Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 375 of 500
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      ཞིང་སྟོང་སྒྲེགས་བྱེད། །ཕོ་བའི་སྤུ་འཁྱིལ་ཕོ་སུལ་ལྕགས་དྲེག་ཆགས། །དུག་ཐབས་མཆིན་ནད་མཆིན་ཆུ་སྦོ་འཁྲོག་སྒང་། །མདོར་ན་ཕོ་མཆིན་རྒྱུ་མའི་གྲང་ནད་སྟོང་། །མྱུར་དུ་གཞིག་པའི་རྣོ་ནུས་ཁྱད་འཕགས་པ། །དྭགས་པོའི་མ་ཞུ་སྤྱི་འཇོམས་ཞེས་བྱ་འདི། །མན་ངག་ཐུགས་ལ་གབ་པའི་སྙིང་པོའོ། །ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང་། །བོང་དཀར་རྩ་མ…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      ཆེ་ཨ་རུ་བ་རུ་དང་། །ལྕགས་ཕྱེ་གཙོ་ཡིན་ཐུན་བསྐྱེད་སླེ་ཏྲེས་དང་། །སུམ་ཏིག་པི་ལིང་འུ་སུ་བྱི་ཏང་ཀ །ཚད་དུ་སྦྱར་བ་གར་ཆང་ཕུལ་ལ་བཏང་། །དེ་ཡིས་མཁྲིས་པ་ཀྵ་ཡའི་ནད་ལས་རྒྱལ། །ཤ་སེར་མིག་སེར་ཀྵ་ཡ་གསུམ་ཀ་ལ། །གོང་བཤད་སྤྱི་བཅོས་སྐབས་ཀྱི་བཤལ་བསྟེན་ཞིང་། །བ་ཆུའི་ལྕག་གིས་བསྐུལ་ལ་དག་པར་སྦྱངས། །བསིལ་དྲོད་སྙོམས་པའི་ཟས་ཀྱིས་ཕ…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      བསྙལ། །ཡང་ན་གཏུན་དུ་ཚོན་ལྟར་བསྣུར་བས་འདུལ། །ལྕགས་ཀྱི་སིག་མེད་ནམ་མཁའི་མདོག་ལྟ་བུ། །མ་ཞུ་བར་དུ་དྲོས་དཀྲུག་སླར་ཡང་བསྙལ། །ཞུ་ནས་ན་ནམ་སྐམ་པའི་ཕྱེ་མ་དེ། །མིག་དང་མཆིན་ནད་སོགས་ལ་བདུད་རྩི་ཡིན། །དེ་ལྟར་བཏུལ་བའི་ཕྱེ་མ་ཞོ་གང་ལ། །དེ་ཕྱེད་དོམ་མཁྲིས་བྲག་ཞུན་པྲི་ཡངྐུ། །ཅོང་ཞི་དང་ནི་གངས་ཐིག་རིལ་མ་ཙམ། །ཙན་དན་དཀར་དམར་…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      མིན་པ། །རིན་ཆེན་སྲོག་སྦྱིན་ཡིན་གྱི་སྙིང་ལ་ཆོངས། ༈ །སྤང་རྩི་བོང་དཀར་སྟག་ཤ་པཪྤ་ཏ། །བདུད་རྩི་ལོ་མ་རྣམས་ནི་ཆ་མཉམ་ལ། །ཅུ་གང་གུར་གུམ་གི་ཝཾ་ཙན་དན་དཀར། །བྲག་ཞུན་གླ་རྩི་གུ་གུལ་ནག་པོ་ལ། །སྟོད་ལུགས་སྤང་རྩི་བཅུ་གཉིས་ཞེས་བྱ་འདིས། །གཉན་ཚད་རིམས་ནད་སྟོབས་ཆེན་ཐམས་ཅད་འཇོམས། །རྒ་ལོ་པ་ཡི་སྨན་དམར་ནི། །འབྲི་མོག་སུམ་གཉིས་…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      གྱིས་ནི། །ཟུག་གཟེར་ཆོག་པ་མྱོང་གྲུབ་མན་ངག་གནད། །ཆེས་འཕགས་སྨན་གྱི་ཡང་སྙིང་ཨེ་མ་མཚར། །ཕན་པ་ཀུན་ལྡན་ཞེས་བྱའི་སྨན་མཆོག་ཟབ། །སྨན་ནད་ལངས་ན་མར་གསར་རྡོར་ཐུག་བཏང་། ༈ །གི་ཝཾ་ཅུ་གུང་ཙན་དན་དཀར་དམར་གཉིས། །ཏིག་ཏ་རེ་སྐོན་བ་ཤ་ཨ་ག་རུ། །མ་ནུ་འུ་སུ་བྲི་ཡང་སྐྱུ་རུ་ར། །ཨུད་པལ་གསེར་མེ་རུ་རྟ་བྲག་ཞུན་དང་། །བ་ལེ་ཀ་སྦྱར་གླང་ཆ…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      སྟེང་འོག་གདོན་དང་ཆུ་སེར་ལས་གྱུར་ནད། །མ་ལུས་དྲུངས་འབྱིན་སྨན་གྱི་རྒྱལ་པོ་སྟེ། །སྦྱོར་བ་འདི་ལས་ལྷག་པ་གཞན་ན་མེད། །རྒྱུད་ལ་བརྟེན་ནས་མ་ཏིའི་བློ་མཚོར་སྣང་། །ཟབ་པོ་གསང་ངོ་གཏད་དོ་ས་མ་ཡ། །ཆུ་འགག་ཚྭ་སྦྱོར་ཆེན་མོ་ཞེས་གྲགས་པ། །ཟེ་ཚྭ་རྒྱ་ཚྭས་སྣ་དྲངས་ཚྭ་སྣ་ཚོགས། །གསེར་གྱི་བྱེ་མ་སྡིག་སྲིན་འབྲས་སྣ་གསུམ། །ཉི་དགའ་གླ་ར…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      མང་པོ། །ཚོགས་པ་བྱན་མོའི་སྲིས་ལ་གཟན་པར་ཟད། །འདི་བྱས་ནད་རོ་བ་སྤུའི་སྒོ་ནས་འབྱིན། །འདི་ལས་ལྷག་པ་ས་སྟེང་དག་ན་དཀོན། །མཚུངས་མེད་གུ་ཎས་གུད་དུ་སྦས་པ་འདི། །ཟབ་མོའི་གདམས་པ་འཆལ་དུ་མ་འཇུག་ཨཾ། །སྲོག་རླུང་གསོ་བ་སེམས་ཀྱི་བདེ་སྐྱིད་ནི། །གཙོ་བོ་མཁལ་མ་གོ་ཡུ་ཞོ་གང་ལ། །ཨ་གར་ནག་པོ་ལི་ཤི་ཛཱ་ཏི་དང་། །རྩི་བོ་ཆེ་དང་རུ་རྟ་སྙ…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      པ་ངུར་བའི་མཁྲིས་པ་མ་རྙེད་ན་ངང་པའི་ཤའང་དང་། །བོན་པོའི་ཐལ་བ་རྟ་བོན་བསྲེག་ཐལ་འདྲེ་འཇིགས་ཐང་ཆུ་གུ་གུལ་དང་། །བརྟན་པོའི་དྲེག་པ་ཟག་དྲེག་དྲི་ཅན་ལྟེ་བ་གླ་རྩི་རྣམས། །དྲི་ཆུར་སྦྱར་བ་ཕྱིར་བྱུགས་ཁོང་དུ་བཏང་། །ཉྭ་ལོག་འཁྲུ་སྐྱུག་གདུག་པ་གཉན་གྱི་རིགས། །མ་ལུས་འཇོམས་ལ་འདི་ལས་ལྷག་པ་མེད། །དཔལ་ལྡན་རྒྱུད་ཆེན་སྙིང་པོའི་དགོ…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      མེད་མི་རུང་བའི་རྫས། །ཞལ་ཤེས་ལ་ཤིང་མངར་བུངས་ཆེར་བསྣན། རླུང་ཤས་ཆེ་ན་འབའ་ཞིག་ཨ་གར་བསྣན། །གསལ་བྱེད་སྦྱོར་བ་སུམ་ཅུ་རྩ་གསུམ་འདི། །མིག་ནད་སུམ་ཅུ་རྩ་གསུམ་གཉེན་པོར་གསུངས། །སྦྲང་ཀར་སྦྱར་བའི་ལྡེ་གུར་བྱ་བའམ། །མངར་གསུམ་སྦྱར་བའི་རིལ་བུ་ཐོ་རེངས་བཟའ། །མིག་ནད་ཚག་འགྲིབ་ཤ་འཛེར་ཐོར་བ་དང་། །རབ་རིབ་མཆི་མ་འཛག་པ་ལ་སོགས་པ། …
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      པ་བླ་མེད་དོ། །ཨ་རུ་ར་ནི་ཐལ་ཚན་གསེབ་ཏུ་འདུལ། །དནྡ་རོག་པོ་ལྕེ་གདོན་ཕྱེ་ལ་འདུལ། །ཤྲཱི་ཁནྜ་མར་དཀར་ནང་དུ་འདུལ། །དུར་བྱིད་རྐང་ཤུན་དུག་ཕྲལ་ཡོས་སུ་འདུལ། །ཆ་མཉམ་ཞིབ་བཏགས་རིལ་བུར་དྲིལ་བ་ནི། །རྣོ་ལ་དྲག་སྟེ་སྟོབས་ལྡན་ནད་ཀུན་འཇོམས། །དྲག་བཤལ་ཞེས་བྱ་ཕྱི་རྒྱུད་དགོངས་པའོ། །ཐར་ནུ་དུར་བྱིད་དང་ནི་ཨ་རུ་ར། །ལྕུམ་རྩ་སྔོན་…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      སྲོད་ཀྱི་དུས། །སློང་བྱེད་ཐུན་གཅིག་ནམ་གུང་འཁྲུ་བྱེད་དུ། །ཐུན་གཅིག་ཐོ་རེངས་སྦྱོང་བྱེད་ཐུན་གཅིག་བཏང་། །ཨ་རུ་བཙོ་བསྲེག་རྗེན་གསུམ་སྦྱོར་བ་འདི། །མཁྲིས་ནད་དུག་དང་སྨུག་པོའི་ནད་རིགས་ལ། །འདི་ལས་ཟབ་པ་ངེས་པར་ཡོད་མ་ཡིན། །གཞན་ཡང་རྩ་ལ་སོགས་པ་སྦྱོངས་ཀྱི་རིགས། །རྒྱུད་དང་མན་ངག་བཞིན་དུ་ཤེས་པར་བྱ། །ཐར་ནུ་དུར་བྱིད་སྲུབ་…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      རྒྱལ་པོ་དམར་གསུམ་ཚོས་བཙོད་འབྲི་མོག ནག་ཆུང་འདི་སྐོར་མཆན་དཔྱད་དགོས། སྲན་ནག་མེ་ཏོག དང་། གཟིག་བྲུན་ཡིན་ནམ་དཔྱད། དང་རྟ་སྦང་བཙིར་བའི་ཁུ་བ་རྣམས། །ཁཎྚ་ར་དོམ་མཁྲིས་མཁྲིས་ཆེན་བུ་རམ་དང་། །མགྲོན་བུ་ཟ་འོག་བསྲེགས་པ་གཟིག་གི་སྤུ། །རྨ་བྱའི་མདོངས་བསྲེགས་སྔགས་བཏབ་ཁོང་དུ་བཏང་། །བུ་ག་དགུ་ནས་ཇི་ལྟར་ཁྲག་འོང་ཡང་། །ངེས་པར་འ…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      དག་དང་སྦྱར་ལ་བཏང་། །གྲུམ་བུའི་ནད་ལ་བདུད་རྩི་དག་དང་མཚུངས། །མདོར་ན་ནད་རིགས་བཞི་བརྒྱ་རྩ་བཞི་དང་། །གདོན་རིགས་སུམ་བརྒྱ་དྲུག་ཅུ་དག་དང་ནི། །རྦོད་གཏོང་གནོད་པ་སོགས་ཀྱང་འདི་ཡིས་ཐུབ། །འདི་ནི་གྲུབ་ཐོབ་ཨོ་རྒྱན་པ་ཡི་ལུགས། །གསེར་ཐང་བཅོ་བརྒྱད་ནི། གསེར་མདོག་ལ་སོགས་འབྲས་བུ་གསུམ། །སླེ་ཏྲེས་སེང་ལྡེང་ཨར་ནག་གསུམ། །མ་ནུ་ག…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      ཏང་ཀ་དང་ཙི་ཏྲ་ཀ །འཇམ་འབྲས་བསྡེབས་པས་ཕོ་བའི་མེ་ཉམས་གསོ། །ཞེས་གསུངས། ཡང་ཕྱི་མ་རྒྱུད་ལས། གྲང་ནད་ཀུན་ལ་སེ་འབྲུ་བརྒྱད་པ་མཆོག །ཅེས་དང་། ཡང་། མེ་དྲོད་སྐྱེད་ལ་རྒོད་མ་ཁ་ཕྱེ་མཆོག །ཅེས་དང་། རྒོད་མ་ཁའི་ཕྱེ་མ་དེ་ཡི་སྟེང་དུ་སེ་འབྲུ་བསྣན་ན་ཁྱད་པར་དང་ག་འབྱེད་ཅེས་གསུང་ཡང་ཨ་རུ་མ་གཏོགས་གོང་གི་སེ་འབྲུ་བརྒྱད་པ་དེར་ཚང་བས…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      བྱ། །ཀ་ར་སྦྱར་བས་མ་ཞུ་བ་ཡི་རིམས། །གཟེར་ཐུང་གཉན་རིམས་མིག་སེར་སེལ་བར་བྱེད། །ཁྱད་པར་ཕོ་བར་རིམས་བབ་བདུད་རྩི་ཡིན། །ཞེས་གསུངས་པ་འདི། དེང་སང་གཉན་རིམས་མཁྲིས་པ་ཕོ་བར་བབས་ནས་ཟས་མི་འཇུ་བ་སོགས་གྲང་བ་འདྲ་ལ་གཏིང་ཚ་བ་ཡོད་པས་ཤིན་ཏུ་བཅོས་དཀའ་སྲོག་འཕྲོག་པ་ལ་འདི་ཟབ་པ་ཤེས་དགོས་སོ། །ཡང་ཕྱི་རྒྱུད་ལས། བིག་པན་སྲད་དཀར་སྙ་ལོ…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      བྱི་ཏང་ག་དང་སྒོག་སྐྱ་མ་རུ་ཙེ། །སོ་མ་ར་ཛ་གྲེས་འབྲུ་ཕུར་ཐལ་དང་། །གླ་རྩི་ཚ་གྲང་རྟས་བསྒྱུར་སྲིན་སྨན་མཆོག །ཁོང་སྲིན་ལྟོར་བཏང་མགོ་སྲིན་སྣ་ནས་བདུག །གཞང་སྲིན་མས་བཏང་ལྤགས་སྲིན་ཕྱི་ནས་བྱུགས། །ཞེས་གསུངས་སོ། །ཡང་ལུད་པ་སོགས་གྱེན་དུ་འདྲེན་པའི་སྨན་ཟབ་མོ་སྟར་བུ་བཉྩ་ར་གྲགས་པ་ནི། ཚ་བ་སྤྱི་བཅོས་ལེའུ་ལས། འགོག་དཀར་སྟར་བ…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      སེལ་བར་བྱེད། །བྲག་ཞུན་གླ་རྩི་གུར་གུམ་སུག་སྨེལ་དང་། །དོམ་མཁྲིས་བོང་ང་འཇིབ་རྩི་ཨ་རུ་ར། །ག་དུར་ཀ་ར་ཆ་མཉམ་བྲག་ཞུན་དགུ། །ཕོ་བའི་ཁྲག་མཁྲིས་ཚད་པ་སེལ་བར་བྱེད། །དོམ་མཁྲིས་གསེར་གྱི་མེ་ཏོག་དུག་མོ་ཉུང་། །གླ་སྒང་བོང་ང་དཀར་པོ་བ་ལེ་ཀ །རེ་སྐོན་ཀ་ར་སྦྱར་བའི་མཁྲིས་ཕྱེ་བདུན། །རྒྱུ་ལོང་བསྣད་འགྲམ་ཁྲག་མཁྲིས་ཚ་འཁྲུ་གཅོད། …
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      སེར་སེལ། །ཨུཏྤལ་ཅུ་གང་གུར་གུམ་བ་ལེ་ཀ །སྟར་བུ་ཤིང་མངར་རྒུན་འབྲུམ་སྐྱུ་རུ་ར། །ཀ་ར་སྦྱར་བའི་ཨུཏྤལ་བརྒྱད་པ་སྟེ། །མཆིན་ཁྲག་ཕོ་བར་རྒྱས་པ་སེལ་བར་བྱེད། །བ་ལེ་ཀ་དང་ཨུཏྤལ་བ་ཤ་ཀ །ཤིང་མངར་ཅུ་གང་ཨ་རུ་ཀ་ར་སྦྱར། །ཚད་པ་ཀུན་སེལ་ཕོ་མཆིན་ཚ་བ་འཇོམས། །རྒུན་འབྲུམ་ཅུ་གང་གུར་གུམ་ཤིང་མངར་དང་། །གླ་སྒང་ཤིང་ཚ་སེ་འབྲུ་ཀ་ར་སྦྱར།…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      དང་། དེ་སྟེང་ཡན་ལག་བརྒྱད་པ་ལྟར་ན་ནྭ་ག་གེ་སར་བསྣན་ཏེ་བཞིར་བཞེད། ཟླ་ཟེར་ལྟར་ན་ཅུ་གང་བསྣན་པ་ལ་བཤད་ཅེས་བཤད། གཅེས་གྲུབ་ལས་ལུགས་སྔ་མ་ལྟར་བྱས་ཏེ་བུ་རམ་ཞོ་སྦྱར་དཀྲུགས་ནང་བཏབ་པ་དང་། སྤོད་སྣ་ཚོགས་ཚལ་ནན་འཐུང་ན་ཤ་སྐྱེ་ཞིང་རོ་ཙེར་བྱེད་ཅེས་བཤད། །ཚལ་ནན་ཞེས་ཟས་ཟོས་རྗེས་བཏུང་བའི་བརྡ་འདོད་དོ། །གནྡྷ་བྷ་དྲ་གོ་ཡུ་སོགས་ས…
      MJN010 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་ཀྱི་སྐོར་ཕན་བདེའི་བང་མཛོད།
      ཐང་ཆེན་བཅུ་པ་སོགས་ལྡེ༡བ༥་པར་ཡོད། །མ་ཞུ་གསར་པར་ཡང་ཡང་བསྔགས་པ་ཐང་ལེར། གྲང་སེལ་བཅའ་ལྒ་རྒྱམ་ཚྭ་ཨ་རུ་ར། །ཚན་མོས་དྲོད་ཆུང་གྲང་བ་མ་ལུས་སེལ། །པི་པི་ལིང་བསྣན་སྨན་མ་ཞུ་བ་འཇུ། །ཞེས་པ་འདི་དང་། མན་རྒྱུད་བད་ལེར། ཚ་བ་གསུམ་དང་རྒྱམ་ཚྭའི་ཐང་ལ་སོགས། །གདུས་པའི་ཁུ་བ་ཚན་མོ་བཏང་བར་བྱ། །ཞེས་པ་གང་རིགས་བྱ། མན་རྒྱུད་དུ་ཡིག་འཆ…