Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 460 of 500
      JTN010 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་ཚེས་བཅུའི་ཆོ་ག
      དཔོན་མེད་ན་མཆོད་གཡོག་པས་མཎྜལ་ཕུལ་ཏེ། ཀུན་བཟང་རྣམ་སྤྲུལ༴ སོགས་ཀྱིས་གསོལ་བ་ལན་གསུམ་བཏབ། ཚོགས་པ་མེད་ན་ནི་ཞུ་འབུལ་མི་དགོས་སོ། །དེ་ནས་སྤྲོ་ཞིང་ལོང་ཡོད་ན་མངོན་རྟོགས་རྫོགས་པར་བདག་བསྐྱེད་བསྒོམ། བསྡུ་ན་སྐྱབས་འགྲོ་སེམས་བསྐྱེད། ཡིག་བརྒྱ་རྣམས་སོང་བའི་རྗེས་སུ་དག་པ་གསུམ་ཙམ་མོ། །ལྷན་སྐྱེས་ཙམ་ཞིག་བསྒོམ་ཀྱང་རུང་མོད་…
      JTN010 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་ཚེས་བཅུའི་ཆོ་ག
      ཨོཾ་ཨོཾ་བཾ། ཨོཾ་ཧཾ་ཡོཾ། ཨོཾ་ཧྲཱིཾ་མྃ། ཨོཾ་ཧྲིཾ་ཧྲིཾ། ཨོཾ་ཧཱུཾ་ཧཱུཾ། ཨོཾ་ཕཊ་ཕཊ། སོར་མོ་ལྔ་ལ་མཐེ་བོང་ནས་བརྩམས་ཏེ། ཨོཾ་ཨོཾ་ཧ། ཨོཾ་ན་མ་ཧི། ཨོཾ་སྭཱཧཱ་ཧཱུཾ། ཨོཾ་བཽ་ཥཊྚཧེ། ཨོཾ་ཧཱུཾ་ཧཱུཾ་ཧོ། སེན་མོ་རྣམས་གཅིག་ཏུ་འདུས་པ་ལས། ཨོཾ་ཕཊ་ཧཾ། དེ་རྣམས་གོ་ཆའི་ལྷ་བཅུ་གཉིས་ཀྱི་ངོ་བོར་གྱུར། ལག་པའི་ས་ཁམས་ལྟུང་བྱེད་མ། ཆུ་ཁམ…
      JTN010 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་ཚེས་བཅུའི་ཆོ་ག
      ན་བཞུགས་པའོ། །བདེ་ཆེན་འཁོར་ལོའི་འདབ་མ་བརྒྱད་ལ་ཤར་དུ་མཁའ་འགྲོ་མ་ནས་རྡོ་རྗེ་ཕྲེང་བས་མཚན་པའོའི། བར་མཁའ་ནང་དུ་དཀྱིལ་འཁོར་བསྐྱེད་པ་བཞིན་ནོ། །སྙིང་གའི་ཧཱུཾ་ཡིག་ནས་ཡོ་ག་ཤུདྡྷོ྅འི་སྔགས་ཀྱི་བར་དཀྱིལ་འཁོར་རྒྱལ་མཆོག་བཞིན་ནོ། །དེ་ནས་མཆོད་པ་རྣམས་བྱིན་གྱིས་བརླབས་ནས། ཆུ་གཉིས་འབུལ་བ་ནས་བརྩམས་ཏེ། །རྡོ་རྗེའི་གླུའི་བར…
      JTN010 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་ཚེས་བཅུའི་ཆོ་ག
      ཤོག་གི་བར་གྱིས་གཏོར་མ་གཉིས་པོ་ཕུལ་ཞིང་འཕྲིན་ལས་བཅོལ། དེ་ནས་ཡན་ལག་བདུན་པ་དང༌། རིགས་ལྔའི་སྡོམ་བཟུང་སོགས་དང༌། སྐྱབས་འགྲོ་སེམས་བསྐྱེད་སྨོན་ལམ་སོགས་ཀྱང་ཅི་ཤེས་བྱའོ། །དེ་རྗེས་ཚོགས་རྫས་བྱིན་གྱིས་བརླབས་པ་དང༌། བྱིན་དབབ། ཚོགས་ཕུད་དང་པོར་བཅད། ཚོགས་བསྲེས། ཡང་ཕུད་ཅིག་ཕུད་དང་པོ་དང་བསྲེ་བར་ཕུད་གཅིག་བཅད་ལ་བཞག ཚོགས་…
      JTN010 · ཏཱ་ར་ནཱ་ཐ།
      དཔལ་འཁོར་ལོ་སྡོམ་པའི་ཚེས་བཅུའི་ཆོ་ག
      པོའི་གླུ། མེ་ཏོག་འབུལ་བ་རྣམས་མ་ཆད་པར་བྱ། གཞན་ཇི་ལྟར་འོས་པ་སྐབས་དང་སྦྱར་ཞིང༌། དེ་དག་ལ་ཡང་སྔགས་ཙམ་བརྗོད་པ་དང༌། ཚིགས་བཅད་སྦྱར་བ་སོགས་ལོང་སྐབས་དང་བསྟུན་ཏེ། རྒྱས་བསྡུས་ཇི་ལྟར་འོས་པ་སྦྱར། སྐབས་འདིའི་རྗེས་ཆོག་ལ་རིག་མ་བཅུ་དྲུག་གི་མཆོད་པ་མེད་ཀྱང་ཆོག་གོ །ཇི་སྐད་བཤད་པ་འདི་དག་ལ་གོ་རིམ་ཅུང་ཟད་བསྒྱུར་ཀྱང་ཆོག་པའི་…
      JTN010 · ཏཱ་ར་ནཱ་ཐ།
      JTN010 · ཏཱ་ར་ནཱ་ཐ།
      ཕུན་ཚོགས་ལྔ་ལྡན་གྱི་ཁྲིད།
      ཕུན་ཚོགས་ལྔ་ལྡན་གྱི་ཁྲིད་ཅེས་བྱ་བ་བཞུགས།
      JTN010 · ཏཱ་ར་ནཱ་ཐ།
      ཕུན་ཚོགས་ལྔ་ལྡན་གྱི་ཁྲིད།
      ན་མོ་གུ་རུ། འདིར་རྒྱལ་བ་རྒྱལ་སྲས་ཆེན་པོའི་ཚུལ་འཛིན་པ། རིན་ཆེན་སྣང་བ་འོདཀྱི་རྒྱལ་མཚན་ནི། རྗེ་བཙུན་ཤཱཀྱ་མཆོག་ལྡན་གྱི་ཞལ་སྔ་ནས་ཀྱི་གསུངས་པའི་རྡོ་རྗེའི་ཚིག་འདིའི་གོ་དོན་ཉམས་སུ་བླངས་པའི་རིམ་པ་ནི། དང་པོ་སོ་སོར་ཐར་པ་རིགས་བདུན་གང་ཡང་རུང་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་པར་བླངས། རྣལ་འབྱོར་བླ་མེད་ཀྱི་དཀྱི…
      JTN010 · ཏཱ་ར་ནཱ་ཐ།
      ཕུན་ཚོགས་ལྔ་ལྡན་གྱི་ཁྲིད།
      ཐེག་ཆེན་ཐུན་མོང་མ་ཡིན་པའི་སེམས་བསྐྱེད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ཞེས་སོགས་ལན་གསུམ་གསོལ་བ་བཏབ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། །ཞེས་བུམ་པའི་ཆུས་དབང་བསྐུར། ལུས་ལྷ་སྐུ་གསལ་སྟོང་ལ་སེམས་གཏད། བུམ་དབང་ངོ༌། །བྱང་ཆུབ་སེམ…
      JTN010 · ཏཱ་ར་ནཱ་ཐ།
      ཕུན་ཚོགས་ལྔ་ལྡན་གྱི་ཁྲིད།
      སྔོན་འགྲོ་དང༌། དགེ་རྩ་བསྔོ་བ་རྗེས་ཏེ་འདི་གཉིས་ཐམས་ཅད་ལ་འདྲའོ། །དེ་ལྟར་ན་དམིགས་སྐོར་གཅིག་གོ །དེ་ནས་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་ཏེ། ངན་སོང་གསུམ་ན་ཚོར་བ་སྡུག་བསྔལ་སྲན་དུ་མེད། མཐོ་རིས་གྱི་བདེ་སྐྱིད་མི་བརྟན་ཅིང་འཇིག ལུས་སེམས་ལ་སྡུག་བསྔལ་དཔག་ཏུ་མེད་པ་རྒྱུན་མི་ཆད་པ་ཡོད། ལས་ཉོན་སྡུག་བསྔལ་གསུམ…
      JTN010 · ཏཱ་ར་ནཱ་ཐ།
      ཕུན་ཚོགས་ལྔ་ལྡན་གྱི་ཁྲིད།
      ཐམས་ཅད་དང་བྲལ་བའི་ངང་ནས། ཁ་ནང་ལོག་གི་ཤེས་པའི་ཆེར་གྱིས་བལྟས་པ་ན། གཞི་གདོད་མ་ནས་དངོས་བཟུང་ཐམས་ཅད་དང་བྲལ་ཞིང་གསལ་བའི་ཆོས་མི་དོར་བ། འགྱུར་མེད་ཀྱི་དབྱིངས་ལ་རང་ངོ་ཤེས་པ་སྐྱོང་བ་ནི་སྟོང་པ་ཉིད་བསྒོམ་པ་སྟེ། རང་རིག་མངོན་སུམ་གྱི་རྣལ་འབྱོར་ཡེ་ཤེས་ཀྱང༌། བདེ་གཤེགས་སྙིང་པོ་བསྒོམས་པ་ཞེས་ཀྱང་བྱ། གཉིས་མེད་ཀྱི་ཡེ་ཤེས་…
      JTN010 · ཏཱ་ར་ནཱ་ཐ།
      ཕུན་ཚོགས་ལྔ་ལྡན་གྱི་ཁྲིད།
      སེམས་ཀྱི་གསལ་བའི་ཉམས་ལ་མ་ཞེན་ཅིང་སྒྱུ་མ་ལྟ་བུར་ཤེས་པའོ། །དེ་བཞིན་དུ་བདེ་བ་དང་སྟོང་པའི་ཉམས་ལ་མ་ཞེན་པ་བྱ། བསྟོད་པ་དང་བདེ་བ་དང་ལོངས་སྤྱོད་ཕུན་ཚོགས་རྙེད་པ་ལ་སོགས་པ་རྣམས་ལ་ཞེན་པ་དང་དགའ་སྤྲོ་མི་བྱ། སྨད་པ་དང་སྡུག་བསྔལ་དང༌། དབུལ་ཕོངས་ལ་སོགས་པ་རྣམས་ལ་སྐྱོ་བ་དང་མི་དགའ་བ་ལ་སོགས་པ་མི་བྱ། ཐམས་ཅད་རྨི་ལམ་ལྟ་བུ་མཉམ…
      JTN010 · ཏཱ་ར་ནཱ་ཐ།
      ཕུན་ཚོགས་ལྔ་ལྡན་གྱི་ཁྲིད།
      ཁྲིད་བཞི་པོ་དེ་ལ་ནི་གཞི་ཆོས་ཞེས་བྱའོ། །གཞི་ཆོས་ཀྱི་སྙིང་པོ་ནི། གནས་ལུགས་ཀྱི་ལྟ་བ་ངོ་སྤྲོད་པ་སྟེ། དེའི་ལ་གཟུང་འཛིན་རང་བཞིན་མེད་པར་ངོ་སྤྲོད་པ། རང་རིག་ཡེ་ཤེས་དོན་དམ་དུ་ངོ་སྤྲོད་པ་དང༌། དེ་ཉིད་བདེ་ཆེན་ཟུང་འཇུག་དུ་ངོ་སྤྲོད་པའོ། །དང་པོ་ནི། སེམས་རང་བཞིན་མཉམ་པར་བཞག་པའི་ངང་ནས། ཕྱི་སྣང་བ་ལ་ཆེར་གྱིས་བལྟས་པས་ངོ་…
      JTN010 · ཏཱ་ར་ནཱ་ཐ།
      ཕུན་ཚོགས་ལྔ་ལྡན་གྱི་ཁྲིད།
      པའི་ཡུལ་ལས་འདས་ཀྱང༌། རང་རིག་རང་གསལ་ནམ་ཡང་རྒྱུན་མི་ཆད་པ་དང༌། ཡུལ་སྣང་དང་རྣམ་རྟོག་མ་ཤར་གྱི་ཁྱད་པར་འཕོ་འགྱུར་གང་ཡང་མེད་པར་ཉམས་སུ་མྱོང་བས་གཏན་ལ་དབབ་པ་ནི། གཉིས་མེད་ཀྱི་ཡེ་ཤེས་དོན་དམ་བདེན་པར་ངོ་སྤྲོད་པ་སྟེ། ངོ་སྤྲོད་བཞི་པའོ། ། གསུམ་པ་ནི། སེམས་ཀྱི་སྣང་བ་མ་འགགས་པ། དག་མ་དག་གི་སྣོད་བཅུད་ཀྱི་སྣང་བ་འཆར་དུ་རུང་བ…
      JTN010 · ཏཱ་ར་ནཱ་ཐ།
      ཕུན་ཚོགས་ལྔ་ལྡན་གྱི་ཁྲིད།
      ཁྲིད་བཞི་པ་འཁོར་ཕུན་སུམ་ཚོགས་པ་དང་འདྲ་སྟེ། གཉིས་པའི་འཁོར་ཡིན་པས་སོ། ཁྲིད་ལྔ་པ་ཆོས་ཕུན་སུམ་ཚོགས་པ་དང་འདྲ་སྟེ། གཙོ་འཁོར་དེ་གཉིས་ཀྱིས་ཉམས་སུ་མྱོང་བྱ་ཡིན་པས་སོ། །དེ་ལྟར་ན་འདི་ལ་ཕུན་སུམ་ཚོགས་ལྔ་ལྡན་གྱི་ཁྲིད་ཅེས་པའི་རྒྱུ་མཚན་དེ་དག་ཡིན་པས་སོ། །ཞེས་པ་འདི་ནི་སྡེ་སྣོད་འཛིན་པ་ཆེན་པོ་དཔལ་ལྡན་ཤཱཀྱ་བསྟན་འཛིན་དང་ས…
      JTN010 · ཏཱ་ར་ནཱ་ཐ།
      JTN010 · ཏཱ་ར་ནཱ་ཐ།
      བཛྲ་བྷཻ་ར་བའི་སྦྱིན་སྲེག་བསྡུས་པ།
      བཛྲ་བྷཻ་ར་བའི་སྦྱིན་སྲེག་བསྡུས་པ་བཞུགས།
      JTN010 · ཏཱ་ར་ནཱ་ཐ།
      བཛྲ་བྷཻ་ར་བའི་སྦྱིན་སྲེག་བསྡུས་པ།
      འདིར་སྦྱིན་སྲེག་བསྡུས་པ་ནི། ས་སྟེགས་གྲུ་བཞི་ཁྲུ་ཕྱེད་དོ་ཞིག་གི་སྟེང་དུ་ཐབས་ཁུང་གྲུ་གསུམ་ནང་གི་རྒྱ་ལ་ཆེ་ན་ཁྲུ་གང༌། འབྲིང་ལ་ཡང་སོར་ཉི་ཤུ། ཆུང་ན་མཐོ་གང་ཡོད། དཔང་དུ་རྒྱའི་ཆ་ཕྱེད་སྲབ་འཐུག་རྩེ་མོར་སོར་གསུམ་གཅིག་བྱ། རང་གི་མདུན་དུ་ཧོམ་ཁུང་གི་ནང་དུ་ལིངྒ་ཁྲག་གིས་བྱུགས་པ་གཅིག་བཅུག དམར་གཏོར་གྲུ་གསུམ་དང་མཆོད་པ་ས…
      JTN010 · ཏཱ་ར་ནཱ་ཐ།
      བཛྲ་བྷཻ་ར་བའི་སྦྱིན་སྲེག་བསྡུས་པ།
      ཆོག གཞན་སྲེག་རྫས་ཀྱི་དངོས་པོ་འབྲུ་རྣམ་པ་སྣ་ཚོགས་དང༌། རྩ་ཀུ་ཤ ཞི་རྒྱས་དབང་གསུམ་ལ་ཟས་མཆོག དྲག་པོ་ལ་ཤ་ཁྲག་སྣ་ཚོགས་དང༌། བོང་བུའི་སྦངས་དང༌། སྐྲ་ཤད་དང༌། དུར་ཁྲོད་ཀྱི་རུས་པ་ལ་སོགས་པ་དགོས་ཤིང༌། མེས་བསྲེགས་པར་འོས་པ་གང་འཛོམས་པ་དེ་ཕུལ་བས་ཆོག དེ་ནས་སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་དང༌། བདག་བསྐྱེད་སྔོན་དུ་…
      JTN010 · ཏཱ་ར་ནཱ་ཐ།
      བཛྲ་བྷཻ་ར་བའི་སྦྱིན་སྲེག་བསྡུས་པ།
      བྱའོ། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་ཐབ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རཾ་ལས་མེའི་ཕུང་པོ་ཉིད་དྲང་སྲོང་ཆེན་པོ་མེ་ལྷ། ཞི་རྒྱས་དབང་གསུམ་ལ། བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། དྲག་པོ་ལ། ནག་པོ་སྲིན་པོ་ལྟར་ཁྲོས་པ་གྲི་གུག་འཛིན་པའོ། །ཡང༌། ཡ་མནྟ་ཀས་བསངས། སྭ་བྷ་ཝས་སྦྱངས། མ…