Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      10000 results — page 482 of 500
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      མགོ་བསྟན་ནས་ཉལ་བའི་སྔགས་ལྷག་ཆད་མཉམ་ཏེ་བྲིས་པ་འོང་། མ་ཉམས་ན་སྔགས་སྔར་བཞིན་དུ་འཇོག་གི་གསར་དུ་བྲིས་པ་མི་འབྱུང་། ཡང་ན་རྨི་ལམ་དུ་སྟོན་པར་འགྱུར་རོ། །ཡང་ཞག་གཅིག་གམ་གསུམ་དུ་སྨྱུང་བ་བྱས་ལ་ཡར་ངོའི་དུས་བཟང་པོར་སྐྱུ་རུ་ར་དང་སྤོས་ཆུས་རང་ལུས་ཁྲུས་བྱས་ཏེ། སྲོད་ཀྱི་དུས་སུ་རང་གི་ལྷ་དང་སངས་རྒྱས་རྣམས་སྤྱན་དྲངས་ནས། མེ་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      བཤོས་ཕུལ་བ་དང་། མར་ཏིལ་ཞོ་དང་སྦྲང་རྩི་དང་། སཱ་ལུའི་འབྲས་ཆན། བ་འོའི་ཟས་མཆོག་མར་བཅས་སྔགས་ཀྱིས་ལན་བརྒྱར་བཟླས་ཏེ་སྲེག་བླུག་ཕུལ་བའི་འཇུག་ཏུ་མཆོད་ཡོན་ཀྱང་ཕུལ་ན་རིག་སྔགས་ཀྱི་ལྷ་ཚིམ་པར་འགྱུར་རོ། །ཡང་སྤོས་ལ་ལྷའི་གཟུགས་བརྙན་བྱས་པར། མེ་ཏོག་མ་ཏ་ལིས་མཆོད་དེ་དུས་གསུམ་དུ་བཟླས་བརྗོད་བྱ། མཇུག་དུ་གཟུགས་དེར་ཤིང་གི་ཐང་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      པོའམ་གྲུབ་པའི་སྤྱོད་པའི་དངོས་རྒྱུ་བརྩམ་པར་བྱ་ལ། དེ་ལྟར་མིན་ཡང་དུས་དང་གྲངས་ཀྱི་བསྙེན་པ་ལེགས་པར་རྫོགས་པའི་ཚེ་དངོས་གྲུབ་བསྒྲུབ་པ་ལ། སྟ་གོན་དང་དངོས་གཞི་གཉིས་ལས། དང་པོ། དཀྱིལ་འཁོར་བྲིས་ནས་དེར་རིགས་བདག་དང་ཡུམ་སོགས་བཀའ་ཉན་གྱི་བར་གང་འདོད་པའི་ལྷ་རྣམས་བཀོད་ཅིང་མཆོད་པ་སོགས་རྒྱ་ཆེར་བྱ་དགོས་ཤིང་། སྨྱུང་བ་སོགས་བཤ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      གི་ལྷྭམ་དང་། མཆོད་ཕྱིར་ཐོགས་ཀྱི་སྲད་བུ་སྲ་ཞིང་སུམ་སྒྲིལ་ལེགས་པར་བཀལ་བའམ། ཡང་ན་གསེར་སྐུད་ལེགས་བསྙོད་སུམ་དཀྲིས་ཡོན་ཏན་ཅན་དང་། སྣ་མའི་མེ་ཏོག་གི་ཕྲེང་བ་བུ་མོས་བཀལ་པའི་སྐུད་པ་ལ་བརྒྱུས་པ་དང་། དེས་མཚོན་ནས་ཞགས་པ་སོགས་ཡོ་བྱད་ཀྱི་རྣམ་པ་སྣ་ཚོགས་ཀྱི་རྫས་རྒྱུད་གཞན་ལས་གསུངས་པ་དང་། གཟུགས་མཛེས་དྭང་བ་ནད་མེད་དར་བབ་རང…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      རྫས་གང་སྒྲུབ་པར་འདོད་པ་དེ་རས་བྲིས་ཀྱི་མདུན་དུ་བཞག །དེ་དག་གི་བར་དུ་རྫས་གཞན་མི་བཞག །རྫས་ལ་བསང་གཏོར་བྱས་ནས་དངོས་གྲུབ་བསྒྲུབ་པ་བྱ། དེ་ཡང་སྒྲུབ་པ་ཆེན་པོའི་དངོས་གྲུབ་ནམ་ལེན་པ། དེ་ལ་ཞག་བདུན་ཡོད་པ་ལྟ་བུ་ལ་མཚོན་ན། ཞག་སྔ་མ་རྣམས་སུ་ཉིན་རེ་བཞིན་དུས་གསུམ་དུ་བསང་གཏོར་ཁྲུས་བགེགས་སྲུང་བ་དང་བཟླས་པ་མཆོད་པ་སྦྱིན་སྲེག་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      མཐོང་ན་འགྲུབ། །མ་ཉམས་མེ་ཏོག་དབྱིག་དང་ཆུར་བསྲེས་ཤིང་། །བསྟོད་དང་བཅས་པར་མཆོད་ཡོན་རྒྱུན་བསྲིངས་ནས། །རྩེ་གཅིག་སེམས་ཀྱིས་མགོ་བཏུད་ཕྱག་བྱས་ཏེ། །དད་དང་འབད་པས་རྗེས་མཐུན་མཆོག་བསླང་ངོ་། །མཆོག་ཐོབ་ནས་ནི་དགའ་བས་ཕྱག་བྱས་ཏེ། །དད་པས་བསྟོད་ཅིང་མཆོད་ཡོན་ཕུལ་ནས་སུ། །གསང་སྔགས་བརྗོད་ཅིང་སླར་ཡང་གཤེགས་སུ་གསོལ། །གསང་སྔགས་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      ཡོན་གྱི་སྣོད་ནི་ཟངས་མཆོག་གོ། མ་རྙེད་ན་ས་སོགས་ཀྱིས་བྱ། རྫས་ནི་ཞི་བར་ནས། རྒྱས་པར་ཏིལ། དྲག་པོར་ཀོ་ཊ་པ་ཡིན་ལ། སྤོས་དང་མེ་ཏོག་ཀུ་ཤ་ཏིལ་རྣམས་དང་བཅས་པའི་ཆུ་ནི་ལས་གང་ལ་ཡང་བྱེ་བྲག་མེད་པར་བཟང་། དེ་བཞིན་འབྲས་ཡོས་ཀྱང་ལས་ཀུན་ལ་ཤིས་གསུངས། དངོས་གྲུབ་ཀྱི་རྫས་གོང་བཤད་རྣམས་ཀྱིས་མཚོན་ནས་གང་བསྒྲུབ་པར་འདོད་པ་དེ་དང་། ཕལ་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      གཤེགས་པའི་རིགས་ཀྱི་རྫས་ཀྱི་གཟི་བྱིན་བསྐྱེད་པའི་སྔགས་སོ། །ཨོཾ་དཱི་པྱ་དཱི་པྱ། དཱི་པ་ཡ། ཨཱ་བི་ཤ་མ་ཧཱ་ཤྲི་ཡེ་སྭཱ་ཧཱ། པདྨའི་རིགས་ཀྱིའོ། །ཨོཾ་ཛྭ་ལ་ཛྭ་ལ། ཛྭ་ལ་ཡ་བནྡྷུ་རི་ཧཱུྃ་ཕཊ། རྡོ་རྗེའི་རིགས་ཀྱི་རྫས་བྱིན་བསྐྱེད་སྔགས་སོ། །གསུམ་ཀ་བཟླས་ཀྱང་འགལ་བ་མེད་དམ་སྙམ། དེ་ལྟར་བྱས་ནས་དམིགས་པ་མ་ཡེངས་ཤིང་གཉིད་ཀྱིས་མི་ལོག་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      སྤྱོད་ལས་བྱུང་བ་དངོས་གྲུབ་ཐ་མར་གསུངས་ལ། རྫས་ཀྱི་དངོས་གྲུབ་ལའང་རྫས་དེ་ལས་དྲོ་བ་བྱུང་ན་ཐ་མ། དུ་བ་བྱུང་བ་འབྲིང་པོ། འབར་བ་རབ་ཡིན་ལ། གོ་རིམ་ནི་དྲོ་བ་སོགས་རིམ་པས་འབྱུང་བའམ། ངེས་མེད་དུ་འབྱུང་བའང་ཡོད་པར་གསུངས། གཞན་ཡང་སྤྱིར་རྒྱལ་བའི་རིགས་ཀྱི་དངོས་གྲུབ་ཆེ་སྟེ་སངས་རྒྱས་ནི་ཐམས་ཅད་ཀྱི་གཙོ་བོའོ། །པདྨའི་རིགས་ནི་འབ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      ནས་ལག་པས་མཆོད་ཡོན་བཟུང་སྟེ། གོང་ལྟར་དད་པ་དང་ནི་སོགས་ཚིགས་བཅད་སྔགས་བཅས་རྗེས། ལྷ་དེའི་སྔགས་གསུམ་མམ་བདུན་བརྗོད་པས་སྤྱན་དྲངས་བཞིན་དུ། བདུག་སྤོས་བཅས་མཆོད་ཡོན་གྱི་རྒྱུན་བསྒྲེད་བར་བྱ་སྟེ། དེ་ཡང་ལྷའི་མཆོག་སངས་རྒྱས་རྣམས་ལ་སྤྱི་བོ་ནས་ལག་པ་གཉིས་སྦྱར་ཏེ་དབུལ། བར་མའི་ལྷ་རྣམས་ལ་སྙིང་གའི་ཐད་ནས་དང་། འཇིག་རྟེན་པ་སོག…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      མཆོད་ཡོན་ཕུལ་ནས། ལྷ་རྣམས་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་བར་བྱའོ། །སྒྲུབ་རྫས་རྣམས་ཆ་ལྔར་བྱས་པའི་དང་པོ་སངས་རྒྱས་ཀྱི་སྐུ་སྐལ་དུ་ཕུལ། ཆ་གཉིས་པ་བླ་མར་ཕུལ་དེ་མི་བཞུགས་ན་ཡིད་ཀྱིས་ཕུལ་ལ་རང་གིས་ཞུ། ཆ་གསུམ་པ་སྔར་ནས་གྲུབ་པ་དག་དེར་ཡོད་ན་ཕུལ། མེད་ན་སྒྲུབ་གྲོགས་པར་བཞག །བཞི་པ་སྒྲུབ་གྲོགས་ཀྱི་སྐལ་བར་བྱ། ལྔ་པ་རང་ག…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      གནོད་སྦྱིན་མོ་ལ་སོགས་གྲུབ་དང་། །ས་སྟེང་རྒྱལ་སྲིད་ཡིད་བཞིན་ནོར། །གཏེར་ཆེན་དག་ནི་རྙེད་པ་སྟེ། །དེ་དག་ལ་སོགས་བསྟན་པ་རྣམས། །རིག་སྔགས་དངོས་གྲུབ་རབ་ཡིན་ནོ། །མི་སྣང་སྟོབས་དང་བརྩོན་འགྲུས་དང་། །ཕུག་གི་དངོས་གྲུབ་བཅུད་ཀྱིས་ལེན། །མངག་གཞུག་ལྷ་མིན་དངོས་གྲུབ་དང་། །ཤ་ཟ་ས་ལ་བྷཉྫི་ཀ །མང་དུ་ཐོས་པའི་ཤེས་ཐོབ་དང་། །རྐང་མག…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      དཔའ་བོ་གཅིག་སྒྲུབ་ཀྱི་རྒྱུད་ལས། ལྷ་ཉིད་གསང་སྔགས་ཚུལ་གྱིས་ནི། །དངོས་གྲུབ་ཐམས་ཅད་སྩོལ་མཛད་པ། །དེ་གྲུབ་ན་ནི་འགྲུབ་གྱུར་ཏེ། །སྔགས་པ་ལུས་ནི་རྣམ་དག་དང་། །གང་ཚེ་དངོས་གྲུབ་ཕྲ་མོ་འགྲུབ། །སྣོད་དུ་གྱུར་པའི་ལུས་ལ་ནི། །དངོས་གྲུབ་ཆེན་པོ་རབ་ཏུ་སྐྱེ། །རིམ་པ་འདི་ཡིས་འདི་ལ་ནི། །ས་ལ་སོགས་པ་འཐོབ་པ་སྐྱེ། །སྔགས་པས་ཡིད་བཞ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      གཞན་སྤངས་ནས་ལྷ་ཡི་སྐུ་དང་སྔགས་ཀྱི་ཚུལ་ལ་དམིགས་པ་ལས་སུ་རུང་བའི་སྒོ་ནས་བསྒོམ་པ་ཡིན་ལ། ཚུལ་ཇི་ལྟར་ན། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བདག་གི་ལྷ་དང་། བདག་གི་གཟུགས་ཐ་མི་དད་པར་བྱས་པས་མཚན་མ་མ་བྱུང་གི་བར་དུ་བཟླས་བརྗོད་བྱའོ། །ཞེས་དང་། ཞི་བའི་བློ་གྲོས་གང་གི་ཚེ་བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོར་སྤ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      བསྒོམས་པས་སེམས་དཔའ་ཉིད་དུ་འབྱུང་། །ཞེས་དང་། ཡང་རྣམ་པ་ཐམས་ཅད་དུ་རྟག་པར་བདག་གི་ལུས་དང་ལྷའི་གཟུགས་སུ། བདག་གི་ངག་དང་ལྷའི་ངག་ཏུ། བདག་གི་ཡིད་དང་ལྷའི་ཡིད་དུ་མཚུངས་པར་མཐོང་བ་དེའི་ཚེ་མཉམ་པར་བཞག་པ་ཡིན་ནོ། །ཞེས་གསུངས་པས་མཚོན་ཏེ་བྱ་སྤྱོད་ཀྱི་རྒྱུད་རྣམས་སུ་བདག་ཉིད་ལྟར་བསྒོམ་པ་མཚན་བཅས་ཀྱི་རྣལ་འབྱོར་མང་དུ་གསུངས་པས…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      མ་ཡིན་ཏེ་བྱ་རྒྱུད་པས་ཀུན་རྫོབ་ཏུ་བདག་དང་ལྷ་ལ་བཟང་ངན་དུ་ལྟ་བའི་ཕྱིར་བདག་ཉིད་ལྷའི་ང་རྒྱལ་གྱི་གསལ་སྣང་བསྐྱེད་ཀྱང་ལྷ་དངོས་ཡིན་པའི་འདུ་ཤེས་རྒྱུད་གོང་མ་ལྟར་མི་ནུས་པའི་དོན་ཏོ། །དེ་ལྟ་ན་བདག་གི་སྒོ་གསུམ་དང་ལྷའི་གསང་གསུམ་དབྱེར་མེད་དུ་སྣང་བའི་ཚེ་སྔགས་འགྲུབ་པར་གསུངས་པའི་ལུང་རང་གིས་དྲངས་པ་དང་འགལ་ལོ་སྙམ་ན། ཀུན་རྫ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      ལུས་ལྷར་གསལ་ཀྱང་གསལ་སྣང་གྲུབ་པ་ཡོད་པར་མཚུངས་སོ། །མདུན་གྱི་ལྷའི་རྣམ་པ་དེ་ཡང་རང་སེམས་ཀྱི་གསལ་ཆ་ཙམ་གྱི་རྣམ་པ་སྣང་བ་ཡིན་ན་ཡང་། དེ་བདག་དང་རྒྱུད་ཐ་དད་པའི་ལྷ་ཡེ་ཤེས་པ་དངོས་སུ་ཞེན་ཅིང་རང་དངོས་གྲུབ་ནོད་པ་པོའི་ཚུལ་གྱིས་མཆོག་དམན་གྱི་འདུ་ཤེས་ཞེས་ཤས་ཆེ་བའི་གདུལ་བྱ་དག་གི་ངོར་རེ་ཤིག་མདུན་བསྐྱེད་གཙོ་བོར་བྱེད་པའི་བྱ…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      དང་མཐུན་པར་ཐ་མལ་པའི་དངོས་ཞེན་ཆེ་ཆུང་དང་བསྟུན་ཏེ། གཙང་སྒྲ་དགོས་མི་དགོས། བདག་ཉིད་ལྷའི་སྙེམས་པ་དོན་མཐུན་ལམ་དུ་བྱེད་ནུས་མི་ནུས་སོགས་ཀྱི་རྒྱུད་སྡེ་བཞིའི་ཆོ་གའི་སྒྲུབ་ཚུལ་ཐ་དད་དུ་ཕྱེ་བ་བཞིན་དུ། རྒྱུད་གང་ན་དེ་ལྟར་དངོས་སུ་བསྟན་པ་རྣམས་ལ་དེ་དང་དེའི་རྒྱུད་ཀྱི་རྣམ་བཞག་བྱེད་དགོས་པ་ཡིན་ནོ། །དེ་ལྟར་རིགས་པས་དཔྱད་ན་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      ཁས་ལེན་དགོས་སོ། །བདག་བསྐྱེད་དངོས་སུ་མ་བསྟན་པའི་རྒྱུད་ཕལ་ཆེན་མདུན་བསྐྱེད་ཀྱང་དངོས་སུ་མ་བསྟན་པ་ཡོད་པས་དེ་དག་བྱ་རྒྱུད་མིན་པར་ཡང་འགྱུར་བའི་ཕྱིར་དང་། རྣལ་འབྱོར་རྒྱུད་དང་བླ་མེད་ཀྱི་རྒྱུད་ཡིན་པ་འགའ་ལའང་སྔགས་དང་ཆོ་ག་སོགས་བསྟན་གྱི་བདག་བསྐྱེད་སོགས་ལྷའི་མངོན་རྟོགས་མེད་པའང་ཡོད་པ་ཡིན་ནོ། །སྔགས་བཟླ་རྒྱུ་ཡོད་པ་ཙམ་…
      MJN012 · འཇམ་མགོན་མི་ཕམ་རིན་པོ་ཆེ།
      བྱ་སྤྱོད་ཀྱི་སྔགས་བསྒྲུབ་པའི་ཚུལ་གནད་མདོར་བསྡུས།
      ལུགས་ཟབ་མོ་ཤིན་ཏུ་མང་བའི་ཕྱིར་ན། ལམ་འདིའི་ཤིང་རྟ་ཆེན་པོ་དངོས་གྲུབ་བརྙེས་ཤིང་མཁས་པའི་དབང་པོར་འཛམ་གླིང་ན་ཡོངས་སུ་གྲགས་པ། སློབ་དཔོན་སངས་རྒྱས་གསང་བ་སོགས་ཀྱི་རྗེས་སུ་འབྲང་བ་ནི་ཤིན་ཏུ་རིགས་པ་དང་ལྡན་ཞིང་དངོས་གྲུབ་ཀྱི་ལམ་པོ་ཆེ་ཡིན་པ་ཉིད་དུ་ཤེས་པར་བྱའོ། །དེ་ལྟར་རང་ཉིད་ལྷ་སྐུར་བསྒོམ་པའི་གསལ་སྣང་ལ་དམིགས་པ་རྩེ་…