Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      1573 results — page 22 of 79
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      དཔའ་རྩེ་གཅིག་དུ། །སྒྲུབ་པ་མཛད་པ་ལྷ་ལུང་དཔལ་རྡོར་གྱིས། །སྙིང་རྗེ་ཆེན་པོས་བྱང་ཆུབ་ཐུགས་བསྐྱེད་དེ། །རྒྱལ་པོ་ངན་འགྲོའི་གནས་ལས་ལྡོག་ཕྱིར་དང༌། །དམ་ཆོས་ལྷག་མ་གནས་པར་བྱ་བའི་ཕྱིར། །བདུད་ཀྱི་ཆས་ཞུགས་རྒྱལ་པོ་མཚོན་གྱིས་བཀུམ། །ལྷ་ཡི་ཆས་ཞུགས་བྲོས་པས་མ་ཟིན་སྟེ། །ཐ་དད་མཐོང་སྣང་སྤྲུལ་པ་རེ་རེ་བྱུང༌། །རྒྱལ་པོ་བསྒྲལ་ནས…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      ཁུངས་ནུབ། །དེ་ནས་བྲན་ཀ་དཔལ་ཡོན་སྨོད་པའི་མཐུས། །འབངས་རྣམས་ཀུན་གྱིས་རྗེ་ལ་ཁེང་ལོག་བྱས། །འོད་སྲུང་བང་སོ་འཕྲུལ་རྒྱལ་རྒྱབ་ན་ཡོད། །མིང་དུ་སྐྱེ་འུ་ལྷ་རྟེན་ལགས་སོ་སྐད། །དེ་ཕྱིན་བཙན་པོའི་བང་སོ་རྩིག་པ་ནུབ། །རྗེ་ཁེང་ཁྱད་མེད་བོད་ཁམས་སིལ་བུར་སོང༌། །བང་སོ་རྣམས་ཀྱང་བགོས་སྟེ་ཕལ་ཆེར་བྲུས། །རྗེ་ཡི་མགུར་ལྷ་རྣམས་ཀྱི་གཡ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      ཡས་གཞིག་པར་བསྒོས་ནས་མཆོད་རྟེན་འོད་འབར་ཡིན་ཡང་ཟེར། ཁམས་གསུམ་དང་དབུ་རྩེའི་བར་ན་མཆོད་རྟེན་ནག་པོ་ཆུང་ངུ་ཞིག་ཡོད་ཀྱང་ཟེར་སྟེ་དེ་བཞིག་པས་ཐོག་བབ་ནས་བཤིག་མཁན་རྣམས་ཤི་བས་འཇིག་འཕྲོ་བཅད། ལྷ་ས་བསམ་ཡས་གཉིས་ཀར་དང་པོར་བཤས་ཁང་བྱས། ཕྱིས་ཝ་ཚང་དང་སྤྱང་ཚང་བཅས། གཞན་ལྷ་ཁང་མང་དུ་བཤིག་གསུང་རབ་གང་རྙེད་མེར་བསྲེགས་ལ་ལ་ཆུར་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      ནས་ངུ་འབོད་དང་མྱ་ངན་བྱས། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འདི་ལྟ་བུ་མཛད་པར་མི་རིགས། ཡབ་མེས་ཐམས་ཅད་ཀྱི་ཡིག་ཚངས་དང་དཀོར་མཛོད་ཀྱི་སྒྲོམ་བུ་རྡོ་རིང་གི་ཡི་གེ་ཐམས་ཅད་གཟིགས་ཅིག་ཞེས་མགྲིན་གཅིག་ངུ་འབོད་ཆེན་པོ་བྱས། རྒྱལ་པོ་ནུབ་ཕྱོགས་གླ་བའི་ཚལ་ན་མིག་མང་རྩེ་ཞིང་ཡོད་པ་འབངས་རྣམས་ཀྱི་ངུ་འབོད་ཐོས་པ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      ཞིག་ནང་དུ་གོ་ལེ་བྱུང་ནས་ཁོང་གི་སྙིང་གར་ལག་པ་བཞག་པས་སྐྲག་སྟེ་སྙིང་འཕར་བ་ཤེས་ནས་ནག་ཅན་གྱི་མི་འདི་ན་འདུག་སྟེ་སྤྱིའི་ཐ་པ་ལ་སྒོས་ཀྱི་གཤོལ་མི་གཅོག་ཟེར་ནས་སོང་བས་སྐྲག་སྟེ་མདོ་ཁམས་སུ་བྲོས་ནས་སྒོམ་ཞིང་བཞུགས་སོ། །ཡིག་ཚངས་རྙིང་པ་ཁ་ཅིག་ལས་རྒྱལ་པོས་ད་ནི་ཆོས་ཐམས་ཅད་ངས་བསྣུབས་སོ་ཞེས་ང་རྒྱལ་དུ་མུ་ཅོར་སྨྲས་པས་བཙུན་མ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      གནང་བ་བྱུང་ནས་མར་གནོན་དུ་འབངས་གཡོག་ལྔ་ལ་རྒོད་མ་དཀར་མོ་ཞིག་དབྱར་རིལ་གྱིས་ལེགས་པར་གསོར་བཅུག་ཕྱེ་མར་སྒྱིའུ་གང༌། གཞུ་གཅིག་མདའ་བྱ་རྒོད་མ་གཉིས་བཟུང་ནས་ཕྱིན། དེ་རྣམས་སྦས་ནས་སྟོང་པར་ལྷ་སར་ཕྱིན་པས་ཁོལ་མོ་ཞིག་ཆུ་ལེན་པ་དང་འཕྲད་རྒྱལ་པོ་སྐུ་ཁམས་བདེ་འམ་ཕྱག་བྱེད་པ་ཡིན་སྟེ་བྱས་པས། ད་ལྟ་གྲོ་རྟིང་ལ་ཕྱིར་འབྱོན། ཡེར…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      དམ་ཕྲོགས་ཀྱིས་དྭོགས་ནས་འོད་དང་མ་བྲལ་བར་བསྲུངས་པས་གནམ་ལྡེ་འོད་སྲུང་དུ་ཐོགས། དེའི་ཚེ་ཆེན་མ་སྣ་ནམ་བཟས་ཀྱང་བུ་ཆུང་སོ་སྐྱེས་པ་ཅིག་ང་ལ་མདང་སྐྱེས་སོ་ཞེས་བསྟན་པས་བློན་པོ་རྣམས་ན་རེ་མདང་སྐྱེས་ཀྱི་བུ་ཆུང་སོ་ནི་ཙེག་གེ་ཙེག་འོན་ཡང་ཡུམ་གྱི་བཀའ་བརྟན་དུ་ཆུག་ཟེར་བས་ཁྲི་ལྡེ་ཡུམ་བརྟན་དུ་ཐོགས་ཅེས་ཡི་གེ་མང་པོ་ལས་འབྱུང་ཞ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      བྱུང༌། དེ་ནས་བཙུན་མོ་གཉིས་སོ་སོའི་ཕྱོགས་བློན་འབངས་ཐ་དད་ཀྱིས་བཟུང་སྟེ་ཡུམ་བརྟན་གྱིས་དབུ་རུ། འོད་སྲུང་གིས་གཡོ་རུ་བཟུང་ནས་དབུ་གཡོར་འཁྲུག་པ་བྱས། དེའི་ཕྱོགས་བོད་ཡུལ་ཕལ་ཆེར་ལ་ཁྱབ་སྟེ་ཡུལ་གྲུ་རེ་རེར་ཡང་ཆེ་སྲིད་ཆུང་སྲིད་མང་ཚན་ཉུང་ཚན་གསེར་པ་གཡུ་པ་ཤ་ཟན་ཙམ་ཟན་ཞེས་སྡེ་གཉིས་གཉིས་སུ་ཆད་དེ་རྩོད། བཙན་པོ་གཉིས་ལོ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      མ་དེ་ལ་འཆམ། །གཙང་ལྷ་བུ་དར་ལྷ་ཡིས་ཞུ་བ་བྱས། །གྲོམ་པ་ལྷ་རྩེ་བཙན་པའི་མཁར་ལ་བསྟེན། །འབྲོ་དང་ཅོག་རོ་གཉིས་ཀྱིས་མ་ཕྱར་བྱས། །གཙང་སྟོད་ཡུལ་དུ་རྗེ་དཔོན་ཚན་གཅིག་ཆགས། ༡ །ཁ་རག་ཁྱུང་བཙུན་ལྷ་ཡིས་ཞུ་བས་བྱས། །འབྲང་མཁར་བྱེ་བཙན་བཙན་པའི་མཁར་ལ་བསྟེན། །བྱང་དང་སྣང་གིས་མ་ཕྱར་བྱས་ནས་ནི། །རུ་མཚམས་གཞུ་སྙེར་རྗེ་དཔོན་ཚན་གཅིག་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      ཅེས་སྣང་ངོ༌། །མངའ་བདག་འོད་སྲུང་སྲས་པོ་དཔལ་འཁོར་བཙན། །ལྷ་ཁང་འགའ་བཞེངས་སྟག་རྩེ་གཉགས་ཀྱིས་བཀྲོངས། །དེ་སྲས་མཆེད་གཉིས་སྟོད་ཀྱི་ཕྱོགས་སུ་བྱོན། །མངའ་རིས་བསྐོར་གསུམ་ལ་སོགས་མངའ་མཛད་དེ། །སྟོད་ཏུ་རྒྱལ་ཁྲིམས་ཞྭ་ཙམ་ཆགས་ཅེས་གྲགས། །དེ་ཡི་གདུང་རྒྱུད་འགའ་ཞིག་སྨད་དུ་ཆད། །མདོ་སྨད་ཙོང་ཁའི་ཡུལ་ཆེན་མངའ་མཛད་པས། །སྨད་དུ་རྒ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      ཞེས་བྱ་བ་རྒྱལ་རྒྱུད་རྩོད་པ་མེད་པ་དེ་ནི་ཕོ་བྲང་ཡུམ་བུ་བླ་སྒང་དུ་འཁྲུངས། སོ་དགུ་པ་ཤིང་སྤྲུལ་ལ་ཕོ་བྲང་འཕང་ཐང་དུ་འདས། དེའི་སྲས་མངའ་བདག་དཔལ་འཁོར་བཙན་ཡབ་ཀྱི་བཅུ་དགུ་པ་ཤིང་བྱ་ལ་འཁྲུངས། ལོ་ཉེར་གཅིག་ལ་ཡབ་འདས་ནས་རྒྱལ་ས་མཛད། སྨན་ལུང་ལ་སོགས་པ་ལྷ་ཁང་བརྒྱད་བཞེངས། སོ་གཅིག་ལ་འདས། དེའི་བཙུན་མོ་ཆེན་མའི་སྲས་སྐྱིད་…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      ནས་སྟོད་འདུལ་དང༌། ལྷ་བླ་མ་འདིས་ཇོ་བོ་རྗེ་སྤྱན་འདྲེན་པའི་ཕྱིར་སྐུ་ལུས་གར་ལོག་གི་རྒྱལ་པོ་ལ་བཏང་ནས་འདས། གཅུང་ཁོར་རེས་ཀྱང་ཁ་ཆར་གྱི་ལྷ་ཁང་བཞེངས། དེའི་སྲས་ལྷ་ལྡེས་པཎྜིཏ་སུ་བྷ་ཥི་ཏ་སྤྱན་དྲངས། དེའི་སྲས་འོད་ལྡེ་དང༌། ཕོ་བྲང་ཞི་བ་འོད། བཙུན་པ་བྱང་ཆུབ་འོད་གསུམ་ལས། ལྷ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་སྤྱན་དྲངས། བ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      ས་སྐྱར་ལྷ་བཙུན་བྱས། ཕྱིས་རྒྱལ་ས་བྱས་ཤིང་གདུང་རབས་གཉིས་ནས་ཡ་ཙེའི་རྒྱལ་རྒྱུད་ཆད། སྤུ་རངས་ནས་བསོད་ནམས་ལྡེ་སྤྱན་དྲངས་པུ་ཎ་སྨལ་དུ་གྲགས། དེའི་བུ་པྲི་ཏི་སྨལ་དང་བློན་པོ་དཔལ་ལྡན་གྲགས་པས་ས་སྐྱའི་ཆོས་ཁྲི་དང༌། ལྷ་སར་བཅུ་གཅིག་ཞལ་ལ་གསེར་ཐོག་ཕུལ་ལོ། །འདི་རྣམས་བུ་སྟོན་ཆོས་བྱུང་དང་ཡར་ལུངས་ཇོ་བོའི་ཆོས་བྱུང་ལྟར་བྲི…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      རྟ་ཤགས་པ་དང་པྲ་སྣ་བའོ། །བཞེངས་ཅན་འབར་གྱི་རྒྱུད་མོན་མཁར་བ། ཞང་མདའ་བ། སྤུན་བདུན་ཐང་པ། ལྷ་སྟོན་དཀར་མོའི་རྒྱུད་བྱི་ཆུང་བའོ། །གཙང་ཚ་དྲུག་གི་ཕྱི་མ་བཞི་ལས་ཁྲ་འབྲུག་བྱིང་བྱར་གྱི་བཙན་པོ་རྣམས་འཕེལ་ལོ། །བཙན་པོ་གཡུ་ཅན་གར་མི་ཡོན་ཏན་གཡུང་དྲུང་གིས་བྱ་སར་སྤྱན་དྲངས། དེའི་སྲས་ཇོ་དགའ། དེའི་སྲས་གསུམ་གྱི་ཆེ་བ་བྱ་ས་ལ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      རྒྱུད་ཁྲོམ་པོ་བ་རྣམས་ཡིན། ཇོ་འབག་གི་སྲས་ཆེ་བ་ཤཱཀྱ་མགོན་གཅུང་རྣམས་སོ་སོར་ཕོག་ཕོ་བྲང་གནས་ཆུང་བཏབ། ས་སྐྱ་པཎྜི་ཏའི་སྦྱིན་བདག་བྱས། དེ་སྲས་ཤཱཀྱ་བཀྲ་ཤིས་ཀྱི་ཕོ་བྲང་རྙིང་མ་བཏབ། དེའི་སྲས་ཆེ་བ་ལྕིལ་བུའི་ལྷ་བྲག་ཁ་བ་ཡིན། ཆུང་བ་གྲོགས་པ་རིན་ཆེན་གྱིས་རྒྱལ་བ་ཐོག་བརྡུགས་པའི་ཉེ་གནས་མཛད། ཕྱིས་བླ་མ་འཕགས་པའི་ཉེ་གནས…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      ཇོ་བོ་ལྟ་བུ་འདི་ལྟར་མཛད་ན་རང་ཅག་འབངས་རྣམས་བཀུར་སྟི་ཅིས་མི་བྱེད་ཟེར་ནས་གུས་པར་གྱུར་ཞེས་བཤད་པ་ལྟར་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་ཡོན་ཏན་དང་སྐུ་དྲིན་ལ་བསམས་ནས་མངའ་ཐང་ཡོད་ཏམ་མེད་ཀྱང་རུང་སྟེ་བཀུར་སྟི་དང་སྲི་ཞུ་ཆེར་བྱ་བའི་གནས་ཡིན་ནོ། །རིགས་ཀྱི་ནང་ན་དམ་པ་རྨད་བྱུང་བ། །འཁོར་ལོས་བསྒྱུར་དང་སངས་རྒྱས་བྱུང…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      ལྟར་གྱུར་འདི་མཐོང་ནས། །གནག་རྫི་ཙམ་གྱི་ལོངས་སྤྱོད་ཀྱིས་འཚོ་བ། །རང་རང་དབང་ཕྱུག་འདི་ལ་སུ་ཞིག་ཆགས། །ཛམྦུ་གླིང་བདག་པོ་རྣམས་ཀྱི་མངའ་ཐང་ཡང༌། །མི་རྟག་སྙིང་པོས་དབེན་པ་འདི་འདྲ་ན། །དུས་ངན་ད་ལྟའི་སྐྱེ་བོ་འགའ་ཡི་དབུས། །ཚངས་ལྟར་བསྙེམས་པ་ངོ་ཚའི་གནས་མིན་ནམ། །ལྷ་དང་མཚུངས་པའི་ལོངས་སྤྱོད་དེ་རྣམས་ཀུན། །སྟོན་ཀའི་སྤྲིན་བ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      འདི་འདྲའི་ངང་ཚུལ་གཞན་ཡང་བགྲང་མི་ལང༌། །རྒྱལ་པོ་དར་མས་བསྟན་པ་བསྣུབས་པ་དེས། །བྱེ་བའི་ཆ་ཡང་འདི་དག་ལ་མི་ཕོད། །དེ་ཚེ་བསྟན་པ་མེད་པར་གོ་བ་ཡིས། །སླར་ཡང་བསྟན་པའི་མེ་རོ་བསླང་དུ་བྱུང༌། །དེང་སང་བསྟན་མིན་འདི་འདྲར་བསྟན་ཞེས་གྲགས། །འདི་འདྲར་འགོད་ལ་བསྟན་པ་འཛིན་པོ་དང༌། །བསྟན་པའི་སྦྱིན་བདག་ཅེས་བྱར་སྒྲོག་པའི་ཕྱིར། །འཕགས…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      ཕྱི་དུས་འདིར་དམག་མི་ནམ་དགོས་འབྱུང་བ་ཁོ་ན་ལ་དམིགས་ནས་ཆོས་སྡེར་མིང་བཏགས་པ་རེ་འདེབས། དེ་དག་གི་བླ་མའི་གནས་རྣམས་ཀྱང་རྒྱལ་པོ་དང་བློན་པོ་དག་རྔན་པས་མགུ་བར་བྱས་པའམ། གཡུལ་གྱི་ཚེ་བྱ་མ་རྟ་དང་ཉན་སྣ་པ་དང་རྟོག་ཆེན་དུ་ཕྱིན་པའམ། གཞན་གྱི་རྫོང་སླུ་དུག་སྟེར་སོགས་བྱས་པའམ། ཐ་ནའང་ཁ་གསག་གིས་མགུ་བ་ཙམ་གྱི་སྐྱེ་བོ་ཞིག་བསྐ…
      PTT001 · དཔའ་བོ་གཙུག་ལག་ཕྲེང་བ།
      བོད་ཀྱི་རྒྱལ་རབས།
      ཀྱི་བསྟན་པར་གྲགས་པ་འདི་ལྟ་བུ་ནི་སྔོན་རྒྱལ་པོ་གླང་གིས་བསྟན་པ་བསྣུབས་པས་འབུམ་གྱི་ཆ་ཡང་དོ་བར་མི་སྣང་སྟེ་སྨན་མ་རྙེད་པ་ཙམ་ནི་སླའི་སྨན་གྱི་དོད་པོར་དུག་ཧ་ལ་ཧ་ལ་ཆེན་པོ་བྱིན་པ་ནི་དེ་ལྟ་མ་ཡིན་པ་བཞིན་ནོ། །རྒྱལ་སྲས་རིན་པོ་ཆེས་ཕག་གྲུའི་ཁྲི་དཔོན་ཆེན་པོ་བྱང་རྒྱལ་ལ་བནྡྷེ་རྣམས་ལ་ཁྲལ་དམག་འུ་ལག་འགེལ་བ་མི་འཐད་གསུངས་པས་…