Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 385 of 500
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཏོར་འབུལ
      དབང་ཕྱུག་དམ་པར་གྱུར་པ་ཡབ་ཧེ་རུ་ཀ་དཔལ་ཉིད་དང་། ཟག་མེད་ཆོས་སྐུའི་དབྱིངས་ལ་ཐ་མལ་ཆགས་པའི་འཛིན་རྟོག་མི་མངའ་ཡང་། རྗེས་ཐོབ་ཀྱི་ཆགས་པའི་རྣམ་པ་ཆགས་པ་ཆེ་བའི་ཚུལ་ལྟར་སྟོན་པ་རྣམས་ཀྱི་དབང་ཕྱུག་ཡུམ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་དེ་ལ་འདུད་དོ། དེ་ཡང་སྲིད་དང་ཞི་བ་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་རོ་གཅིག་ཏུ་མཉམ་པར་གྱུར་ཅིང་…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཏོར་འབུལ
      མཛོད་ཅིག །དེ་བཞིན་དུ་ལྷ་མོ་རྣམས་ཀྱིས་ཀྱང་ཤིན་ཏུ་རྗེས་སུ་བརྩེ་བར་མཛད་དུ་གསོལ། ཞེས་གསོལ་གདབ་ལ། དུར་ཁྲོད་བརྒྱད་ཀྱི་ཕྱོགས་སྐྱོང་ལ་སོགས་པ་རྣམས་ལའང་ཕྱོགས་མཚམས་ཀྱི་རིམ་པས་ༀ་ཁ་ཁ་ཁཱ་ཧི་སོགས་ཀྱིས་གཏོར་མ་དབུལ། ལྷ་ཀླུ་གནོད་སྦྱིན་སོགས་ཀྱིས་ཕྲིན་ལས་བཅོལ་ལོ། ༈ །ཡི་དམ་གྱི་ལྷ་འདི་ཉིད་ལོངས་སྐུ་ཧེ་རུ་ཀ་དེ་བཞིན་གཤེགས་པ…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཏོར་འབུལ
      བཏགས་ཞེས་པ་དེ་གོང་འོག་ནོར་འདུག་པས། ས་བོན་ལྔ་དེས་བདུད་རྩི་ལྔ་པོ་ཡེ་ཤེས་ལྔར་སྦར་བར་བྱེད་པའི་ཕྱིར་ན་འབྲས་མིང་རྒྱུ་ལ་བཏགས་ཏེ། ཞེས་དགོས། ༈ ཡང་ལྷ་བསྐྱེད་དབུར། དེའི་སྟེང་དུ་ཡཾ་ལས་རླུང་ཞེས་པ་དེ་ནོར་བས། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ཡི་དབྱིབས་ཞེས་དགོས། ༈ མཆོད་པའི་ནང་སྒྲ་ལ་ཟིན་དང་མ་ཟིན་སོགས་…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      གཏོར་འབུལ
      པ་དེ་དུ་བ་ལྟ་བུ། སྙན་པའི་སྒྲ་རླུང་གིས་བསྐྱོད་པའི་དྲིལ་སྒྲ་ལྟ་བུ། མི་སྙན་པ་བྲག་རལ་བ་ལྟ་བུ་དང་བརྒྱད་ཡོད་པ་ལས་སོགས་འཆོས་ཐབས་ཞུ།། ༈ ཡང་རྩ་བསྐྱེད་སྐབས། གཡས་སུ་རོ་མ་དམར་མོ། གཡོན་དུ་རྐྱང་མ་དཀར་པོ་ཞེས་བཅོས་ཐབས་ཞུ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གས…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ་བཞུགས་སོ། །
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ཐ་མི་དད་པ་ལ་ཕྱག་འཚལ་ལོ། །དེའི་ལྷ་ཁྲིད་ཟིན་བྲིས་གསུམ་གྱི་དགོངས་པ་བཞིན་བཤད་པར་བྱའོ། །དེ་ལ་བརྒྱུད་པའི་ལོ་རྒྱུས་ནི། རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་མན་ངག་མཐའ་དག་རྡོ་རྗེ་རྣལ་འབྱོར་མ་དང་རྡོ་རྗེ་འཆང་དངོས་ལས་གསན་ཏེ་རྗེ་ནཱ་རོ་པར་གདམས་ཤིང་། དེས་ཀྱང་དཔལ་ལྡན…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      གཉིས་མེད་ཀྱི་མན་ངག་གསན་ནས་སྒྲུབ་ཐབས་ཀྱི་གཞུང་མཛད་དེ་སྲས་ཀྱི་ཐུ་བོ་རྗེ་མར་པ་ལ་གནང་ནས། ད་སྟེ་ཞག་བདུན་ན་དགུན་གྱི་ཉི་མ་ལྡོག །དེ་ནས་ནག་པོའི་ཚེས་བཅུ་ལ་དུར་ཁྲོད་སོ་ས་གླིང་དུ་སོང་དང་ལྷན་ཅིག་སྐྱེས་མས་རྗེས་སུ་འཛིན་པར་འགྱུར་རོ་གསུངས་ཏེ་དེར་བྱོན་པས་ལྷན་ཅིག་སྐྱེས་མ་མིའི་བུ་མོའི་རྣམ་པར་བསྟན་པ་དང་མཇལ། བསྐྱེད་རྫོགས…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      རྗེ་གདན་དུ་སྟོན་པའི་ཚེམས་མཆེ་བ་ལྟོས་ལ་བོད་དུ་སོང་། སྐལ་ལྡན་རྗེས་སུ་ཟུང་ཞིག་པར་ལུང་བསྟན། ཚེམས་མཆེ་བ་གཟིང་པས་ཏ་ལའི་ལོ་མ་ལ་ལི་ཁྲིས་སིང་ག་ལའི་ཡི་གེར་བྲིས་པའི་དཔེ་བྱང་བུ་ཞིག་རྙེད་དེ་སྤྱན་དྲངས་པས་བསྐྱེད་རྫོགས་གཉིས་ཀྱི་དཔེར་སྣང་། རྗེ་དེས་མི་ལ་མཐུ་ཆེན་ལ་བསྐྱེད་རྫོགས་ཀྱི་གཙོ་བོ་རྣམས་དངོས་སུ་གནང་། གནད་ཁ་ཅིག་ཤ…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      སྐྱེལ་ཐུང་གི་སར་གནང་། རྗེ་སྒམ་པོ་པ་བཀའ་གདམས་ཀྱི་ཚོགས་སུ་བཞུགས་པས་ཉམས་མྱོང་འགྲིབ་པའི་ཚེ་ཉམས་སུ་བཞེས་པས་ཆོས་སྐུ་དངོས་སུ་གཟིགས་ཏེ་རྟོགས་པའི་མཐར་ཐུག །དེས་རྗེ་དུས་གསུམ་མཁྱེན་པ་ལ་ཀཾ་པོ་གངས་རར་སོང་ཞིག་པའི་འགྲོ་ཆོས་སུ་བསྐྱེད་རྫོགས་གཉིས་གནང་། དེ་ནས་འགྲོ་མགོན་སངས་རྒྱས་རས་ཆེན་ནས་དཔལ་མཁའ་སྤྱོད་དབང་པོའི་བར་དུ་སྐ…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      ནུས་ངེས་སུ་སྨིན་པར་མཛད་དེ་དེ་ཕྱིན་ལྷ་ཁྲིད་ཀྱི་མཚན་ཉི་ཟླ་ལྟར་གྲགས་ཤིང་། རྗེ་དེ་བཞིན་གཤེགས་པ་དང་། ཆོས་ཀྱི་མིང་ཅན་དང་། ལྷ་གཟིགས་པས་ཟིན་བྲིས་མཛད་པས་ཟིན་བྲིས་གསུམ་གཙོ་བོར་གྲགས་ཅིང་གཞན་ཡང་ཟིན་བྲིས་དུ་མ་བྱུང་བར་སྣང་ངོ་། །དེ་ཡང་གང་བསྒྲུབ་ན་སངས་རྒྱས་ཐམས་ཅད་སྐྱེད་པ་དང་གསོ་བ་དང་བཞེད་དོན་སྒྲུབ་པ་དང་བརྟེན་པའི་ཡུ…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      མེད་ཀྱིས་བསྒྲུབ་ལ། བརྡའི་རྡོ་རྗེ་རྣལ་འབྱོར་མ་ནི། ལུས་ལ་ཡེ་ཤེས་ཆེན་པོ་གནས། ཞེས་སམ། ལྟེ་བའི་དབུས་གནས་འབྱུང་བཞི་འཕྲོ། །ཞེས་པ་ལྟར་རྡོ་རྗེའི་ལུས་ལ་དམ་ཚིག་པའི་ངོ་བོར་གནས་པའི་ཙཎྜ་ལཱི་སྟེ་གཙོ་བོ་བདེ་ཆེན་རླུང་སེེམས་གཉིས་མེད་ཀྱིས་བསྒྲུབ་བོ། །རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་ནི། བརྡ་དོན་གྱི་རྡོ་རྗེ་རྣལ་འབྱོར་མ་དབྱ…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      ཀྱིས་བསྐྱེད་རྫོགས་རེ་རེས་ཀྱང་ཐམས་ཅད་དབྱེར་མེད་དུ་བསྒྲུབ་བོ། །སྒྲུབ་པ་དངོས་ལ་གདུལ་བྱ་རིམ་འཇུག་གི་དབང་དུ་བྱས་ན་གསུམ་སྟེ། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་བོ། །དང་པོ་ནི། དབང་དང་བྱིིན་རླབས་ཐོབ་པའི་རྣལ་འབྱོར་པས་སྟན་བདེ་བར་འདུག་སྟེ། སྐྱབས་སེམས་དང་། ཚད་མེད་པ་བཞི་དང་། ཡིག་བརྒྱའི་བསྒོམ་བཟླས་ཀྱིས་རྒྱུད་དག་པར་བྱ…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      དང་གྲི་ཐོད་ཁ་ཊྭཱཾ་ག་འཛིན་པ། གར་སྟབས་ཀྱིས་བཞེངས་པ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཅན། ཁྲོ་མོ་སྤྱན་གསུམ་པ། དབུ་སྐྲ་གྱེན་དུ་བརྫེས་ཤིང་མེ་ཕུང་ནང་ན་བཞུགས་པར་བསམ། དེའི་ཐུགས་ཀར་པད་ཉི་ལ་བཾ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བར་བསམ། དེའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཏེ་རང་ལ་བསྟིམ། ཡང་འོད་ཀྱིས་དབང་ལྷ་སྤྱན་…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      སྤྱན་དྲངས་ས་བོན་ལ་བསྟིམ་ཞིང་། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་ཝརྞྞ་ནཱི་ཡཻ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་ༀ་གསུམ་མ་དང་། ཧ་རི་ནི་ས་སྤངས་པའི་སྙིང་པོ་ཅི་ནུས་བཟླའོ། །མཐར་ས་བོན་ལས་འཕྲོས་པའི་ལྷ་མོས་མཆོད་པར་བསམ་སྟེ་མཆོད་བསྟོད་མདོར་བསྡུས་བྱ། གཏོར་མགྲོན་སྤྱན་དྲངས་ཏེ་གཏོར་ཆོག་ལྟར་གཏོར་མ…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      བ་གང་བཏབ་ཐོབ་འགྱུར་བ། །དེའི་སྒྲུབ་ཐབས་བཤད་པར་བྱ། །ཞེས་པས་དགོས་པ་ཕན་ཡོན་དང་བཅས་པའི་རྩོམ་པར་དམ་བཅའ་བ་བསྟན་ཏོ། །འདི་ཉམས་སུ་བླང་བ་ལ་བཞི། ཇི་ལྟར་སྒྲུབ་པའི་ཚུལ། གྲུབ་ནས་སྤྱོད་པ་བྱ་ཚུལ། བསྲུང་བྱའི་དམ་ཚིག །ཐོབ་བྱའི་འབྲས་བུའོ། །དང་པོ་ལ་གསུམ། བསྐྱེད་རིམ་གྱི་སྒྲུབ་པ། རྫོགས་རིམ་གྱི་སྒྲུབ་པ། ཡན་ལག་གི་དོན་ཏོ། །དང…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      གནས་དེ་ལྟ་བུར་བསྒྲུབ་སྟེ་འདིས་ནི་ས་བརྟག་པའི་དོན་ཡང་ཚང་ངོ་། །གཉིས་པ་ནི། ཡར་གྱི་ངོ་ཡི་ཚེས་བཅུ་ལ། །ཞེས་པས་དགུ་ཡན་ལ་བཅའ་བ་ཚོགས་པར་བྱས་ཏེ་བཅུ་ལ་བསྒྲུབ་བོ། །གསུམ་པ་ནི། བསངས་ཆུའི་དོན་དུ་ཐོག་མར་ལག་མཆོད་བྱ་སྟེ། སྐྱེས་པའི་ཐོད་པ་ཆ་གཅིག་པའམ་ཆ་གསུམ་པར་འབྲས་སོགས་འབྲུ་དང་། རྒུན་འབྲུ་སོགས་ཤིང་ཐོག་དང་། བུ་རམ་སོགས་ཤི…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      སྭ་བྷཱ་ཝ་བརྗོད་བཞིན་པས་ཆང་གི་ནང་དུ་མདུན་ནས་གཡོན་ངོས་སུ་ཟླུམ་པོར་བསྐོར་བས་བདུད་རྩིའི་རྒྱ་མཚོ་དཀར་མེར་བསམ་པ་ནི་བདེ་བའི་བརྡའོ། །དེ་ནས་མདུན་ནས་གཡོན་བསྐོར་དུ་ཆོས་འབྱུང་གྲུ་གསུམ་པ་བྲི་བཞིན་པས་ༀ་ཨཱཿཧཱུྃ་བརྗོད་པ་ནི་བདེ་བ་སྟོང་པར་རྟོགས་པའི་བརྡའོ། །དེའི་དབུས་སུ་ཧྲཱིཿཧ་རི་ནི་ས་ཞེས་ཐིག་ལེ་ལྔ་བྱས་པ་ནི་སྟོང་པ་རང་…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      བདེ་སྟོང་གི་མཆོད་པ་ནི་གསང་བ་སྟེ་མཆོད་པ་གསུམ་བྱ། བསྟོད་ནས་གཡས་འབར་བའི་ཕྱག་རྒྱ་ཕྱེད་པ་དཔྲལ་བར་བཞག་སྟེ། རང་བཞིན་གྱིས་གྲུབ་པའི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རྟེན་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་མོས་ཏེ་ཕེཾ་ཡིག་བརྗོད། མཆོད་པ་གསུམ་གྱིས་མཆོད། ཡབ་ཡུམ་གྱི་རྐང་བརྒྱད་བོད་སྐད་མས་བསྟོད། འདི་ལ་རྒྱས་པར་ན་…
      KMC015 · ཕྱོགས་བསྒྲིགས་མཛད་པ་པོ། རྫོགས་ཆེན་དཔོན་སློབ་བདུན་པ་ཀརྨ་གསུང་རབ་ངེས་དོན་བསྟན་པའི་རྒྱལ་མཚན།
      རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་བསྐྱེད་རིམ་གྱི་ལྷ་ཁྲིད་རྣམ་བཤད་ཟབ་མོ་རྣམ་འབྱེད་ཀྱི་སྙིང་པོ་བསྡུས་པ།
      དོན་དགུ་ཡིག་རྙིང་རྣམས་ལས་བཤད་དོ། །དེ་ནས་ནམ་མཁའི་དཀྱིལ་འཁོར་ལག་པའི་དཀྱིལ་འཁོར་ལ་བསྟིམས་པས་ཡབ་ཡུམ་རྟེན་དང་བརྟེན་པར་བཅས་པ་དབྱེར་མེད་དུ་ཞུ། དེ་ཆང་ལ་བླུགས་པས་ཆང་གི་དཀྱིལ་འཁོར་ཀྱང་ཞུ་སྟེ། དབྱེར་མེད་པའི་ཡེ་ཤེས་ཀྱི་རང་བཞིན་སྐུའི་བདུད་རྩི་ཟླ་བ་ལྟར་དཀར། གསུང་གི་བདུད་རྩི་ཉི་མ་ལྟར་དམར། ཐུགས་ཀྱི་བདུད་རྩི་བཻ་ཌཱུར…