Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 500 of 500
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཉིན་མཚན་འོད་གསལ་གྱི་འཁོར་ལོ།
      བུའི་པྲྀ་ཤའི་ཡལ་ག་ལ་དཔྱངས་པའི་དབུས་སུ་དྲིལ་ནས་བལྟས་པས། སྐུ་དང་ཡེ་ཤེས་ཀྱི་སྣང་བ་སྟོན་པས་གསལ་ཞིང་དྭངས་ལ་མི་གཡོ་བ་ཟ་འོག་གི་བེར་ཁྱིམ་ལྟ་བུའི་ནང་དུ། རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་ཐིག་ཕྲན་དང་བཅས་པ་འཆར་རོ། །དེ་ཉིད་ལ་ཉམས་སུ་བླང་ཞིང་དང་པོ་སྨིན་མཚམས་སུ་བལྟས་པས། དེ་ནས་སྣ་རྩེ་ནས་ཇེ་རིང་དུ་མཆེད་དུས། རྒྱང་རིང་པོའི་བ…
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཡང་ཟབ་ཡེ་ཤེས་འཁོར་ལོ།
      ཡང་ཟབ་ཡེ་ཤེས་འཁོར་ལོ་བཞུགས་སོ། །
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཡང་ཟབ་ཡེ་ཤེས་འཁོར་ལོ།
      དངོས་གྲུབ་ཀུན་འབྱུང་བླ་མ་ལ། །དང་པོ་ཉིད་དུ་ཕྱག་འཚལ་ཏེ། །སྐལ་ལྡན་དོན་དུ་ཉམས་ལེན་གནད། །ཡང་ཟབ་ཡེ་ཤེས་འཁོར་ལོ་བྲི། །གསང་བ་སྙིང་ཏིག་གི་རྣལ་འབྱོར་པས་མངོན་སུམ་ཉམས་སུ་ལེན་པའི་གྲོགས་སུ་ཉིན་མཚན་ཕྲུགས་གཅིག་ལ་ཇི་ལྟར་བསྒོམ་པའི་ཚུལ་གཉིས་སུ་འདུས་ཏེ། ཉིན་པར་སྣང་བ་རྒྱས་འདེབས་པ་དང་། མཚན་མོ་ཡེ་ཤེས་གནད་དུ་བསྣུན་པའོ། །དང…
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཡང་ཟབ་ཡེ་ཤེས་འཁོར་ལོ།
      ལའང་བློ་མ་ཞུགས་པའི་བཏང་སྙོམས་ཆེན་པོ། ཆེད་དུ་རྩོལ་བས་མ་སྒྲིམས། རྒྱ་ཡན་ཕྱལ་བ་ཡན་པར་མ་ཤོར། རིག་ལ་རྟོག་པར་མ་འགྱུས། ངང་དྭངས་སིང་བག་དང་བཅས་པའི་ངང་ལ་བློ་གནས་པ་ནི། ངོ་བོ་ཀ་དག་གི་དགོངས་པ་ཞེས་བྱའོ། །དེའི་ཚེ་ཆོས་ཉིད་དབྱིངས་ལས་མི་གཡོ་བས་རྣམ་རྟོག་གི་དབའ་རླབས་མི་རྙོག །ངང་དྭངས་དྲི་མ་མེད་པས་བྱིང་རྒོད་ཀྱིར་བར་མི་གཞུ…
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཡང་ཟབ་ཡེ་ཤེས་འཁོར་ལོ།
      གདབ་མེད་པའི་ངང་ལས་སོ་མར་གློད་པ་ནི། མཉམ་རྫོགས་ལྷུན་གྲུབ་ཆེན་པོའི་དགོངས་པ་ཞེས་བྱའོ། །དེའི་ཚེ་ཡེ་གྲོལ་དུ་འདུག་པས་བསྐྱར་ནས་གྲོལ་རྒྱུ་མེད་པར་ངོ་ཤེས། རང་གྲོལ་དུ་འདུག་པས་གང་ཤར་སྤོ་བླག་མི་དགོས་པར་ཡོད་ཆེས། ཡོངས་གྲོལ་དུ་འདུག་པས་རྗེས་བསྙགས་གཉེན་པོ་མི་དགོས་པར་ཐག་ཆོད། ཅེར་གྲོལ་དུ་འདུག་པས་དུས་མཉམ་སྔ་ཕྱི་མེད་པར་གད…
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཡང་ཟབ་ཡེ་ཤེས་འཁོར་ལོ།
      ལ་འོད་འབར་བ་བུམ་ནང་གི་མར་མེ་ལྟར་གསལ་བ་ལ་སེམས་གཏད་ནས་ཉལ་བས་གཉིད་འོད་གསལ་དུ་འཆར་རོ། །དེ་ནས་གཉིད་སད་དུས་རྨི་ལམ་མེད་པར་གསལ་སྟོང་དུ་སེང་ངེ་འདུག་ན། ཉམས་དེ་མ་ཤོར་བར་འཕྲོ་མཐུད་ལ་བསྒོམ་མོ། །རྨིས་ན་རྨི་ལམ་དང་རྣམ་རྟོག་ཐམས་ཅད་སྙིང་ནང་གི་ཨ་ལ་བསྡུ་ཞིང་། གོང་ལྟར་བསྒོམས་པས་འོད་གསལ་དུ་འཆར་རོ། །དེའང་གཉིད་དུ་སོང་ལ། ཉེ…
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཡང་ཟབ་ཡེ་ཤེས་འཁོར་ལོ།
      དེ་ཉིད་གོང་ནས་གོང་དུ་གོམས་པ་ལས། ལམ་དང་འབྲས་བུའི་ཡོན་ཏན་སྤྱན་དང་མངོན་པར་ཤེས་པ་ལ་སོགས་པ་མངོན་པར་གྲུབ་ཅིང་སྣང་བ་བཞིའི་ཡེ་ཤེས་མཐར་ཕྱིན་ནས་ཀུན་ཏུ་བཟང་པོ་དང་དབྱེ་བ་མེད་པའི་ས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ལྟར་ཉིན་མཚན་དུ་བསྒོམ་པ་ཐམས་ཅད་ཀྱི་སྐབས་སུའང་། དལ་འབྱོར་རྙེད་པར་དཀའ་བས་དལ་བ་ཆུད་མི་ག…
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      ཡང་ཟབ་ཡེ་ཤེས་འཁོར་ལོ།
      པས་བྱང་ཆུབ་སྒྲུབ་པར་ཤོག །བདག་བློ་གཅིག་པུར་ཞི་བའི་ནགས་དགའ་ཡང་། །སྨོན་ལམ་ཆོས་དཀར་ལས་ཀྱིས་ཉིད་འབྲེལ་བས། །དད་ལྡན་མི་ལྡན་འདྲེས་མའི་འགྲོ་རྣམས་ཀྱི། །དོན་ཞེས་ཚིག་གི་ཕན་པ་ཉུང་ཟད་གྱུར། །དེང་སང་དུས་འདིར་བདག་འདྲས་འབད་ཀྱང་ནི། །གཞན་དོན་ཉིད་འགྱུར་དག་པའང་མི་འགྱུར་ན། །རང་དོན་ཞི་བའི་ཏིང་འཛིན་ཉམས་པའི་རྒྱུ། །འདི་འདྲས་ཅ…
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང་།
      རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང་བཞུགས་སོ།། །།
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང་།
      ཐུགས་རྗེའི་སྤྲིན་མཚོས་ཉེས་བརྒྱའི་ནད་སེལ་བ། །སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ཏེ། །རྟེན་གཞིའི་ལུས་ལ་འབྱུང་བཞི་འདུ་བའི་ནད། །གང་དེའི་གེགས་སེལ་བདུད་རྩིའི་ལྗོན་ཤིང་བྲི། །དེ་ཡང་གདོད་མའི་ངང་ལས་མ་རིག་པས་འཁྲུལ་དུས། ངོ་བོ་དུག་གསུམ་གྱིས་རྒྱུ་བྱས། རྐྱེན་འབྱུང་བ་བཞི་འདུས་པ་ལས་རླུང་མཁྲིས་བད་ཀན་གསུམ་དུ་བྱུང་སྟེ། སོ་སོའ…
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང་།
      ནད་རྣམས་སངས་སངས་སོང་བར་བསམས་པས་ཞི་བར་བྱེད་དོ། །མགྲིན་པའི་མ་རྐན་ནས་ནུ་མའི་གོང་ཡན་ཆད་ལ་ཨཱཿདང་། སྙིང་ག་མན་ཆད་ཐམས་ཅད་ལ་ཧཱུྃ་གིས་བྱ་བ་དང་། དམིགས་པ་དང་གནད་ཐམས་ཅད་འདྲ་བས་ཐོན་ནོ། །ཡི་གེ་སོ་སོའི་བྱ་བ་ནི། མགོ་ན་བ་ལས་སྣ་མང་པོའི་དུག་བྱ་ཞིང་། གྷ་དབུགས་ཀྱིས་ཐུབ་ཐང་བཟླས་ཏེ། ཕྱིར་གདོན་པ་དང་། ནང་དུ་རླུང་བསྐྱིལ་བ་ནི་ག…
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང་།
      བ་དང་། རྩ་སྦྲིད་པ་དང་། མཁྲིས་པའི་ནད་རྣམས་ལ། ཆུའི་འགྲམ་དུ་ཕཊ་བརྗོད་ཅིང་། ནད་རྣམས་ཕཊ་ལ་འདུས་པ་ཆུའི་དཀྱིལ་དུ་སོང་བར་བསམ་ཞིང་། ཁ་སྣ་ཆུ་ངོས་ལ་གཏད་དོ། །སྐབས་སུ་ཚ་དང་ས་སྣའི་དུགས་བྱའོ། །རྐང་པ་ཁོལ་བུར་ན་བ་དང་། ཚིགས་ལ་ཆུ་སེར་ཁོལ་བུར་ཞུགས་ཏེ་ན་བ་དང་། སྒུར་བ་དང་། ཞ་འཁུམས་ཐམས་ཅད་ལ་ལག་པ་གཡས་གཡོན་རལ་གྲི་བསྐོར་བའི་…
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      རྟེན་གཞི་ལུས་ཀྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང་།
      གཡོན་ལ་འཁྱིད་རེའི་སར། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿརྣམས་བསམ་སྟེ་སྔ་མ་ལྟར་འཁྱིད་གང་རེའི་ས་ཚོད་རྩིས་པ་དེའི་ཕྱི་ནང་གི་ནད་བྱུང་སར། སྔ་མ་བཞིན་བྱས་པས་ནད་ཐམས་ཅད་ལས་གྲོལ་བར་ངེས་པ་ཡིན་ནོ། །དེ་ལྟར་ནད་འདོན་གནད་ཀྱི་གདམས་པ་འདི། །དུམ་དུམ་ཁྲིགས་དང་དུས་བཞི་མཉམ་སྦྱོར་སོགས། །ཟབ་མོའི་དོན་བས…
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      བརྟེན་པ་སྒོའི་གེགས་སེལ་སྒྲོན་མ་སྣང་བྱེད།
      བརྟེན་པ་སྒོའི་གེགས་སེལ་སྒྲོན་མ་སྣང་བྱེད་བཞུགས་སོ།། །།
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      བརྟེན་པ་སྒོའི་གེགས་སེལ་སྒྲོན་མ་སྣང་བྱེད།
      སྐྱེ་མེད་མཁའ་ལ་ཐུགས་རྗེའི་སྤྲིན་འཁྲིགས་པས། །འགྲོ་བའི་ནད་གསོ་སྨན་པའི་རྒྱལ་ལ་འདུད། །སྒོ་ཡི་གནད་ལས་ཡེ་ཤེས་འཆར་བས་ན། །དེ་ཡི་གེགས་སེལ་སྒྲོན་མ་གསལ་བྱེད་བྲི། །ཆོས་ཉིད་འོད་གསལ་གྱི་དགོངས་པ་ནི། ཐུགས་ཀ་དཔལ་གྱི་བེའུའི་བུམ་པ་ན་གནས་པ་ལས་རྩ་ལམ་དར་དཀར་གྱི་སྐུད་པ་ནས། རྒྱང་ཞགས་ཆུའི་སྒྲོན་མ་གསལ་བའི་ཕྱིར། སྒོའི་གནད་མིག…
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      བརྟེན་པ་སྒོའི་གེགས་སེལ་སྒྲོན་མ་སྣང་བྱེད།
      རྣམས་རྩི་བཞིན་བཏགས་ལ། །ཐབ་མིག་རེ་ཙམ་གདབ་ཅིང་། ཨཱོྃ་ལྷིང་ལྷིང་ཐོག་ཐོག་ཨ་ཙ་ལི་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་མཆིལ་མ་ལྕེ་རྩེ་ནས་ཕུག་རོན་གྱི་དང་རུས་བླངས་ལ་ལིང་ཐོག་གི་སྟེང་དུ་བྱུགས་པས། དཀར་ཉིལ་སྤྲིས་བཞིན་བྱུང་བ་ཕུག་རོན་དང་རུས་འཕྱག་གོ །མིག་ཏུ་རྡུལ་དང་གྲམ་སོང་ན། ཨཱོྃ་ཡ་མ་ད་ན་ཏིང་སྭཱ་ཧཱ། ཞེས་ཉེར་གཅིག་གད…
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      བརྟེན་པ་སྒོའི་གེགས་སེལ་སྒྲོན་མ་སྣང་བྱེད།
      བདུན་གྱིས་མིག་འགྲིབས་པ་ཀུན་ཕྱེད་དོ། །བ་ནག་མོའི་ཆུ་བྲེ་གསུམ་གདུས་པ་ཕུལ་གང་དུ་སོང་བར། གླ་རྩི། ལྕགས་ཕྱེ་དོམ་མཁྲིས། ཀ་ར་རྣམས་སྦྱར་ཏེ་ཁན་དྷ་བྱས་ཏེ་ཐིགས་པ་རེ་བླུགས་ན་འགྲིབ་པ་དང་། སྐྱ་རིབ་ཐམས་ཅད་སེལ་བར་བྱེད་དོ། །སྤྱོད་ལམ་ཐམས་ཅད་དུ་དྲག་ཤུལ་དང་། མི་ཐེག་པ་འདེགས་པ་དང་། ཁམས་ཉམས་པ་རྣམས་སྤང་ལ། དགོངས་མོ་སྐབས་སུ་ལྟ…
      LRD010 · རྩོམ་མཁན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས།
      རིག་པ་སེམས་ཀྱི་གེགས་སེལ་ཡེ་ཤེས་དྲི་མེད།
      རིག་པ་སེམས་ཀྱི་གེགས་སེལ་ཡེ་ཤེས་དྲི་མེད་བཞུགས་སོ། །