Author
About 40% of texts have an author recorded — this list will grow as more are attributed.
3397 results
— page 142 of 170
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
བྲག །ཐེག་པའི་ཆེ་ཆུང་དེ་དབང་པོ་མཆོག་དམན། །ཚེ་འདིའི་སྐྱིད་སྡུག་དེ་སྔོན་བསགས་ལས་འཕྲོ། །སྐྱེ་མཐའ་ཅི་འགྱུར་དེ་ད་ལྟའིི་བྱེད་ལས། །གླུ་དང་རྩེད་མོ་དེ་མགོ་ཆུང་སྨྱོན་པ། །ནམ་མཁའ་ཡང་རྒྱ་ཆེ། །སེམས་ཅན་ཡང་རྒྱ་ཆེ། །རྒྱ་མཚོ་ཡང་གཏིང་ཟབ། །རྒྱུ་འབྲས་ཡང་གཏིང་ཟབ། །རྩི་ཤིང་ཡང་གྲངས་མང་། །སྐྱེ་བ་ཡང་གྲངས་མང་། །ཨ་ཀྱང་རྩེད་མོ་ལ…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
བློའི་རྒྱའི་གཟེབ་ཀྱིས་མ་སྒོམས་ཤིག །ཐད་ཀར་ཆོད་པའི་ཁྲེགས་ཆོད་ལ། །སྤྲོ་བསྡུ་དྲན་པས་མ་མཐུད་ཅིག །སྒྲིབ་མེད་སངས་རྒྱས་རང་སེམས་ལས། །སྒྲུབ་འདོད་ལྷ་སྐུ་མ་སྐྱེད་ཅིག །གཅིག་ཆོག་རྒྱལ་པོ་མཐའ་ཆོད་པས། །ངན་སོང་གནས་ལ་མ་དོགས་ཤིག །རང་གྲོལ་རང་བབས་ཀུན་བཟང་ཀློང་། །གཉེན་པོས་བསྐྱར་ནས་མ་སྒོམས་ཤིག །ཚིག་དང་བརྗོད་པ་བྲལ་བ་ན། །སྙན…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
མྱོས་པ་ཡི། །སྤྲོས་མེད་རྣལ་འབྱོར་སྤྲོས་སྤྲོས་ནས། །སྤྲོས་པའི་གླུ་ཞིག་ལེན་འདོད་ཀྱི། །འདུས་པའི་ཚོགས་རྣམས་གླུ་ལོངས་ཤིག། །། ༈ མི་ངའི་སྤྱི་གཙུག་ཉི་ཟླའི་སྟེང་། །རྡོ་རྗེ་འཆང་ཆེན་སྤྲུལ་པའི་སྐུ། །པདྨའི་མཚན་ཅན་བླ་མ་བཞུགས། །སྤྲང་ངས་གསོལ་བ་སྙིང་ནས་འདེབས། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ང་ཡི་རྗེས་འཇུག་སློབ་མ་རྣམས…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
ལྷུན་གྲུབ་ཞིང་སྣང་ཤུགས་ལ་རྫོགས། །ཡེ་ཤེས་རླུང་ལྔའི་མཁའ་དབྱིངས་སུ། །སྒྲིབ་བཅས་རླུང་ལྔ་བག་ལ་ཞ། །རང་རྩལ་ཆོས་ཀྱི་སྐུ་ལ་འདུད། །ང་དང་ང་ཡི་རྗེས་འཇུག་རྣམས། །རིག་རྩལ་བཙན་ས་ཟིན་པར་ཤོག །ཕྱི་ནས་བདེན་མེད་སྒྱུ་མས་མྱོས། །འཛིན་པས་འཆིང་ཐག་མི་བཅའོ། །བར་ནས་འབྲུ་བཅུད་ཆང་གིས་མྱོས། །བློ་ལ་གསལ་དུ་མ་བཅོས་སོ། །ནང་གི་ཡེ་ཤེས་ཀ…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
དགའ་འོ་སྐྱིད་དོ་བློ་ཡི་རབ། །སྙིགས་མའི་བླ་སློབ་འབྲེལ་བ་རྣམས། །ལོང་བས་ལོང་བ་ཁྲིད་པ་འདྲ། །མ་རིག་ཆེ་ལ་གཡང་ས་ཆེ། །བསམས་ཤིང་འགྱོད་ལ་སྙིང་རེ་རྗེ། །རང་ཅག་རྡོ་རྗེའི་གླུ་ལེན་པ། །སྐལ་བཟང་སྔོན་གྱི་གྲུབ་བརྙེས་རིག །ཉོན་དང་སེམས་དང་སྐལ་ལྡན་རྣམས།། །། ༈ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས། །གཞལ་ཡས་པདྨ་འོད་ཀྱི་བདེ་ཆེན། །ལྷུན་ག…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
འཛིན། །བཀྲ་ཤིས་དགའ་བདེའི་གླུ་བྲོའིམཛོད་ཀྱི། །མཛོད་ཀྱི་གླུ་བྲོའི་དགའ་བདེའི་བཀྲ་ཤིས།། །། ༈ ཀྱེ་མ་རང་རིག་མ་རིག་སེམས་ཅན་སྙིང་རེ་རྗེ། །འདོད་པའི་ཁམས་ཀྱི་སེམས་ཅན་འདི་ཚོ་འོ། །བྱ་བྱེད་ཙབ་ཙུབ་ཙིར་སྒྲ་དི་རི་རི། །འདོད་བཞིན་བསམས་ཀྱང་མི་འདོད་ཐོག་ཏུ་འབབ། །སྡུག་བསྔལ་ཉམ་ཐག་ཅན་རྣམས་སྙིང་རེ་རྗེ། །དགའ་བའི་གཏམ་དང་མཐུན་པ…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
སོ།། །། ༈ ཀྱེ་ཧོ་འབྱོར་ལྡན་ཕོ་མོ་ཡ་རབས་ཀྱིས་གོ་ན། །གཅེས་ཕྲུག་ཚར་སྐྱེན་ནར་སོན་རང་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །ཕ་རྒན་བླ་མའི་བཀའ་དྲིན་དྲན་བྱུང་། །ད་ནངས་སྣང་གསལ་ཉི་མ་ཤར་བ། །ནུབ་རིར་བསྙེགས་ཤིང་བརྒལ་བ་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །མི་རྟག་འཆི་བ་སྙིང་ནས་དྲན་བྱུང་། །ཁེངས་སེམས…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
རྩལ་སྦྱོང་བ་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །སྤྱོད་པའི་རྩལ་སྦྱོང་བྱེད་དགོས་དྲན་བྱུང་། །ཚོང་དཔོན་རྒྱ་མཚོའི་ནོར་བུ་ལོན་ནས། །བློ་བདེའི་མལ་དུ་གཟིམས་པ་མཐོང་དུས། །ངེད་རང་རྫོགས་ཆེན་རྣལ་འབྱོར་པ་ཀུན། །འབྲས་བུ་དོན་མཆོག་སྒྲུབ་དགོས་དྲན་བྱུང་། །ཡང་ཅིག་མེ་ལོང་དྭངས་པའི་ངོས་ལ། །སྒེག་མོས་བྱད་ལ་བྱི་དོར་མ…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
སྐྱེ་བོ་ཆང་གིས་མྱོས་པའི་གླུ་བྲོ་མཐོང་བས་བསྐྱེད་དེ་ཕྲིན་ལས་ཀྱིས་གླུ་བླངས་པ་དགེའོ།། །། ༈ རྗེ་བཙུན་བླ་མ་སངས་རྒྱས། །འབངས་ངའི་སྤྱི་བོར་བཞུགས་ཤིག །ཉམ་ཆུང་སྣང་བ་སྤྲོ་བྱུང་། །ངག་འཆལ་གླུ་ཞིག་ལེན་མོས། །སྔོན་བྱོན་གྲུབ་པ་བརྙེས་རྣམས། །ཉམས་དང་རྟོགས་པ་རྒྱས་ནས། །ཉམས་མྱོང་གླུ་རུ་བླངས་སོ། །ན་ཕྲ་གཞོན་ནུ་ཕོ་མོ། །ཁམས་ཀྱ…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
ལོས་མྱོང་། །ཚེ་སྟོད་བླ་མ་འཛོམས་དུས། །གདམས་ངག་ཆོས་ཤིག་ལོས་ཐོབ། །ཚེ་སྐེད་དར་ལ་བབ་དུས། །བདེ་འགྱུར་རྩེད་མོ་ལོས་མྱོང་། །ཚེ་སྐེད་རྩ་རླུང་དར་དུས། །ཉམས་ལེན་ཐོས་བསམ་ལོས་བྱེད། །ཚེ་གཞུག་རྒས་ཀྱིས་ནོན་དུས། །ལག་འཁར་སྟེང་དུ་ལོས་འཆང་། །ཚེ་གཞུག་ཚེ་འདིར་འདོར་དུས། །ལམ་ཁྱེར་རྩལ་སྦྱོང་ལོས་བྱེད། །འཆི་བའི་ལམ་དུ་ཞུགས་དུས། …
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
ཀྱང་སྣང་བ་ཡེར་འདུག །ཨ་ཀྱང་རྩེད་མོ་ཡིན་ཨང་། །བླ་དགོན་ལས་འཛིན་དེ་ཡང་། །མི་ཚེ་སྟོང་ཟད་འདྲའོ། །སྔོན་གྱི་རྒྱལ་བས་གསུངས་འདུག །དཔོན་གྱི་ཞབས་ཕྱི་དེ་ཡང་། །མི་དོན་རང་ཕུང་འདྲའོ། །སྔོན་གྱི་རྒྱལ་བས་གསུངས་འདུག །ཡུལ་སྡེའི་གོ་ཆོད་དེ་ཡང་། །མི་ཁ་བྱུར་སྡུད་འདྲའོ། །སྔོན་གྱི་རྒྱལ་བས་གསུངས་འདུག །ཁྱིམ་གྱི་བཟའ་དཔོན་དེ་ཡང་།…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
པ་གནད་ཡིན། །རྫོགས་ཆེན་སྤྱོད་པ་བཟང་པོ། །བཅིངས་གྲོལ་མེད་པ་གནད་ཡིན། །རྫོགས་ཆེན་འབྲས་བུ་བཟང་པོ། །རྩོལ་སྒྲུབ་མེད་པ་གནད་ཡིན། །ཨ་ཀྱང་སྣང་བ་ཡེར་འདུག །ཨ་ཀྱང་རྩེད་མོ་ཡིན་ཨང་།། །། ༈ ལྷ་འདྲེའི་རིགས་འདུས་ནས་གཅེར་བུ་གསུམ་འཐབ་འཁྲུག་བྱེད་ཅིང་ཁྱོད་ཀྱི་མགུར་ཞིག་ལོངས་དང་ཟེར་བས་འདི་ལྟར་བླངས་པ་རྨིས། མ་བྱས་ཡེ་ནས་སྐུ་གསུམ…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
པ། །གླུ་ལེན་པ་ནི་ཀུན་རྟོག་པ། །ཐོག་མའི་གཞི་ལ་འཁྲུལ་གྲོལ་མེད། །གསང་སྔགས་ལམ་ལ་སྤང་བླང་མེད། །འབྲས་བུ་སངས་རྒྱས་རེ་དོགས་མེད། །རིག་པའི་ཀློང་དུ་མ་རིག་ཆུབ། །ཡེ་ཤེས་མཐར་ཕྱིན་རྣམ་རྟོག་ཟད། །སྟོང་ཆེན་མངོན་གྱུར་མཚན་བཅས་དག །སྐུ་གསུམ་ཚད་རྫོགས་བདུད་བཞི་བཅོམ། །སྔོན་ཚེ་རྟ་གདོང་ཁྲོས་པའི་གླུ། །བར་དུ་རྡོ་རྗེ་ཐོད་ཕྲེང་གླུ…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
ངེས་པར་སྐྱོན་གསུམ་ལྡན་པ་ནི། །ནད་རྣམས་སློང་བས་གཅོང་ཅན་འདྲ་བའི་སྐྱོན། །ནད་ཀྱིས་ཟིན་པའི་ནད་པ་འདྲ་བའི་སྐྱོན། །གཡོ་འགུལ་མེད་པར་རོ་དང་འདྲ་བའི་སྐྱོན། །ཡང་དག་སྤྱོད་རྣམས་ཐུབ་པའི་བཀའ་བཞིན་དུ། །ལེགས་པར་སྤོང་འཚལ་རྨོངས་པ་ཕྲིན་ལས་གཏམ།། །། ༈ གྲོགས་པོ་ཆང་གི་ཡོན་ཏན་བསྔགས་པ་ནི། །ཁ་དོག་དྲི་རོ་ནུས་པ་མཐོང་བ་ཡིས། །འབྲལ་མ…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
དྭགས་ཀུན་ཀྱང་འདི་ལ་དགའ། །འབྱུང་བ་སྙོམས་ཤིང་རླུང་གི་སྨན་གྱི་མཆོག །མཛའ་མཐུན་ལྷག་པར་འགྲོགས་ཤིང་ཞིབ་པར་བྱེད། །དྲང་སྲོང་ཐུབ་པའི་དབང་དང་བླ་མ་རྗེ། །གྲོགས་པོ་ཆང་གི་སྐྱོན་དུ་གཟིགས་པ་ཡང་། །མྱོས་ཤིང་དབང་མེད་གདོན་གྱིས་བརླམས་དང་མཚུངས། །སོར་བྱང་སྔགས་ཀྱི་སྲུང་སྡོམ་ས་མཚམས་འཆལ། །བརྗེད་ངས་ཆེ་ཞིང་དོན་མེད་གཡེང་བས་ཁྱེར།…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
གླུ་བླངས་པ། གླུ་ལ་ཉོན་དང་སོམས་དང་སྐྱེ་བོའི་ཚོགས། །ཨ་རག་སྙིང་གི་ཡུལ་དུ་སོང་བ་ཡིས། །བན་རྒན་ཁ་ནས་འཆལ་གཏམ་ཅ་ཅོ་སྒྲོག །བུད་མེད་དམ་པའི་ཡོན་ཏན་རབ་ཏུ་བརྗོད། །བཀའ་དགོངས་ཕུར་པ་བདེ་ཀྱེ་གསང་གསུམ་དང་། །མཁའ་འགྲོ་རྒྱ་མཚོ་དུས་ཀྱི་འཁོར་ལོ་སོགས། །སྔགས་རྒྱུད་རྣམས་ལས་རིག་ལྡན་བུད་མེད་དེ། །ཚེ་གཅིག་སངས་རྒྱས་ཕོ་ཉ་ལམ་དུ་བཤད…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
བཞིན། །ཀུན་ནས་མཛེས་ཤིང་ཀུན་ནས་དགའ་བ་མོས། །ཡིད་འོང་སྙན་པའི་གླུ་དང་ལག་པའི་གར། །དར་དང་རིན་ཆེན་རྒྱན་དང་འཛུམ་པའི་ཉམས། །ཟིམ་བུའི་མིག་གིས་ཟུར་གྱིས་བལྟ་བ་ཡིས། །ཆགས་ལྡན་སྐྱེ་བོའི་ཚོགས་རྣམས་འགུགས་པར་བྱེད། །པདྨའི་ཚལ་བཞིན་འདི་ལ་དགའ་བ་ལྟོས། །ཉེས་པའི་རང་བཞིན་བུད་མེད་སྐྱོན་བརྗོད་པ། །མདོ་སྡེ་དམ་པ་མཛངས་བླུན་དག་དང་ནི…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
ལས་སྐྱེས་པའི་བུ་ཚ་གསོད་པར་ཕོད། །བུད་མེད་བསྟེན་པ་ཀུན་གྱིས་ཁྲེལ་ཅིང་བཞད། །ཐར་པ་འདོད་ཀྱང་འཆིངས་ཤིང་འབྲེལ་དབང་མེད། །མིག་སེར་བྱེད་ཅིང་ཁྱོ་ཕོ་སྙིང་རླུང་སློང་། །སྤྲེའུ་བཞིན་དུ་སྐད་ཅིག་སྡོད་མི་ཚུགས། །གང་ཞིག་དལ་གྱིས་འཁྱིལ་བའི་རྒྱ་མཚོ་ལ། །རླུང་རྒོད་དྲག་པོས་བཏབ་པ་བཞིན་དུ་དཀྲུགས། །དུག་སྦྲུལ་ཁྲོད་བཞིན་འདི་ལ་འཇིག…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
ཅན་འགྲོ་བ་ཀུན་གྱིས་བསུ་ཞིང་བསྐྱེལ། །རྒྱགས་པའི་སྟེང་དུ་ཀུན་གྱིས་མགྲོན་བཞིན་སྟོན། །ཡ་རབས་དབུལ་པོས་མཆོད་སྦྱིན་བྱེད་པ་ལས། །ནོར་ལྡན་མཆོད་སྦྱིན་མེད་ཀྱང་ཡོངས་ཀྱིས་སྦྱིན། །འབྱོར་ལྡན་མཁོ་དགུའི་ཡོ་བྱད་ཀུན་རྫོགས་པའི། །མངོན་སུམ་མཐོ་རིས་ལྷ་ཡི་བདེ་བ་འདྲ། །ནོར་དང་བཅས་ལ་འཁོར་རྣམས་འདུ་བ་ཡི། །རྒྱལ་རིགས་ཆེན་པོ་རྣམས་དང…
PLT005
· རིག་རྩལ་ཐོགས་མེད་གླིང་པ་དཔའ་བོ་ལས་རབ་རྩལ།
སྤྲུལ་པའི་གཏེར་སྟོན་རིག་འཛིན་ཆེན་པོ་དཔའ་བོ་ལས་རབ་རྩལ་གྱི་གསུང་མགུར་གྱི་རིམ་པ་ཀློང་ཆེན་གན་མཛོད།
དགའ་བའི་འདོད་ཆགས་སྐྱེ། །ནོར་གྱི་དོན་དུ་ཞེ་སྡང་རྩོད་པ་འབྱུང་། །ནོར་དང་འགྲོགས་ནས་མི་ཚེ་སེར་སྣར་ཟད། །ནོར་ཅན་དགྲ་དང་འདྲེས་པས་རྟག་ཏུ་རྒོལ། །ནོར་ཅན་ནོར་དང་བྲལ་བའི་མྱ་ངན་ལྡང་། །ནོར་གྱིས་སྲོག་ལ་རྒོལ་ཞིང་ཆོས་དང་ཕྲལ། །སྤྲང་རྣམས་ཕྱུག་ལ་དགའ་བས་མ་སྨོན་ཀྱེ།། །། ༈ ཨེ་མ་ཧོ་ལ་ཨེ་མ། །ངོ་མཚར་ཆེའོ་ངོ་མཚར། །གནས་ལ་ཕུན་སུ…