Author
About 40% of texts have an author recorded — this list will grow as more are attributed.
10000 results
— page 494 of 500
JTN011
· ཏཱ་ར་ནཱ་ཐ།
དཔལ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ཆེན་མོ་མཧཱ་མཱ་ཡའི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ།
དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་དང༌། ལས་ཚོགས་ཀྱི་དེ་ཁོ་ན་ཉིད་དང༌། གླུའི་དེ་ཁོ་ན་ཉིད་དང༌། དམ་ཚིག་གི་དེ་ཁོ་ན་ཉིད་དང༌། དམན་པའི་དངོས་གྲུབ་ཀྱི་དེ་ཁོ་ན་ཉིད་དང༌། གཟུགས་ནས་བསྒོམ་པའི་བར་མང་དུ་གསུངས་ཀྱང༌། འདོད་པའི་དོན་སྒྲུབ་པའི་ཐབས་དེ་ཁོ་ན་ཉིད་བདུན་པོ་འདིའོ་ཞེས་པའི་ད…
JTN011
· ཏཱ་ར་ནཱ་ཐ།
དཔལ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ཆེན་མོ་མཧཱ་མཱ་ཡའི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ།
དཔེར་ན་སྒྱུ་འཕྲུལ་ཆེན་མོའི་བསྙེན་པ་མཐར་ཕྱིན་པས་མདུན་དུ་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་མདུང་རྩེ་གསུམ་པ་དང་སྦྲུལ་ཞགས་འཛིན་པ་ཁ་དོག་དུད་ཁ་བསྒོམས་ཏེ། མཆོད་གཏོར་སྤྱི་དང་མཐུན་པར་ཕུལ་ནས་ཨོཾ་བཛྲ་ཀྲོ་དྷ་མཧཱ་བཱ་ལ་ཧ་ན་ད་ཧ་ནི་པ་ཙ་བི་དྷྭཾ་ས་ཡ་ཡོ་སཽ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ཁྲི་བཟླས་ཤིང་བསྙེན་པ་བྱའོ། །ཕྱི་ནས་ཇི་ལྟར་འདོད་པར་…
JTN011
· ཏཱ་ར་ནཱ་ཐ།
དཔལ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ཆེན་མོ་མཧཱ་མཱ་ཡའི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ།
སོགས་ཏེ། ཁྱིམ་གང་དུ་རྒྱུད་འདིའི་གླེགས་བམ་ལ་གུས་པས་མཆོད་པས་གནས་པ་དང༌། ཀློག་པ་སྟེ་ཁ་ཏོན་དང་ཐོས་བསམ་བྱེད་པ་དང༌། དོན་བསྒོམས་པར་བྱེད་པ་དེ་དག་དམ་ཚིག་དང་བཅས་པ་ནི་ངེས་པར་དགོས་ཏེ། དེ་ལ་ཕན་ཡོན་གྱི་ཚོགས་འདི་རྣམས་འབྱུང་ངོ༌། །ཅི་ཞིག་ཅེ་ན། ནད་དང་རིམས་ཀྱི་ཚོགས་མི་འབྱུང་བ་དང༌། རྒས་པར་མི་འགྱུར་བ་དང༌། ལྷའི་བུའི་བདུད་…
JTN011
· ཏཱ་ར་ནཱ་ཐ།
དཔལ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ཆེན་མོ་མཧཱ་མཱ་ཡའི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ།
རྒྱུད་འདི་ལ་ཞུགས་པ་ནས་སངས་རྒྱས་མ་ཐོབ་ཀྱི་བར་མ་འོངས་པའི་དུས་ཐམས་ཅད་ཅེས་པའོ། །དེ་ལྟར་ན། རྒྱུད་འདི་ཚིག་ཉུང་ཡང༌། རྩ་རྒྱུད་བསྡུས་པ་ཡོངས་རྫོགས་ཡིན་པའི་ཕྱིར། བརྗོད་བྱའི་དོན། རྒྱུད་ཆེན་པོ་གཞན་ལས་ཉུང་བ་ནི་མ་ཡིན་ནོ། །གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ནི། རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱི་དགོངས་པ་སོགས་ཏེ། དེ་ལ་རྡོ་རྗེ…
JTN011
· ཏཱ་ར་ནཱ་ཐ།
དཔལ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ཆེན་མོ་མཧཱ་མཱ་ཡའི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ།
ཏེ་གཞན་ཡང་འདི་ཉིད་ཀྱི་ཡི་གེ་རྒྱ་བོད་དུ་བྱུང་བ། ཕྱོགས་འདིར་ཇི་ཙམ་ཡོད་པ་ཕལ་ཆེར་གྱི་དོན་ཁོང་དུ་ཆུད་ནས་བརྗོད་ཟིན་ཏོ། །འདིར་སྨྲས་པ། ནག་པོའི་འགྲེལ་པར་སློབ་མ་ལ་བཤད་དང༌། །ཤནྟི་པས་མཛད་ཚོགས་བཤད་བཟང་པོ་དང༌། གྲུབ་པའི་དགོངས་འདུས་མར་པའི་མན་ངག་སྟེ། །སྔགས་སྲོལ་བཤད་པ་བཟང་པོ་གསུམ་ཐོས་ཤིང༌། །ཞི་བའི་ཞབས་ཀྱི་མན་ངག་མཆོག་…
JTN011
· ཏཱ་ར་ནཱ་ཐ།
དཔལ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ཆེན་མོ་མཧཱ་མཱ་ཡའི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ།
བར་འགྱུར་བ་མ་ཡིན་ནམ། མཁས་པས་མངོན་པའི་ང་རྒྱལ་གྱིས་རྒྱུད་ཀྱི་འགྲེལ་པ་བྱས་པ་དེ་དག་ནི། རང་གི་རྣམ་པར་རྟོག་པ་ཙམ་ཡིན་གྱི། ཚོགས་སློབ་ཀྱི་བཤད་པ་གང་ཡང་མ་ཡིན་ནོ། །ཚོགས་ལ་བཤད་པ་དེ་ལ་དོན་དམ་སྟོན་པའང་ཤིན་ཏུ་མང་ཞིང༌། ཀུན་རྫོབ་གཙོ་བོར་སྟོན་པ་ཡིན་ཀྱང༌། ཐར་པ་མཆོག་དོན་གཉེར་ལ་ངེས་པར་དགོས་པ་ཤ་སྟག་སྟེ། སྟོང་པ་ཉིད་དང༌། སྙ…
JTN011
· ཏཱ་ར་ནཱ་ཐ།
དཔལ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ཆེན་མོ་མཧཱ་མཱ་ཡའི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ།
ཆེ་ཞིང་ལེགས་པར་མངོན་ནོ། །རྡོ་རྗེ་དང་མཚུངས་རྡོ་རྗེའི་ཚིག །དབྱེ་བ་དཀའ་བ་འདི་དབྱེ་ལས། །བླ་མེད་གོ་འཕང་བླ་མ་ཡི། །གནས་ལ་འགྲོ་ཀུན་གནས་པར་ཤོག །དཔལ་ལྡན་རྡོ་རྗེ་རོལ་པ་མོས། །གནང་བའི་མཚན་མ་ཐོབ་པ་ན། །བླུན་པོའི་བློས་ཀྱང་འགྲེལ་པ་བྱས། །དེ་ལ་འཕགས་རྣམས་བཟོད་པར་མཛོད། །རྩ་བའི་རྒྱུད་རྒྱལ་ཚིག་ཉུང་དོན་རྒྱས་པ། །ཕྱོགས་འདིར་…
JTN011
· ཏཱ་ར་ནཱ་ཐ།
དཔལ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ཆེན་མོ་མཧཱ་མཱ་ཡའི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ།
ཤོག་སྟོང་།
JTN011
· ཏཱ་ར་ནཱ་ཐ།
དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།
དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ་ཞེས་བྱ་བ་བཞུགས།
JTN011
· ཏཱ་ར་ནཱ་ཐ།
དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།
ཨོཾ་སྭཱ་སྟི། དམ་པའི་བདེ་མཆོག་བདུད་རྩིས་ངེས་བྲན་པའི། །ཤེས་རབ་མཛེས་མའི་ཚོགས་ཀྱིས་རྩེན་པའི་སྐུ། །དཔྱིད་ཀྱི་དགའ་བས་སེམས་ཅན་ཕན་དགེས་ཀྱང༌། །བདུད་ཀྱི་སྟོབས་འཇོམས་ཧེ་རུ་ཀ་ལ་འདུད། །མགོན་པོ་དེ་ཡིས་ངེས་པར་ཡང༌། །བྱང་ཆུབ་ལ་སྦྱར་མཁས་རྣམས་ཀྱིས། །རྣམ་དག་གཞུང་ལམ་བསྟན་པ་ལ། །བྱེད་པ་ཅི་ཡང་དགེ་ལེགས་ཉིད། །འདིར་དཔལ་སངས་རྒ…
JTN011
· ཏཱ་ར་ནཱ་ཐ།
དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།
འཁྱུད་པ། ཕྲེང་བཟང་མ་ལ་སོགས་པ་རྡོ་རྗེ་རོལ་པ་མོ་ཉི་ཤུ་རྩ་བཞིས་བསྐོར་བ་སྤྱན་དྲངས་ཏེ། རང་ལ་མངོན་དུ་ཕྱོགས་པས་བཞུགས་པར་གྱུར། འོད་ཟེར་རྣམས་སྙིང་གའི་ཧཱུཾ་ལ་ཐིམ། ཡང་སྙིང་གའི་ཧཱུཾ་ལས་ལྷ་མོ་བརྒྱད་ཅིག་ཅར་སྤྲུལ་ནས་མཆོད་པར་གྱུར། འཛག་པ་དེ་ལས་རྣལ་འབྱོར་མ། །བརྒྱད་པོ་བུ་མོ་རྣམས་ཀྱི་མཆོག །མཆོད་པ་སྣ་ཚོགས་འཛིན་པ་ཡིས། །མ…
JTN011
· ཏཱ་ར་ནཱ་ཐ།
དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།
གསུངས། །བྱང་དུ་འདོད་ཆགས་རྡོ་རྗེ་མ། །ལྷ་མོའི་ཆགས་པས་གཙོ་བོ་མཆོད། །དེ་ལྟར་ཧེ་རུ་ཀ་བསམ་ནས། །རྣལ་འབྱོར་མ་ནི་བརྒྱད་ཀྱིས་མཆོད། །སྣ་ཚོགས་ཟས་དང་སྣ་ཚོགས་སྐོམ། །སྣ་ཚོགས་རོལ་མོ་མཆོག་གསུངས་དང༌། །དྲི་ཞིམ་ལྔ་དང་མེ་ཏོག་སྤོས། །འདི་དག་གིས་ནི་གཙོ་བོ་མཆོད། །མཆོད་ཡོན་ཞལ་བསིལ་དེ་བཞིན་ཁྲུས། །གླུ་ཡི་མཆོག་ནི་རྣམ་མང་པོས། །མ…
JTN011
· ཏཱ་ར་ནཱ་ཐ།
དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།
དཔའ། འཕགས་པའི་དགེ་འདུན་དཀོན་མཆོག་ལ་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ། །ཀྱེ་མ་མ་ལ་བདག་གིས་སེམས་ཅན་ཀུན་གྱི་དོན་དང༌། ཕན་པ་དང༌། བདེ་བ་དང༌། ཇི་སྲིད་དུ་དེ་རྣམས་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ། བླ་ན་མེད་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་བཀོད་པའི་བར་དུ་དེའི་ལམ་སྒྲུབ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན…
JTN011
· ཏཱ་ར་ནཱ་ཐ།
དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།
གམ་བ་དན་དང་ཡཾ་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བ་བདུན་དང་རཾ་གྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་དང་བཾ་གྱིས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེ་དང་ལཾ་གྱི་མཚན་པ། དེ་ལྟར་འབྱུང་བ་བཞི་རོ་གཅིག་ཏུ་འདྲེས་པ་ལས། རིན་…
JTN011
· ཏཱ་ར་ནཱ་ཐ།
དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།
ཚོགས་པདྨ་འདབ་མ་བརྒྱད་པས་ཁྱབ་པ། དེའི་ལྟེ་བ་སྔོན་པོ་ལ་སླར་ཡང་པདྨ་ལ་གནས་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་མི་རོའི་སྙིང་གར་ཉི་མའི་དཀྱིལ་འཁོར་དང༌། ཕྱོགས་ཀྱི་འདབ་མ་བཞི་དང༌། འཁོར་ལོ་ཕྱི་མ་གཉིས་ཀྱི་རྩིབས་རྣམས་སུ་པད་ཉི་དང༌། སྒོ་བཞིར་པདྨ་ཉི་མ་མི་རོའི་གདན་རྣམས་སོ། །མེ་ལྕེའི་ཁོར་ཡུག་གི་ཕྱི་རོལ་དུ། དུར་ཁྲོད་ཆེན་པོ་…
JTN011
· ཏཱ་ར་ནཱ་ཐ།
དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།
གྱིས། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྙཱ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ། ཕྲག་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་དེ་རྣམས་ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་གཉིས་ཀྱི་བར་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ལྟེ་བ་ལ་ཧཱུཾ་གིས་མཚན་པ་ཐབས་དང་ཤེས་རབ…
JTN011
· ཏཱ་ར་ནཱ་ཐ།
དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།
མོ་ཕྱག་གཉིས་མས་ཕྱག་མཚན་བཞི་བཟུང་བ་སྟེ། གཡས་ཅང་ཏེའི་སྟེང་ན་གྲི་གུག་དང༌། གཡོན་ཁ་ཊྭཱཾ་ཐོད་པ་ལྷན་ཅིག་པར་བཤད་པའང་སྣང་ངོ༌། །ཐུགས་ཀྱི་འཁོར་ལོའི་འདབ་མ་རྣམས་ལ། ཤར་དུ་འཕྲེང་བཟང་མ། བྱང་དུ་ཐོད་ཅན་མ། ནུབ་ཏུ་འཇིགས་བྱེད་མ། ལྷོར་ཐུབ་དཀའ་མ། དབང་ལྡན་ལ་སོགས་པའི་མཚམས་ཀྱི་འདབ་མ་བཞི་ལ། གཡས་བསྐོར་གྱི་ཁུ་བ་དང༌། རྡུལ་དང༌། བ…
JTN011
· ཏཱ་ར་ནཱ་ཐ།
དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།
ཀྱི་འོད་ཀྱིས་སྐུ་གང༌། ཡུམ་གྱི་བྷ་ག་ཧྲཱིཿལས་བྱུང་བའི་པདྨ་དམར་པོ། ལྟེ་བ་ལ་ཨཱཿཡིག་དམར་པོས་མཚན་པ། ཡབ་ཀྱི་ལིངྒ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནག་པོ་རྩེ་མོ་ལ་ཨོཾ་དཀར་པོས་མཚན་པ། ལྷ་མོ་ཉི་ཤུ་རྩ་བཞི་སྣ་ཚོགས་བདེ་མ་དང་ལྷན་ཅིག་དབྱེར་མེད་པས། བཅོམ་ལྡན་འདས་ལ་འདོད་པ་མཛད་དེ་བཅོམ་ལྡན་འདས་ཀྱིས་ཀྱང་ངོ༌། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ན…
JTN011
· ཏཱ་ར་ནཱ་ཐ།
དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།
པའི་རང་བཞིན་ཐོང༌། །དངོས་པོ་མཐའ་ཡས་ཁྱོད་ཐོང་ལ། །རྣལ་འབྱོར་མ་ཡི་ཚོགས་ལ་སྤྱོད། །ཚིགས་བཅད་འདི་དག་མི་འཇིགས་པའི་གཞུང་འགྲེལ་འགྱུར་གསར་ན་དྲངས་པ་རྣམས་གོ་བདེ་ཞིང་འགྱུར་ལེགས་པར་སྣང་ཡང༌། ལག་ལེན་མཛད་པའི་རྒྱུན་ལ་གྱི་ཇོའི་འགྱུར་བཞིན་མཛད་ཀྱིན་སྣང་བས་དེ་ལྟར་དྲངས་སོ། །ས་ར་ཧས་མཛད་ཟེར་བའི་སྒྲུབ་ཐབས་ལྟར་ན། གཙོ་བོ་ཡབ་ཡུམ…
JTN011
· ཏཱ་ར་ནཱ་ཐ།
དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་དེ་ཁོ་ན་ཉིད་གསལ་བ།
ཆེན་པོས་སྐུ་ལ་ཉེ་བར་བརྒྱན་པ། སྟག་གི་ལྤགས་པའི་ཤམ་ཐབས་རྒྱབ་ཀྱི་ཆར་འཛིན་པ། མིའི་རྒྱུ་མ་རློན་པའི་ཚངས་སྐུད་དང༌། དཔྲལ་བར་ཐོད་པ་ལྔའི་ཕྲེང་བས་བརྒྱན་ཞིང༌། ཐོད་རློན་ལྔ་བཅུའི་དོ་ཤལ་ཅན། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། གདུབ་བུ་…