུང་བསྟན་དགེ་སློང་འཚོ་བྱེད་ཅེས་ཡོངས་སུ་གྲགས་པ་ལྟར་མཐོང་ཐོས་དྲན་རེག་ཐམས་ཅད་ད་ལྟའི་བར་དུ་རྒྱུད་སྨིན་གྲོལ་དུ་མཛད་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་ཅིང་། སློབ་མ་ལས་ཅན་དགྲ་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ།
      ཀྱི་ཌཱ་ཀི་གཉིས། ཁྱད་འཕགས་ཀྱི་བླ་མ་བཅུ་གསུམ། རྩ་བའི་བླ་མ་རྣམ་བཞི་སོགས་མཁས་གྲུབ་བརྒྱ་དང་ལྔ་བཅུའི་ཐུགས་བཅུད་ཆོས་ཀྱི་མཛོད་མ་ལུས་པ་གསན་ཏེ། བོད་ཀྱི་གཙང་གཡས་རུ་ཤངས་ཀྱི་ཞང་ཞང་དུ་གདན་ས་མཛད་པས་བླ་མ་ཤངས་པ་དང་བརྒྱུད་འཛིན་རྣམས་ལ་ཤངས་པ་བཀའ་བརྒྱུད་དུ་གྲགས། དེ་ལ་སྔ་བུ་ལྔ་དང་ཕྱི་བུ་གཅིག་དང་དྲུག་གིས་གཙོས་བཤེས་གཉེན་ཁྲ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ།
      འཕགས་ཡུལ་གྱི་གྲུབ་ཆེན་ཀ་མ་ཤཱི་ལའམ་བོད་དང་རྒྱ་གར་ཏུ་ཕ་དམ་པ་སངས་རྒྱས་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་བོད་དུ་ལན་ལྔར་ཕེབས་ཏེ། གང་ཟག་སོ་སོའི་ཁམས་དང་དབང་པོ་ཇི་བཞིན་དུ་གཟིགས་པས་དེ་དག་དང་མཐུན་པའི་གདམས་ངག་སྣ་རེས་གྲོལ་བར་མཛད་པས་གཞུང་དང་ལུགས་སྲོལ་གཅིག་ཏུ་མ་ངེས་མོད་ཀྱང་། གཙོ་བོར་གཞུང་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ།
      ལབ་སྒྲོན་གྱིས་ཤེར་ཕྱིན་གྱི་དགོངས་དོན་ཉིད་ཀྱི་དགོངས་ཉམས་ལས་འཁྲུངས་པའི་རྟོགས་ཆོས་གཅོད་ཡུལ་ཞེས་ཡོངས་སུ་གྲགས་པའི་ལམ་སྲོལ་རྒྱ་ཆེར་ཕྱེས་ཏེ་གཞུང་གདམས་ངག་བསམ་གྱིས་མི་ཁྱབ་པ་མཛད་པའི་རྒྱུན་ལ་མོ་གཅོད་ཅེས་བྱ་སྟེ། ཞལ་སློབ་བུ་ཆེན་དྲུག་ཅུ་གཙོ་བོར་གྱུར་པའི་གྲུབ་ཐོབ་ཕོ་མོ་བརྒྱ་རྩ་བརྒྱད་ལ་སོགས་པ་སློབ་ཚོགས་རྣམས་ཀྱིས་སྤ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ།
      འགྲུས་ལ་འདུས་ཤིང་། གཞན་ཡང་གོ་བྲག་པ་སོགས་ལུགས་གཞན་མང་པོའང་བྱུང་བ་དང་བཅས་ཐམས་ཅད་ཀྱི་བཀའ་ཀུན་མཁྱེན་དོལ་པོ་པ་དང་། རྗེ་བཙུན་སྒྲོལ་མགོན་ཞབས་ལ་བབས་ཏེ་ཤིང་རྟའི་ལམ་སྲོལ་ཕྱེས་པ་ནས་བཟུང་ད་ལྟའི་བར་དུ་སྒྲུབ་བརྒྱུད་འདིའི་བསྟན་པ་མ་ཉམས་པར་བཞུགས་བཞིན་པའོ། །༈ བརྒྱད་པ་རྡོ་རྗེའི་བསྙེན་སྒྲུབ་ནི། གྲུབ་ཆེན་ཨོ་རྒྱན་པ་རིན་ཆ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ།
      པ་ལས། དང་པོ་ཐེག་དམན་ལའང་ཉན་རང་གཉིས་ལས། དང་པོ་ཉན་ཐོས་ནི། སློབ་དཔོན་གཞན་ལ་བརྟེན་ཞིང་དེ་ལས་ཐོས་པ་དག་ཡུལ་གཞན་ལ་སྒྲོག་པས་ཐོས་སྒྲོག་གམ་ཉན་ཐོས་ཞེས་བྱ། འཇུག་པའི་སྒོ་ནི། ཤེས་བྱ་སྡུག་བསྔལ་བདེན་པ། སྤང་བྱ་ཀུན་འབྱུང་བདེན་པ། ཐོབ་བྱ་འགོག་པའི་བདེན་པ། བརྟེན་བྱ་ལམ་གྱི་བདེན་པ་སྟེ་འཕགས་པའི་བདེན་པ་བཞི་ལ་བརྟེན་ནས་འཇུག ། …
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ།
      གི་ཕྱོགས་གཅིག་བཟུང་བའི་དོན་རང་བཞིན་མེད་པར་རྟོགས། ཐོབ་བྱའི་འབྲས་བུ་ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་གཉིས་ཏེ་ཉན་ཐོས་དང་འདྲ་བ་ལས། བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་གཉིས་སུ་དབྱེར་ཡོད་དོ། །༈ གཉིས་པ་ཐེག་ཆེན་ལ། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ལས། དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ནི། ཐེག་པ་འ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ།
      པ་ལ་སློབ། རྟོགས་བྱའི་ལྟ་བ་ནི་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཆུ་ཟླ་ལྟར་མེད་བཞིན་དུ་སྣང་བ་དང་། དོན་དམ་པར་སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བའི་ཚུལ་གྱིས་བདེན་པ་གཉིས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་རྟོགས། ཐོབ་བྱའི་འབྲས་བུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མྱང་འདས་ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་ལས་རང་དོན་དུ་ཆོས་ཀྱི་སྐུ་དང…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ།
      རྒྱུད་ནི། ཕྱིའི་ཀུན་སྤྱོད་ཁྲུས་དང་གཙང་སྦྲ་སོགས་གཙོ་བོར་སྟོན་པའི་སྒོ་ནས་སྔགས་ཀྱི་སྤྱད་པ་སྤྱོད་པའི་ཕྱིར་བྱ་བའི་རྒྱུད་ཅེས་བྱ་སྟེ། ནང་གསེས་སུ་རིགས་དྲུག་ཏུ་དབྱེ། འཇུག་པའི་སྒོ་ནི་ཆུ་དང་ཅོད་པན་གྱི་དབང་གིས་ཆོས་སྐུ་དང་གཟུགས་སྐུའི་ནུས་པ་བཞག་པའི་སྨིན་བྱེད་ནོད་དེ་རང་གཞུང་ནས་བཤད་པའི་དམ་ཚིག་རྣམས་བསྲུང་། ལམ་མངོན་ར…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ།
      བཞིན་རིག་པ་འཛིན་པའི་ལུས་ཀྱིས་རྣམ་སྣང་ཆེན་པོའི་གོ་འཕང་མངོན་དུ་བྱེད་པའོ། །༈ གསུམ་པ་རྣལ་འབྱོར་རྒྱུད་ནི། ནང་ཐབས་ཤེས་ཀྱི་རྣལ་འབྱོར་སྒོམ་པ་གཙོ་བོར་གྱུར་པས་ན་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་སྟེ། ནང་གསེས་སུ་རིགས་ལྔ་སོགས་སུ་དབྱེ། འཇུག་སྒོ་དབང་ནི་དལ་དུ་ཞུགས་ཏེ་སློབ་མའི་དབང་ལྔ་དང་སློབ་དཔོན་གྱི་དབང་བསྐུར་དྲུག་ནོད་ནས…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      བོད་ཀྱི་ཆོས་འབྱུང་མདོར་བསྡུས་དང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ།
      བྱ་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བའི་དོན་དུ་སྣང་བ་ཐབས་ཀྱི་རང་བཞིན་ཕ་རྒྱུད་མ་ཧཱ་ཡོ་ག ། འདོད་ཆགས་ཤས་ཆེ་ཞིང་སེམས་གནས་པ་ལ་དགའ་བའི་དོན་དུ་སྟོང་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མ་རྒྱུད་ཨ་ནུ་ཡོ་ག ། གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་ལྷོད་པ་ཅན་གྱི་དོན་དུ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་ཡོ་ག་བསྟན་པ་ཡིན་ཅིང་། འདི་དག་གི་གན…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ༄༅། །གུཧྱ མནྟྲ པཱུ རྦཱ བརྟྟན པུ རཱ ཎ ཤཱ སན བྱ བ སྠཔནཔྲ ཏི སཾ ཀྵེ པཏཿ ཀ ཐིཏ སུ བྷཱ ཥི ཏཱ ལོ ཀོ ཏྶ བཿ ནཱ མ བིཧརཏི། ། ༄༅། །གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ༄༅། །ཡོ སི དྡྷ བ རྻཱཱ སྟ པ དཱ ནི མཱ ཏྲ ཉྩི ཏྲཱ ངྷ རོ བཱ ཀྤ བི བུ དྡྷ ས རྦེ། གང་ཞིག་གྲུབ་པ་མཆོག་བརྙེས་གོ་འཕང་ཙམ། །ངོ་མཚར་འཛིན་མིན་རྒྱལ་ཀུན་གསུང་རྡོ་རྗེ།
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཏྲཻ ལོ ཀྱ ནེ ཏཱ གུ རུ ཀཱ ཡ དྲྀ ཥྚཱ དྷི ཥྛ ནྟུ པ དྨ ཀ ར གོ དྷ རེ ཎ། སྲིད་གསུམ་ཟིལ་གནོན་རིག་འཛིན་སྐུར་བཞེངས་པ། །ཨོ་རྒྱན་རྡོ་རྗེ་འཆང་གིས་བྱིན་གྱིས་རློབས། །
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཐབས་མཆོག་བདེ་ཆེན་སྣང་བའི་དྲྭ་བ་ཀུན། །ཤེས་རབ་སྟོང་ཉིད་གཉུག་མའི་ཕྱག་རྒྱར་སྡོམ། །བརྟན་གཡོའི་སྲོག་ཏུ་ཡོངས་བཞུགས་ཧེ་རུ་ཀ ། ཁྱབ་བདག་བླ་མས་བྱང་ཆུབ་བར་དུ་སྐྱོངས། །ཆོས་ཚུལ་དྲི་མེད་ཆུ་གཏེར་ལས་སྐྱེས་པའི། །ལེགས་བཤད་གཏམ་གྱི་ཨུཏྤལ་མཚར་སྡུག་ཅན། །དོན་བཟང་སྦྲང་རྩིའི་རྡུལ་ཕྲེང་འཛག་པ་ན། །དཔྱོད་ལྡན་བུང་བའི་དགའ་སྟོན་ཅི་…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཡང་ཐོག་མར་སྤྱིར་འཁོར་འདས་ཀྱི་ཆོས་ངོས་འཛིན་ཅིང་དེའི་མཚན་ཉིད་གཏན་ལ་དབབ་བར་བྱ་སྟེ། དེ་ལ་གསུམ། ངོ་བོ། ངེས་ཚིག ། དབྱེ་བའོ། །དང་པོ་ནི། གང་ལ་དམིགས་པས་ཟག་པ་དང་བཅས་པའི་ལས་ཀྱིས་ཁམས་གསུམ་དུ་འཁོར་ཞིང་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པའི་སྐྱོན་གྱི་རང་བཞིན་ཅན་ནི་འཇིག་རྟེན་པའི་ཆོས་ཀྱི་མཚན་ཉིད། གང་གིས་རྒྱུད་ལ་བརྟེན་པས་སྒྲ…
      JDY002 · བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།
      གསང་སྔགས་སྔ་འགྱུར་རྙིང་མ་བའི་བསྟན་པའི་རྣམ་གཞག་མདོ་ཙམ་བརྗོད་པ་ལེགས་བཤད་སྣང་བའི་དགའ་སྟོན།
      ཆོས་གང་ལ་ལ་འདུས་བྱས་སམ། འདུས་མ་བྱས་སམ། ཞེས་དང་། ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་པ་ལ་སོགས་པ་ལྟ་བུ། ལམ་ལ་འཇུག་པ་ནི། དགེ་སློང་དག་ལོག་པའི་ལྟ་བ་ནི་ཆོས་མ་ཡིན་ལ་ཡང་དག་པའི་ལྟ་བ་ནི་ཆོས་ཡིན་ནོ། །ཞེས་པ་ལྟ་བུ་དང་། མྱང་འདས་ལ་འཇུག་པ། ཆོས་ལ་སྐྱབས་སུ་སོང་བ། ཞེས་པ་ལྟ་བུ། ཡིད་ཀྱི་ཡུལ་ལ་འཇུག་པ། ཆོས་ཀྱི་སྐྱེ་…