Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 438 of 500
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབས།
པ་ཆེན་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། པདྨ་ཉི་ཟླ་བདུད་བཞི་བསྣོལ་བའི་གདན་གྱི་སྟེང་དུ་རང་རིག་ཧྲིདམར་པོ་ཡོངས་སུ་གྱུར་པ་ལས་ཡི་དམ་ཡོངས་འདུས་དབང་ཆེན་རྟ་མཆོག་རོལ་པ་སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་འབར་བ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པས་རང་འོད་ཀྱི་ཡུམ་…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབས།
འོད་ཟེར་མཐའ་ཡས་མུ་མེད་པར་འཕྲོ་བར་གསལ་བའི་ཕྱི་རོལ་ཏུ་པདྨའི་སྙིང་པོ་རབ་ཏུ་རྒྱས་པའི་ཕྱོགས་བཞིར་ཐོད་ཕྲེང་རིགས་བཞི་དང་། དེའི་ཕྱི་རོལ་དུ་སྤྲུལ་པའི་གུ་རུ་མཚན་བརྒྱད། གཞན་ཡང་རྣམ་པར་སྨིན་པ་དང་། ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པའི་ས་ལ་བཞུགས་པའི་རིག་འཛིན་རྩ་བརྒྱུད་ཀྱི་བླ་མ། སྒྲུབ་སྡེ་ཆེན་པོ་བ…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབས།
ཆགས་ཞུ་བདེའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བར་གྱུར། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། དེ་བཞིན་དུ། ཨཱ་དནཱ། ས་མ་ཏཱ། པྲ་ཏུ་བེཀྟ་ཎ། ཀྲྀ་ཏྱཱ་ནུཥྛ་ན་རྣམས་སྦྱར། ཞེས་དབང་བསྐུར་བས་ཉོན་མོངས་པ་ལྔའི་དྲི་མ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ཡོང…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབས།
ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུརཿ བགེགས་དང་ལོག་འདྲེན་བར་ཆད་སོལཿ མཆོག་དང་ཐུན་མོང་དངོ…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབས།
པའི་ཕྱག་གིས་འདུད། །ཨ་ཏི་པུ་ཧོ༔ པྲ་ཏཱི་ཙྪ་ཧོ༔ ཨོཾ་ཨཱཧཱུྃ། སྣང་སྲིད་ཐམས་ཅད་གཉུག་མའི་ཡུལ། །མཆོད་པའི་ཕྱག་རྒྱ་ཆེན་པོར་རྫོགས། །རྡོ་རྗེའི་དབང་པོའི་དམ་ཚིག་གིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷུ་སྶརྦ་ཐཱ་ཁཾ་ཨུཏྟ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བདྡྷ་དྷ…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབས།
རྗེ་ཐོད་ཕྲེང་གི། །གསང་གསུམ་བྱིན་རླབས་བདག་ལ་ཐིམ། །སྒྲིབ་དག་དབང་དང་དངོས་གྲུབ་ཐོབ། །རང་སེམས་བླ་མའི་ངོ་བོར་ཤར། །ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ གསུམ་པ་ནི། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །ཕྱོགས་བཞིའི་ཐོད་ཕྲེང་རིགས་བཞི་བསྐུལ། །བདེ་སྟོང་རོལ་པའི་སྒྱུ་འཕྲུལ་གྱིས། །ཕྲིན་ལས་…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབས།
མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ། །ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ། །བདེར་གཤེགས་ཀུན་འདུས་ཐོད་ཕྲེང་རྩལ། །རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས། །ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན། །འདིར་གཤེགས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབས།
ཁམས་ཟག་མེད་བདུད་རྩིའི་སྤྲིན། །རྩ་གསུམ་ལྷ་ཚོགས་ཞལ་དུ་སྦྱོར། །རུ་དྲ་སརྦ་པཉྩཔཱུ་ཛ་ཁཱ་ཧི། དེ་ནས་རྣལ་འབྱོར་པ་རྣམས་ཀྱིས་ནང་གི་སྦྱིན་སྲེག་གི་ཚུལ་དུ་ཚིམ་པར་རོལ་པའི་མཐར། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །སོགས་ཀྱིས་སྨོན་ལམ་གདབ། ལྷག་གཏོར། པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧཱིས་ལྷག་མའི་དམ་ཚིག་འདོད་ཡོན་ཀྱི་ཕུང་པོ་ཟད་ཡེ་ཤེས་པར་བྱིན…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབས།
ནིང་ནག །ཟུང་འཇུག་བཛྲ་ཐིག་ལེ་སོགས། །རྒྱུད་གསུམ་དྲེགས་པའི་ཚོགས་རྣམས་ཀུན། །དཔལ་ཆེན་པདྨ་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །འདིར་གཤེགས་དམ་རྫས་གཏོར་མ་ལོངས། །རྣམ་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཨ་ཡ་མ་དུ་རུ་ཙ་ཤ་ན་ཀིངྐ་ར་བ་ལིཾ་ཏ་བྷུཉྫཧོ༔ ཞེས་ཟས་སྐལ་དུ་བསྔོ། བཤལ་ཆུས་བརྟན་མ་སྦྱོང་བ་ནི། ཧཱུཾ། བདེན་དོན་ཡ…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབས།
སྒྲུབ་རྫས་གནས་གསུམ་དུ་གཏུགས་ཤིང་མྱང་། སྐལ་བ་དང་ལྡན་པ་གཞན་དག་ལའང་དངོས་གྲུབ་ཀྱི་ཆ་ཤས་ཅི་རིགས་པ་སྦྱིན། མ་འབྱོར་པ་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། གཉིས་པ་ཉེར་བསྡུའི་རྣལ་འབྱོར་ནི། མདུན་བསྐྱེད་ཀྱི་རྟེན་བྲིས་སྐུ་ཡོད་ན་བརྟན་བཞུགས་དང་། མེད་ན་ཡེ་ཤེས་པ་གདོད་མའི་ཀློང་དུ་གཤེགས་སུ་གསོལ་བ་དང་…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་ལས་བྱང་དངོས་གྲུབ་ཆར་འབེབས།
སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང་༔ ང་ནི་བདེར་གཤེགས་འདུས་པ་ཡིན༔ ས་ནི་བཅུ་དྲུག་ལམ་ལྔ་ཡང་༔ ང་བསྒྲུབས་ཐོད་ཕྲེང་བཟླས་པས་བགྲོད༔ ཅེས་དང་། དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང་༔ དུས་ཀྱི་ཚེས་བཅུ་ཐམས་ཅད་ལ༔ སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད༔ མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ ཞེས་སོགས་རྒྱ་ཆེར་གསུངས་པ་ལ་ངེས་…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་སྐོང་བཤགས་ཚོགས་གཉིས་ཆར་འབེབས།
༈ རྩ་གསུམ་བདེ་གཤེགས་འདུས་པའི་སྐོང་བཤགས་ཚོགས་གཉིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀ་རཱ་ཡ། འདིར་བླ་མ་རྩ་གསུམ་བདེ་གཤེགས་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས་པར་འདོད་པས། སྐབས་སུ་བབས་པ་ན་སྐོང་རྫས་ལས་སྔགས་ཀྱིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཧཱུཾ་ལས་འོད…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་སྐོང་བཤགས་ཚོགས་གཉིས་ཆར་འབེབས།
སྐྱེས་པའི་ཡེ་ཤེས་ཀྱི་རྣམ་རོལ་འོག་མིན་པདྨ་དྲྭ་བའི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ། ཕྱི་ནང་གསང་བའི་སྐོང་རྫས་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པར་འཆར་བ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར་པར་བསམས་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་པ་སྔོན་ཏུ་འགྲོ་བས། ཧཱུྃ༔ ཀ་དག་གཞི་དབྱིངས་གཉུག་མའི་གཤིས། །ལྷུན་གྲུབ་ག…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་སྐོང་བཤགས་ཚོགས་གཉིས་ཆར་འབེབས།
སྐྱེས་བླ་མའི༴ །དབྱིངས་རིག་མི་འགྱུར་ཐིག་ལེ་ཆེ། །འབར་བའི་སྐུར་བཞེངས་དམ་ཚིག་ཅན། །རྒྱུད་གསུམ་དྲེགས་པའི་འཁོར་ལོས་སྒྱུར། །རྡོ་རྗེ་སྲིན་པོའི༴ །སྣང་སྲིད་གདོད་ནས་པདྨ་འོད། །སྣོད་བཅུད་ཀུན་ཁྱབ་ཐོད་ཕྲེང་རྩལ། །དག་པ་རབ་འབྱམས་སྐུ་ཡེ་ཤེས། །འདུ་འབྲལ་མེད་པའི་ཐུགས་དམ་བསྐང་། །ཧཱི༔ ཐུགས་དམ་སྐོང་བའི་དམ་རྫས་ནི། །དངོས་འབྱོར…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་སྐོང་བཤགས་ཚོགས་གཉིས་ཆར་འབེབས།
ལྷན་སྐྱེས་གསང་བའི་མཆོད་པས་བསྐང་། །ཀ་དག་རིག་པ་བུམ་སྐུར་སྨིན། །ལྷུན་གྲུབ་སྣང་བཞིའི་ཕ་མཐར་སོན། །ཟུང་འཇུག་རྡོ་རྗེའི་ཡེ་ཤེས་དབྱིངས། །བླ་མེད་མཆོག་གི་མཆོད་པས་བསྐང་། །ཡོངས་གྲུབ་གཉུག་མའི་གཤིས་ལུགས་ལས། །ཀུན་བརྟགས་འཁྲུལ་པའི་གཞན་དབང་གིས། །བཅས་དང་རང་བཞིན་ཉམས་པའི་སྒྲིབ། །འཁོར་གསུམ་ལས་འདས་ངང་དུ་བཤགས། །ཧཱུྃ༔ དེ་ལྟར…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་སྐོང་བཤགས་ཚོགས་གཉིས་ཆར་འབེབས།
གྱུར་ཤོག །མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ལ། །ཕྲིན་ལས་རྒྱལ་བ་ཉིད་ཀྱི་ཚུལ། །ཟག་མེད་ཡོན་ཏན་ཀུན་གྱི་གནས། །ལྷུན་གྲུབ་རིག་འཛིན་ཉིད་གྱུར་ཅིག །མཐར་ཐུག་ཀ་དག་ཆོས་དབྱིངས་ངང་། །ཁ་སྦྱོར་ལོངས་སྤྱོད་རྫོགས་སྐུ་དང་། །གང་འདུལ་སྤྲུལ་པའི་སྐུར་སྣང་བས། །དོན་གཉིས་ཡིད་བཞིན་འགྲུབ་པར་ཤོག །མདོར་ན་བདག་གཞན་འགྲོ་བ་ཀུན། །རྩ་གསུམ་དཀྱིལ་འཁ…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨ་འོད་དུ་བགྲོད་པའི་སྨོན་ལམ་རིག་པ་འཛིན་པའི་ཤིང་རྟ།
༈ པདྨ་འོད་དུ་བགྲོད་པའི་སྨོན་ལམ་རིག་པ་འཛིན་པའི་ཤིང་རྟ་བཞུགས་སོ། །ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། མི་ཤིགས་ཐིག་ལེ་ཆེན་པོའི་ཡེ་ཤེས་ནི། །འོད་གསལ་གཉུག་མའི་མཁའ་དབྱིངས་དྭངས་པའི་ངོས། །ཟུང་འཇུག་དབང་པོའི་གཞུ་ལྟར་མངོན་སྣང་བའི། །རང་བཞིན་སྤྲུལ་པའི་ཞིང་མཆོག་པདྨ་འོད། །ཆོས་ཉིད་མངོན་སུམ་འཇའ་ཟེར་ཐིག་ལེའི་ཀློང་། …
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
པདྨ་འོད་དུ་བགྲོད་པའི་སྨོན་ལམ་རིག་པ་འཛིན་པའི་ཤིང་རྟ།
སྒྱུར། །དེ་དབུས་གདོད་མའི་མགོན་པོ་འོད་མཐའ་ཡས། །སྙིང་རྗེའི་གཏེར་ཆེན་ཕྱག་ན་པདྨོ་དང་། །སྐུ་གསུམ་ཀུན་འདུས་འཆི་མེད་ཐོད་ཕྲེང་རྩལ། །གང་འདུལ་སྤྲུལ་པའི་མཚན་མཆོག་བརྒྱད་ལ་སོགས། །མཚན་དང་སྐུ་ཡི་རྣམ་རོལ་མཐའ་ཀླས་པའི། །སྒྱུ་འཕྲུལ་དྲྭ་བ་ཆེན་པོར་འདུན་ས་དེར། །བདག་གཞན་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ཀུན། །ཚེ་འདི་འཕོས་མ་ཐག་ཏུ་སྐྱ…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་ཤིས་བརྗོད་དགེ་ལེགས་ཆར་འབེབས།
རྩ་གསུམ་བདེ་གཤེགས་འདུས་པའི་ཤིས་བརྗོད་དགེ་ལེགས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །བཀྲ་ཤིས་གང་ཞིག་སྐུ་དང་ཡེ་ཤེས་རྒྱ་མཚོའི་དངོས། །གཟོད་ནས་རབ་ཞི་རྣམ་ཀུན་མཆོག་ལྡན་འོད་གསལ་དབྱིངས། །གདོད་མའི་མགོན་པོ་ཀུན་བཟང་ཆོས་སྐུ་མཚོ་སྐྱེས་རྗེའི། །བདེན་པ་དེས་ཀྱང་འཆི་མེད་འགྲུབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་སྣང་ཆ་བདེ་ཆེན་ཐོད་ཕ…
JKT015
· འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
རྩ་གསུམ་བདེ་གཤེགས་འདུས་པའི་ཤིས་བརྗོད་དགེ་ལེགས་ཆར་འབེབས།
ཡོངས་རྫོགས་ཧེ་རུ་ཀའི། །བདེན་པ༴ །བཀྲ་ཤིས་གང་ཞིག་སྤྲོས་བྲལ་ངང་ལས་མ་གཡོས་ཀྱང་། །རྣམ་པ་གང་འདུལ་སྒྱུ་འཕྲུལ་དྲ་བའི་རོལ་མོ་ཅན། །སྣ་ཚོགས་ཞིང་དུ་སྤྲུལ་པའི་བཀོད་པ་མཐའ་ཀླས་པའི། །བདེན་པ༴ །བཀྲ་ཤིས་གང་ཞིག་བླ་མ་ཀུན་འདུས་པདྨ་འབྱུང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ཡོངས་ཀྱི་འཁོར་ལོས་སྒྱུར། །གྲངས་མེད་དཔའ་བོ་མཁའ་འགྲོ་རྒྱ་མཚོའི…