Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 364 of 500
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
ཞེས་བྱང་ཤར་གྱི་བུམ་པས་བཀྲུ། དེ་ནས་སྐུ་མཆོག་རྣམ་དག་ལྟ་བས་མི་ངོམས་ལ། །ངོ་མཚར་སྐྱོན་བྲལ་མཁའ་དཀྱིལ་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང༌། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་ས…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། ཞེས་བརྗོད་ཅིང༌། གུར་ཀུམ་སོགས་དྲི་བཟང་པོ་ཏིལ་མར་དང་བཅས་པས་བྱུག་གོ། སྣ་ཚོགས་དབང་བོའི་གཞུ་ལྟར་རབ་བཀྲ་བ། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། ། བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝ་སྟྲ་ཡེ་ཨཱཿ་ཧཱུཾ་སྭཱ་ཧཱ། ཞེས་པས་ན་བཟའ་དང༌། བདེ་གཤེགས…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
ཞེས་བརྗོད་ཅིང༌། དྲི་སྣ་ཚོགས་ཀྱི་བུམ་པས་བཀྲུས་པའི་རྗེས་སུ་སྔར་བཤད་པ་ལྟར་སྐུ་ཕྱིའོ། །དེ་བཞིན་དུ་ཇི་ལྟར་བལྟམས་པ་ཙམ་ཞེས་པ་ནས། ཡེ་ཤེས་དྲི་ཡིས་ལེགས་བསྒོས་པ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ཅེས་པའི་བར་གྱིས་ཚིགས་བཅད་བདུན་པོ་རེ་རེའི་ཐོག་མར་ལས་ཐམས་ཅད་པ་དང༌། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཱཿཞེས་བརྗོད་ཅིང་བདུད་རྩི་ལྔ་ནས་…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
ཅེས་པ་བཅུག། པཱ་དྱཾ་གྱི་གནས་སུ་ཨཱཉྩ་མ་ནཱཾ་དང་། ཨརྒྷ་ཞེས་པ་བཅུག་ལ་ཞལ་བསིལ་དང་མཆོད་ཡོན་དབུལ། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་ཁྱེད་ལ་དབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ན་ས་མ་ཡ་ཤྲི་ཡེ་སྭཱ་ཧཱ། ཞེས་མེ་ཏོག་དང༌། ལྷན་ཅིག་སྐྱེས་དང་སྦ…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
གཡོན་པས་དྲིལ་བུ་དཀྲོལ་ཞིང༌། ཐུགས་རྗེ་ཡི་ནི་བདག་ཅན་བདག །སློབ་མ་རྣམས་ལ་རྗེས་བརྩེ་དང༌། །ཁྱེད་རྣམས་ལ་ཡང་མཆོད་སླད་དུ། །སང་ནི་རབ་གནས་བགྱིད་པར་འཚལ། །བཅོམ་ལྡན་གུས་པས་བདག་ལ་ནི། །དེ་ཕྱིར་བཀའ་དྲིན་མཛད་པར་འོས། །རྡོ་རྗེ་ཅན་བདག་ཆེ་གེ་མོ། །སྐུ་གསུང་ཐུགས་རྟེན་རབ་གནས་ནི། །ཡོན་བདག་ཅི་ནུས་ཡོ་བྱད་ཀྱིས། །སང་ནི་ཡང་དག་བགྱ…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
བཤོས་འདི་དག །འབུལ་གྱི་ཡང་དག་བཞེས་སུ་གསོལ། །པ་ཊ་ཧ་དང་ཏེ་འུ་སོགས། །རྔ་དང་དུང་སོགས་སྒྲ་དབྱངས་དང༌། །ཡིད་འཕྲོག་གཟུགས་བརྙན་སྣ་ཚོགས་པ། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། ཞེས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད་དོ། །སོ་སོའི་སྔགས་རྣམས་སྔ་མ་བཞིན་ནོ། །ཕྱག་ནི་དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་ད་བནྡྷ་ན་མ་ཀ་རོ་མི། ཞེས་ཕྱག་བྱ། དེ་…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
༼འདི་ནས་མ་མི་འདུག་༽དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང༌། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གཤེགས་གསོལ་ནི། ཨོཾ་པཱུ་ན་རཱ་ག་མ་ན་ཡ་མུཿཞེས་པས་གཤེགས་སུ་གསོལ། དེ་རྣམས་ནི་སྙན་གསན་གྱི་རིམ་པའོ། །གནས་ལྔར་དྲིས་བྱུག་པ་ནི། །རྟེན་དམ་ཚིག་པར་གསལ་བ་རྣམས་ཀྱི་ཐུགས་…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
བཞིན་རྟེན་བསྐྱེད་དེ། །ཆུ་བཞི་ནས་ནི་རྒྱན་དབུལ་བར། །སླར་ཡང་སྔ་མ་བཞིན་དུ་བྱ། །གསོལ་བ་གདབ་ཅིང་སེམས་བསྐྱེད་དེ། །མིག་དང་སྐུ་སོགས་བྱིན་གྱིས་བརླབ། །ཡེ་ཤེས་སྤྱན་དྲངས་མཆོད་ནས་ནི། །གསོལ་གདབ་དམ་ཚིག་པ་ལ་གཞུག །དབང་ལྷ་སྤྱན་དྲང་གསོལ་གདབ་ནས། །ནང་དབང་བྱས་ཏེ་ཆུ་དབང་བསྐུར། །དེ་བཞིན་ཅོད་པན་རྡོ་རྗེ་བདག །མིང་དབང་བསྐུར་བ་ས…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
རྒྱས་བཟེད་ཞལ་གཉིས་པར་ཞབས་བསིལ་དང༌། སྣོད་གསུམ་པ་ནས་མཛུབ་མོས་མེ་ཏོག་བླངས་ཏེ་ཁ་ཚུར་ཁ་འོག་ཏུ་བསྟན་ནས་མཐེའུ་ཆུང་ནས་རིམ་གྱིས་དཀྲོལ་བའི་ཕྱག་རྒྱ་དང༌། ཨཱཉྩ་མ་ནཱཾ་བཅུག་ལ་བཟེད་ཞལ་གསུམ་པར་ཞལ་བསིལ་དང༌། སྣོད་དེ་ཉིད་ནས་ཀུ་ཤའི་ཆུན་པོས་ཆུ་བླངས་ཏེ་པྲོཀྵནཱཾ་བཅུག་ལ་བཟེད་ཞལ་གསུམ་པར་བསང་གཏོར་ལན་གསུམ་དབུལ་ལོ། །གཏོར་མ་ནས་ས…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
པའི་སྒོ་ནས་གང་འདི་མཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ་རྒྱུ་དང་འབྲས་བུའི་དགོས་པ་ཕུན་ཚོགས་པ་དང་ལྡན་པ་ཆོས་ཐམས་ཅད་ཐུགས་སུ་ཆ…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
པ་ལ་སོགས་པ་རྣམས་མ་ལུས་པར་སྤངས་པ་དང་བདུད་བཞི་ལས་རབ་ཏུ་རྒྱལ་བའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པ་དང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པ་དང༌། དཔེ་བྱད…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་མཆོག་གསུམ་གྱི་རྟེན་ལ་རབ་ཏུ་གནས་པར་བགྱི་བས། དེའི་མཐུས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དབུགས་དབྱུང་ངོ་། །འཁོར་བའི་གཅོང་རོང་ཆེན་པོ་ལས་བསྒྲལ་བར་བགྱིའོ…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
བར་བགྱིའོ། །འཇིགས་པ་མ་མཆིས་པ་དང་བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་ཅིང་གནས་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་སྩལ་ཞིང་གནང་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ་ཅིང་མཛད་དུ་གསོལ་ཞེས་པའི་དུས་སུ་ཚོགས་པ་ཐམས་ཅད་ཀྱིས་ཀྱང་དེ་སྐད་བརྗོད་ཅིང་མེ་ཏོག་དོར་བར་བྱའོ། །ཁ་ཅིག་ནི་སྐབས་འདིར་རྟེན་དམ་ཚིག་པར་བསྐྱེད…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེ་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཙནྡྲ་ཨཱ་ས་ན་ཏི་ཥྛནྟུ། ཞེས་པས་གདན་དབུལ། དེ་ནས་ཐལ་མོ་སྦྱར་ནས། བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ནི། །བདག་ཀྱང་བློ་དང་ལྡན་པར་མཛོད། །ཅེས་གསོལ་བ་བཏབ་ལ། མཆོད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
གོས་རྒྱན་མེ་ལོང་བསྟན། །སྦྱིན་སྲེག་དབུལ་ཞིང་སྤྱན་དབྱེ་སོགས། ཞལ་བསིལ་མཆོད་ཡོན་སོར་ཙི་དབུལ། །དམ་བསྒྲག་གཟུགས་བསྒྱུར་མངའ་དབུལ་བྱ། །ཤིས་བརྗོད་བརྟན་བཞུགས་བསྟོད་དང་སྦྱང༌། །བཟོད་གསོལ་ཆོས་སྐྱོང་ཡོན་བདག་བསྒོ། །ཡོན་དབུལ་མཇུག་གི་ཆོ་གའོ། །མཆོད་པ་ནི། དེ་ནས་མཆོད་པ་བསང་སྦྱང་སོགས་སྔོན་དུ་བཏང་ནས། ལྷ་ཡི་མཆོད་ཡོན་དམ་པ་ཡ…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཞེས་པས་བསྟོད། གོས་ནི། དེ་ནས། སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་དབུལ་བར་བགྱི། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝ་སྟྲ་ཡེ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་ན་བཟའ་དང༌། རྒྱན་ནི། རྒྱལ་བ་མཚན་དཔེའི་ཞེས་སོགས་ཀྱིས་རྒྱན་དབུལ་ལོ། །མེ་ལོང་ནི།…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཅེས་བརྗོད་ཅིང༌། སྤྱན་དབྱེ་བའི་ཚུལ་བྱས་པས་ཞི་བ་ལ་སོགས་པའི་འཕྲིན་ལས་གྲུབ་པའི་དོན་དུ་ཡོན་བདག་ལ་སོགས་པ་ལ་གཟིགས་པ་ལྷུར་མཛད་པར་བསམ་མོ། །དེ་ནས་སྦྱིན་སྲེག་གི་མེ་ལ་མཉྫིའི་སྟེང་དུ་གནས་པའི་སྣོད…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
ཅག་བསོད་ནམས་ཞིང་དུ་འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བ་འདི་ཕུལ་བས། །དུས་གསུམ་དགེ་བའི་ལོ་ཏོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨ་ལས་སྐྱེས་ཏེ། །ཏིང་འཛིན་ཆོས་དང་ཟས་ལ་ལོངས་སྤྱོད་ཤོག །ཅེས་སྨོན་ལམ་དང་བཅས་པས་དབུལ་ལོ། །ཞལ་བསིལ་སོགས་དབུལ་བ་ནི། དེ་ནས་ཞལ་བསིལ་དང༌། མཆོད་ཡོན་སྔར་བཤད་པའི་སྔགས་ཀྱིས་ཕུལ་ལ། ཨོཾ་བཛྲ་ཏཾ་བུ…
JLD008
· རྗེ་ཙོང་ཁ་པ་བློ་བཟང་གྲགས་པ།
རབ་གནས་རྒྱས་པའི་ཟིན་བྲིས།
གཉིས་ལས། དང་པོའི་སྡོམས་ནི། ཆུ་བཞི་ཉེར་སྤྱོད་འདོད་ཡོན་ལྔ། །ནང་མཆོད་དབུལ་ཞིང་བསྟོད་པ་བྱ། །དཀྱིལ་འཁོར་རྟགས་བརྒྱད་ཁྲུས་གོས་རྒྱན། །འདོད་ཡོན་རིན་ཆེན་བདུན་དང་བཅུད། །གདུགས་སོགས་འབྲུ་དང་རིན་ཆེན་ལྔ། །སྨན་དང་བཀྲ་ཤིས་སྤྱི་ཡི་འོ། །དང་པོ་མཆོད་བསྟོད་རྒྱས་པའི་མངའ་དབུལ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙ…