Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      621 results — page 10 of 32
      YJT003 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། བཞེས་འབོད་ནི། ཧོ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ། བཀའ་སྡོད་དམ་ཅན་རྒྱ་མཚོ། ལས་བྱེད་ཕོ་ཉ་དྲེགས་པ་ཅན་རྣམས་ཀྱི་མཐུ་དང་ནུས་པའི་རྩལ་ཕྱུངས་ལ་དམ་ཉམས་པའི་དགྲ་བོ་བདུན་རྒྱུད་དང་བཅས་པའི་སྲོག་གི་ལྗོན་ཤིང་བསྒྱེལ་ཅིག གནམ་གྱི་འཇུ་ཐག་ཆོད་ཅིག ས་ཡི་རྟེན་ཕུར་ཕྱུངས་ཤིག ཆགས་པའི་ཡུལ་དང་ཕྲོལ་ཅིག དབང་ཐང་གི་ར་བ་གཏོར་ཅིག རླུང་…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། སྒྲོལ་མའི་རྒྱུད་ཉི་མ་འོད་རབ་ཏུ་འབར་བའི་གཟི་བརྗིད།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅༎ བྷགཝཏེཨརྱཏཱརེམནྟྲགུཧྱསརྦམུལསུརྱཔྲབྷཏེཛྭལནམབིཧརཧིསྨ། ༄༅། བྷ ག ཝ ཏེ ཨརྱ ཏཱ རེ མནྟྲགུཧྱ སརྦ མུ ལ སུ རྱཔྲབྷཏེཛྭལནམབིཧརཧིསྨ། ༄༅།། བཅོམ་འདས་འཕགས་མ་སྒྲོལ་མའི་རྒྱུད་གསང་སྔགས་ཐམས་ཅད་ཀྱི་རྩ་བ་ཉི་མ་འོད་རབ་ཏུ་འབར་བའི་གཟི་བརྗིད་ཅེས་བྱ་བ་བཞུགས་སོ།། ༔ རྒྱ་གར་སྐད་དུ༔ བྷ་ག་ཝ་ཏེ་ཨཱརྱ་ཏཱ་རེ་མནྟྲ་གུ་ཧྱ་ཏནྟྲ་སརྦ་མཱུ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། སྒྲོལ་མའི་ཐུགས་བསྐྱེད་བཀོད་པ་ཡིད་ཆེས་དད་པའི་ཤིང་རྟ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ སྒྲོལ་མའི་ཐུགས་བསྐྱེད་བཀོད་པ་ཡིིད་ཆེས་དད་པའི་ཤིང་རྟ་བཞུགས༔ ན་མོ་གུ་རུ་པདྨ་ཀཱ་ར་ཡ༔ ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་རྗེ་བཙུན་འཕགས་མ་ཡི༔ ཐུགས་བསྐྱེད་མཛད་པའི་བཀོད་པ་ལས་བསྡུས་པ༔ རང་བྱུང་སྤྲུལ་སྐུ་པདྨ་རྒྱལ་པོ་ལ༔ ཐུགས་ཀྱི་གཟུངས་མ་མཚོ་རྒྱལ་བདག་ཉིད་དང་༔ མངའ་བདག་སློབ་འབངས་མཁས་པ་མ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། སྒྲོལ་མའི་གསོལ་འདེབས་བྱིན་རླབས་མྱུར་འཇུག
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ སྒྲོལ་མའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས༔ དང་པོ་སྐལ་ལྡན་རྙེད་དཀའ་འཇིག་སླ་བའི༔ རྟེན་ལ་སེམས་ཏེ་ངེས་འབྱུང་ཐར་འདོད་བློ༔ འགྲོ་དྲུག་དོན་དུ་བསྐྱེད་དེ་སྐྱབས་ཀྱི་མཆོག༔ ཀུན་འདུས་འཕགས་མར་གསོལ་བ་འདི་བཞིན་གདབ༔ ཨེ་མ་ཧོ༔ དུས་གསུམ་ཀུན་ཏུ་གཤེགས་ཤིང་བཞུགས་པ་ཡི༔ རྒྱལ་བ་སྲས་དང་བཅས་…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། སྒྲོལ་མའི་ཐུགས་སྒྲུབ་འཇིགས་པ་བརྒྱད་སྐྱོབ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ སྒྲོལ་མའི་ཐུགས་སྒྲུབ་འཇིགས་པ་བརྒྱད་སྐྱོབ་བཞུགས་སོ༔ ལྷ་དང་དྲང་སྲོང་རིག་པ་འཛིན༔ ཀུན་འདུས་རྗེ་བཙུན་འཕགས་མར་འདུད༔ སྤྲོས་མེད་གང་ཟག་ལུས་དཀྱིལ་དུ༔ སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་བསྟན༔ རང་རིག་གདོད་ནས་བྱང་ཆུབ་སེམས༔ ཚོགས་བརྒྱད་རང་གྲོལ་འཁོར་ཡིན་ལ༔ ཡོ་བྱད་ལོངས་སྤྱོད་མཆོད་པའི་…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་པ་ཁྱེའུས་མ་ལ་འབོད་པའི་གདུང་དབྱངས།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། རྗེ་བཙུན་སྒྲོལ་མ་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ཁྱེའུས་མ་ལ་འབོད་པའི་གདུང་དབྱངས་ཞེས་བྱ་བ་བཞུགས་སོ༔ ཨེ་མ་ཧོ༔ གང་མཚན་སྐད་ཅིག་ཡིད་ལ་དྲན་པས་ཀྱང་༔ མཐའ་མེད་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ ཚད་མེད་ཐུགས་རྗེ་ཆེན་པོའི་གྲུ་བོ་ཆེས༔ སྒྲོལ་མཛད་རྗེ་བཙུན་མྱུར་མ་དཔའ་མོར་འདུད༔ འདི་ནས་རྣམ་མཁྱེན་སངས་རྒྱས་མ་ཐོབ་བར༔ བདག་ལ་…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། རྗེ་བཙུན་སྒྲོལ་མའི་ཆོ་ག་རྡོ་རྗེའི་གོ་ཆ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ རྗེ་བཙུན་སྒྲོལ་མའི་ཆོ་ག་རྡོ་རྗེའི་གོ་ཆ་ཞེས་བྱ་བ་བཞུགས༔ ཤེས་རབ་དབྱིངས་ཀྱི་ལྷ་ལ་འདུད༔ དུས་གསུམ་རྒྱལ་དང་དེ་ཡི་སྲས༔ མ་ལུས་བསྐྱེད་ཡུམ་འཕགས་མ་དང་༔ བདག་ཉིད་ཆེན་པོ་ཨོ་རྒྱན་རྗེ༔ པོ་ཊ་ལ་ཡི་ཕོ་བྲང་དུ༔ བཀའ་བགྲོས་འགྲོ་རྣམས་སྡུག་བསྔལ་ལས༔ སྐྱོབ་ཕྱིར་རྒྱུད་དང་མན་ངག་སོགས༔ སྒྲུབ་ཐབས་རྗ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། གབ་ཏིག་གསང་བའི་གཏེར་མཛོད་ཧོར་བླས་མཛད་པ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ གབ་ཏིག་གསང་བའི་གཏེར་མཛོད་བཀླགས་པས་དོན་གྲུབ་ཅེས་བྱ་བ་བཞུགས༔ རྒྱལ་ཡུམ་དཔའ་མོའི་སྐུ་ལ་འདུད༔ རབ་ཏུ་གསང་བའི་གབ་ཏིག་ནི༔ རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཆོག༔ ཨོ་རྒྱན་མཁས་པའི་ཞབས་པད་དུ༔ བདག་འདྲ་མཁར་ཆེན་བཟའ་ཡིས་ཞུས༔ མི་བརྗེད་གཟུངས་ཀྱི་སྒྲོམ་བུར་བསྩལ༔ འགྱུར་མེད་སྙིང་གི་སྒྲོམ་བུར་…
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ཡང་ཟབ་འཕགས་མའི་ཐུགས་སྒྲུབ་ལས༔ བསྲུང་བ་རྡོ་རྗེའི་རྫོང་ཆེན་བཞུགས༔ སྐུ་གསུམ་དབྱིངས་ཀྱི་མཁའ་འགྲོར་འདུད༔ སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི༔ རྣམ་པར་བརྩོན་པའི་གང་ཟག་གིས༔ རང་དང་གཞན་བསྲུང་དམིགས་པའི་གནད༔ པདྨའི་ཐུགས་བཅུད་གདམས་པ་སྟོན༔ ས་མ་ཡཱ༔ སྐྱབས་སེམས་སྔོན་སོང་ལས་གཞུང་བསྲང་༔ རྩ་བའི་བསྙེན་སྒྲུབ་གནད་དུ་བསྣུན༔ ཁྱད…
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ཡང་ཟབ་འཕགས་མའི་ཐུགས་ཐིག་ལས༔ བཟློག་པ་མཚོན་ཆའི་འཁོར་ལོ་བཞུགས༔ གཞན་གྱི་བྱད་ཕུར་རྦོད་གཏོང་དང་༔ འཇིགས་པ་ཆེན་པོ་བཅུ་དྲུག་སོགས༔ ཐན་ལྟས་མི་མཐུན་བཟློག་པའི་ཐབས༔ ཐུགས་ཀྱི་ཏི་ཀ་འདི་རུ་སྟོན༔ ས་མ་ཡཱ༔ ཧཱུྃ༔ ཆོས་རྣམས་རང་བཞིན་སྟོང་པའི་རང་གདངས་ལས༔ མ་རྟོགས་འགྲོ་ལ་སྙིང་རྗེ་ཆེན་པོའི་རྩལ༔ ཞིང་བཅུ་དགྲ་གདོན་ཟློག་པའི་ཞེ་སྡང…
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། གཞུང་དུ་མི་གསལ་ཡང་བསྐུལ་བ་ནི༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེ་འགགས་པ་མེད་པའི་སྒྱུ་འཕྲུལ་གར༔ བཞེངས་ཤིག་རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་བསྐྱེད་དམ་བཅའ་མ་གཡེལ་བར༔ འཇིགས་པ་བརྒྱད་སོགས་འཁོར་བའི་སྡུག་བསྔལ་ལས༔ སྐྱེ་བོའི་ཚོགས་རྣམས་མྱུར་དུ་དབུགས་དབྱུང་ནས༔ གནས་སྐ…
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། ཧཱུྃ་ཧྲཱིཿ རང་བྱུང་ཤེས་རབ་སྟོང་ཉིད་དབྱིངས་ཀྱི་བྲོ༔ གཉིས་འཛིན་བདག་ལྟའི་དམ་སྲིའི་མགོ་ལ་བརྡུང་༔ རིག་རྩལ་འགགས་མེད་ཐུགས་རྗེ་རོལ་པའི་བྲོ༔ སྤང་བླང་ཐེ་ཚོམ་དམ་སྲིའི་མགོ་ལ་བརྡུང་༔ རྩ་གསུམ་བསྐྱེད་རྫོགས་བསྙེན་སྒྲུབ་རྩེ་གཅིག་བྲོ༔ བཏང་སྙོམས་ཕྱི་བཤོལ་ལེ་ལོའི་བདུད་ལ་བརྡུང་༔ རྗེ་བཙུན་འཕགས་མའི་ཐུགས་བསྐྱེད་ཞལ་བཞེ…
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། ཐུགས་ཐིག་སྒྲོལ་མའི་ཆ་ལག་བསྐང་བཤགས་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བི་ཛ་ཧ་རཾ་ཏིཥྨ༔ ༄༅།། ན་མཿཨཱརྱ་ཏཱ་རེ་ཡེ༔ འདིར་སྒྲོལ་མའི་བསྐང་བཤགས་བྱ་བར་འདོད་པས༔ དངོས་འབྱོར་ཀྱི་མཆོད་རྫས་དང་ཡིད་སྤྲུལ་མི་ཟད་པའི་གཏེར་དུ་དམིགས་ལ༔ སྤོས་བསྲེགས་རོལ་མོའི་སྒྲ་གདུང་བའི་དབྱངས་སྔོན་དུ་འགྲོ་ནས༔ ཧཱུྃ་ཧྲཱིཿ འོག་མིན་དག་པ་སྐུ་གསུམ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། འཇིགས་བརྒྱད་སྐྱོབ་པའི་སྨོན་ལམ་ཐུགས་དམ་རྒྱུད་བསྐུལ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།།དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་གི་ཆ་ལག་ཁ་བསྐང་འཕགས་མ་སྒྲོལ་མའི་གཏམ་རྒྱུད་དང་འབྲེལ་བར་འཇིགས་བརྒྱད་སྐྱོབ་པའི་སྨོན་ལམ་ཐུགས་དམ་རྒྱུད་བསྐུལ་ཞེས་བྱ་བ་བཞུགས་སོ༔ ༄༅།། ཨེ་མ་ཧོ༔ སྔོན་ཚེ་ཤ་འཁོན་ཆགས་པའི་ཁྱིམ་ཞིག་ལ༔ མེ་སྦར་ཤིན་ཏུ་འཇིགས་ནས་ཁྱིམ་བདག་དེས༔ སྒྲོལ་མར་གསོལ་བ་བཏབ་ཚེ་ཁང་པའི་ཐད༔ སྤྲིན་སྔོན་འཁྲིགས་ནས་ཆར་བ…
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། འཇིགས་བརྒྱད་ཞི་བའི་གསོལ་འདེབས་བཞུགས། ཨོཾ་སྭ་སྟི། དུས་གསུམ་རྒྱལ་བའི་མཁྱེན་བརྩེའི་ནུས་པ་རྣམས། །རབ་མཛེས་ཨིནྟྲ་ནི་ལའི་ལྷུན་པོ་ལ། །རབ་འཁྱུད་འཇིགས་བརྒྱད་གཡུལ་ལས་རྒྱལ་བའི་ཡུམ། །རྗེ་བཙུན་མ་དེས་ཁྱོད་དང་བདག་སྲུངས་ཤིག །མ་ཁྱོད་བསྐལ་མང་ཐུགས་རྗེ་སྨོན་ལམ་མཐུས། །ཉམ་ཐག་སེམས་ཅན་འཇིགས་པ་བརྒྱ་ཕྲག་ལས། །སྒྲོལ་བའི་དམ་…
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། སྒྲོལ་མའི་གསོལ་འདེབས་བསྡུས་པ་བཞུགས། དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར། །མྱུར་མཛད་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས། །ཏཾ་ཡིག་འོད་ལས་རྣམ་པར་འཁྲུངས་མ། །ཉ་རྒྱས་ཟླ་ལྟར་གསལ་བའི་ཞལ་མ། །མ་ལུས་སེམས་ཅན་ཀུན་གྱི་གཉེན་གྱུར། །འཕགས་མ་ཁྱེད་ལ་གསོལ་བ་འདེབས་ཀྱིས། །ནད་གདོན་བར་ཆད་འཇིགས་པ་བརྒྱད་དང་། །མཐའ་དམག་ས་གཡོའི་འཇིག་ས…
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། རྗེ་བཙུན་མ་ལ་འབུལ་ཏེ། རང་གི་སྙིིང་ག་ནས་འོད་ཟེར་འཕྲོས་པས་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་མརྒད་ལྟ་བུ་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་པད་ཟླ་ལ་བཞུགས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ སྤྱན་དྲངས་ནམ་མཁའ་མཛོད་ཀྱི་རྒྱས༔ ན་མཿསརྦ་བུདྡྷ་བོ་དྷི་སཏྭ་ནཾ་ཨ་པྲ་ཏི་ཧ་ཏ་ཤྭ་ས་ན་ནཾ་ཧེ་ཧེ་བྷ་ག་ཝ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། གསོལ་འདེབས་བྱིན་རླབས་མྱུར་འགུགས།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། རྗེ་བཙུན་སྒྲོལ་མའི་གསོལ་འདེབས་བྱིན་རླབས་མྱུར་འགུགས་བཞུགས་སོ༔ ཨེ་མ་ཧོ༔ སྔོན་ཚེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ བདུད་སྡེ་འཇོམས་ཤིང་འགྲོ་རྣམས་སྲིད་མཚོ་ལས༔ སྒྲོལ་བའི་ཏིང་ངེ་འཛིན་ལ་དབང་འབྱོར་པ༔ རྗེ་བཙུན་འཕགས་མ་སྒྲོལ་མར་གསོལ་བ་འདེབས༔ གང་སྐུ་མཚན་དཔེའི་ཡོན་ཏན་རྫོགས་པའི་སྐུ༔ གང་གསུང་ཡན་ལག་དྲུག་ཅུའི་ལེགས…
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ རྗེ་བཙུན་འཕགས་མ་སྒྲོལ་མའི་ལས་བྱང་རྒྱུན་ཁྱེར་བཞུགས༔ ན་མོ་ཨཱརྱ་ཏཱ་རེ༔ འདིར་འཕགས་མའི་ལས་བྱང་རྒྱུན་ཁྱེར་ལ༔ སྐྱབས་སུ་འགྲོ་བ་ནི༔ ན་མོ༔ དཀོན་མཆོག་གསུམ་དངོས་འཕགས་མ་སྒྲོལ་མ་ལ༔ དེང་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ བརྩེ་བ་ཆེན་པོས་རྗེས་སུ་བཟུང…
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ སྨན་མཆོད་བརྒྱུད་འདེབས་བསྡུས་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཀུན་ཏུ་བཟང་མོ་རིགས་ཀྱི་ཡུམ་མཆོག་ལྔ༔ རྡོ་རྗེ་ཕག་མོ་པདྨ་ཐོད་ཕྲེང་རྩལ༔ ཡེ་ཤེས་མཚོ་རྒྱལ་ཁྲི་སྲོང་ཨིནྡྲ་ཤྲི༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ གྲུབ་དབང་བླ་མ་སྐལ་ལྡན་ལུང་རིག་གླིང་༔ ཟབ་གཏེར་ཆོས་བདག་རྒྱལ་ཡུམ་ཏཱ་རེ་མ༔ རྩ་གསུ…