Nitartha Digital Library
    Know the author and roughly the title? Find it directly — only catalogued authors are searchable this way.
      Searching…

      621 results — page 11 of 32
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      སྒྲོལ་མའི་བསྐང་བསྡུས་ཡིད་བཞིན་ཆར་འབེབས་བཞུགས༔ ཧཱུྃ་ཧྲཱིཿ རབ་འབྱམས་དུས་གསུམ་རྒྱལ་བའི་ཡུམ་གཅིག་པུ༔ མཐའ་ཡས་སྐྱེ་དགུ་འཁོར་བའི་འཇིགས་ལས་སྒྲོལ༔ མཆོག་ཐུན་དངོས་གྲུབ་སྩོལ་མཛད་ལྷག་པའི་ལྷ༔ རྗེ་བཙུན་འཕགས་མ་སྒྲོལ་མའི་ཐུགས་དམ་བསྐང་༔ མེ་ཆུ་གཅན་གཟན་ལྕགས་སྒྲོག་དུག་སྦྲུལ་དང་༔ ཤ་ཟ་འབྱུང་པོ་རིམས་ནད་འཇིགས་ཀུན་ལས༔ མཚན་ཙམ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། ཆོས་བཤད་ལོ་རྒྱུས་ངེས་ཤེས་དད་པའི་མྱུ་གུ་རིག་འཛིན་བཟང་པོས་མཛད་པ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། དགོངས་གཏེར་སྒྲོལ་མའི་ཆོས་བཤད་ལོ་རྒྱུས་ངེས་ཤེས་དད་པའི་མྱུ་གུ་ཞེས་བྱ་བ་བི་ཛ་ཧ་རཾ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་ནས་ཚུལ་བཞིན་ད…
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ ཚེ་འདིར་མྱུར་གྲོལ་དབང་ཆོག་ནོར་བུའི་ཕྲེང་བ་བཞུགས༔ ཤེས་རབ་དབྱིངས་ཀྱི་ཡུམ་ལ་འདུད༔ སྤྲུལ་པའི་ཕོ་བྲང་པོ་ཊ་ལར༔ ཐུགས་རྗེའི་ལྷ་མཆོག་པདྨ་འཛིན༔ མཚོ་སྐྱེས་རང་བྱུང་སྤྲུལ་སྐུ་ངས༔ འཕགས་མའི་རྒྱུད་དང་སྒྲུབ་ཐབས་བསྡུས༔ དབང་མཆོག་སྨིན་གྲོལ་ནོར་བུ་འདི༔ སྐལ་ལྡན་ཚེ་འདིར་གྲོལ་ཕྱིར་བསྟན༔ ས་མ་…
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དེ་ནས་དབང་གི་མཐའ་རྟེན་ནི༔ བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་ལ༔ ཧཱུྃ༔ སྐྱོབ་བྱེད་གསེར་གདུགས་བླ་ན་མེད༔ འགྲོ་བའི་ཚ་གདུང་སེལ་བར་ཤོག༔ གསེར་ཉ་ཤེས་རབ་མིག་དང་ལྡན༔ འཁོར་འདས་ཆོས་རྣམས་འབྱེད་པར་ཤོག༔ ཆོས་དུང་གཡས་འཁྱིལ་རང་སྒྲ་སྒྲོག༔ སྟོང་གསུམ་སྙན་གྲགས་ལྡན་པར་ཤོག༔ པདྨ་དྲི་བྲལ་མདངས་དང་ལྡན༔ ཆོས་རྣམས་ཀུན་གྱི་ཆར་འབེབས་ཤོག༔ བ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། གཟའ་ཀླུའི་དུག་སྦྱོང་རྨ་བྱ་ཆེན་མོའི་ཞལ་ལུང་
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ གཟའ་ཀླུའི་དུག་སྦྱོང་རྨ་བྱ་ཆེན་མོའི་ཞལ་ལུང་བདུད་རྩིའི་བུམ་བཟང་བཞུགས༔ རང་བྱུང་དབྱིངས་ཀྱི་མཁའ་འགྲོ་མ༔ རིགས་སྔགས་རྨ་བྱ་ཆེན་མོར་འདུད༔ ཟབ་ཆོས་སྒྲོལ་མའི་ཆ་ལག་ཏུ༔ དུག་སྦྱོང་རྨ་བྱའི་ཞལ་ལུང་བསྟན༔ ས་མ་ཡཱ༔ འདི་ལ་སྤྱི་དོན་རྣམ་པ་གསུམ༔ སྦྱོར་བ་དངོས་གཞི་རྗེས་དང་གསུམ༔ དང་པོ་དབེན་ཅིང་ཉ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། གཟའ་ཀླུའི་དུག་དབྱུང་བདུད་རྩིའི་ཆུ་རྒྱུན་ཧོར་བླས་མཛད་པ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ རྨ་བྱ་ཆེན་མོའི་སྒོ་ནས་གཟའ་ཀླུའི་དུག་དབྱུང་བདུད་རྩིའི་ཆུ་རྒྱུན་བཞུགས༔ ཨོ་རྒྱན་ཐོད་ཕྲེང་རིགས་ལྔ་དང་༔ རིགས་སྔགས་ལྷ་མོའི་ཚོགས་ལ་འདུད༔ རྨ་བྱ་ཆེན་མོའི་དུག་དབྱུང་ཐབས༔ ཡར་གཞི་གོང་ལྟར་ལེགས་པར་བསྒྲུབ༔ མཆོད་བསྟོད་དངོས་གྲུབ་དབང་ཡིད་བླངས༔ དེ་ནས་བསྲུང་བྱ་མདུན་དུ་བོས༔ ལས་བུམ་དུག་སྣའ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། ལྷ་ཚོགས་སྔགས་བྱང་རས་པ་གསལ་སྟོབས་ཀྱིས་མཛད་པ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་སྔགས་ལ། ཐོག་མར་ས་སྙིང་ཡབ་ཡུམ་རྩ་སྔགས་ནི། ཀྵི་ཧི་རཱ་ཛ་ཡ་སྭཱ་ཧཱ༔ ཧཱུྃ་ལ་སྱ་ས་མ་ཡཱ་སྟྭཾ༔ གཤམ་དུ། བི་ཥ་ད་ར་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ ནམ་སྙིང་ཡབ་ཡུམ་རྩ་སྔགས། ཏྲཾ་ཨ་གྷརྦྷ་ཡ་སྭཱ་ཧཱ༔ ཏྲཾ་མ་ལྱ་ས་མ་ཡཱ་སྟྭཾ༔ གཤམ་དུ། བི་ཥ་ད་ར་ཤནྟིཾ་ཀུ་རུ་སྭཱཧཱ༔ སྤྱན་གཟིགས་ཡབ་ཡུམ་རྩ་སྔགས། ཧྲཱིཿཧ་ཧཱུྃ་པདྨ་བྷ་ཏ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། རྨ་བྱ་ཆེན་མོའི་སྔགས་རིང་བྷི་ས་བཅོ་བརྒྱད།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༈ ཨོཾ་མ་ཧཱ་མ་ཡུ་རི་བིདྱཱ་ར་ཛྙེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨེ་ཀ་བྷི་ས་ཕུད་ཕུད་སྭཱ་ཧཱ། ཨ་ཝ་ བྷི་ས་ཕུད་ཕུད་སྭཱ་ཧཱ། དེ་ཙོ་ བྷི་ས་ཕུད་ཕུད་སྭཱ་ཧཱ། བྷ་ཡུ་ བྷི་ས་ཕུད་ཕུད་སྭཱ་ཧཱ། རཱ་ཛ་ བྷི་ས་ཕུད་ཕུད་སྭཱ་ཧཱ། སརྦ་ བྷི་ས་ཕུད་ཕུད་སྭཱ་ཧཱ། དེ་ཝ་ བྷི་ས་ཕུད་ཕུད་སྭཱ་ཧཱ། ན་ག་བྷི་ས་ཕུད་ཕུད་སྭཱ་ཧཱ། ཨ་སུ་ར་བྷི་ས་ཕུད་ཕུད…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། ཉ་གྲོག་གསོ་བའི་གདམས་པ་ཚེ་རབས་རྒྱགས་ཕྱེ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དམ་ཆོས་ཡང་ཟབ་སྒྲོལ་མའི་ཐུགས་ཐིག་ལས༔ ཉ་གྲོག་གསོ་བའི་གདམས་པ་ཚེ་རབས་རྒྱགས་ཕྱེ་ཞེས་བྱ་བ་བཞུགས་སོ༔ ཁམས་གསུམ་སྡུག་བསྔལ་མེ་ཡི་འོབས༔ ཐུགས་རྗེ་བསིལ་བའི་རྒྱུན་བཟང་གིས༔ གཞིལ་མཛད་འཕགས་མཆོག་སྤྱན་རས་གཟིགས༔ སྐྱེ་རྒུའི་བླ་མ་མཆོག་ལ་འདུད༔ ཕར་ཕྱིན་དྲུག་གི་དང་པོ་ནི༔ དཱ་ནའི་སྒྲ་ལས་སྦྱིན་པ་སྟེ༔ ཉམ་ཐག་འགྲོ་བ་གསོ་བའི་ཕྱིར༔…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། སྒྲོལ་མའི་ཆ་ལག་མཎྜལ་བཞི་བའི་ཆོ་ག་འཇིགས་པ་ཀུན་སྐྱོབ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ སྒྲོལ་མའི་ཆ་ལག་མཎྜལ་བཞི་བའི་ཆོ་ག་འཇིགས་པ་ཀུན་སྐྱོབ་བཞུགས༔ འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས༔ སྒྲོལ་བའི་དེད་དཔོན་འཕགས་མ་ལ༔ བཏུད་ནས་དེ་ཡི་ཐུགས་རྗེའི་མཐུས༔ འཇིགས་སྐྱོབ་མཎྜལ་བཞི་ཆོག་བསྟན༔ ས་མ་ཡཱ༔ དེ་ཡང་སྦྱོར་བ་དངོས་བཞི་རྗེས༔ ས་བཅད་རྣམ་པ་གསུམ་དུ་སྟོན༔ གནས་ཁང་ཕྱགས་དར་དྲི…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། མཎྚལ་འདོན་འགྲིགས་ཧོར་བླས་མཛད་པ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། ན་མོ་ཨཱརྱ་ཏཱ་རེ་ཡེ༔ འདིར་སྒྲོལ་མའི་མཎྜལ་བཞི་པའི་ཆོ་གའི་ལག་ལེན་བློ་གསོས་འཁྱེར་བདེ་བཀོད་པ་ནི། དང་པོ་དཀོན་མཆོག་རྟེན་དང་རྗེ་བཙུན་མའི་སྣང་བརྙན་བྱིན་ཅན་བཀྲམ་ལ་མཆོད་པས་ལེགས་པར་བསྐོར། རྣལ་འབྱོར་པ་རང་རང་གིས་རྣམ་འཇོམས་དང་ཡིག་བརྒྱ་གསུངས་བཞིན་ཡན་ལག་ལྔ་ཁྲུས་དང་བཅས་དེའི་ཉིན་གཙང་སྦྲ་ལ་གནས། དེ་ནས་རྟེན་གྱི་དྲུང…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། འཕགས་མ་དབྱངས་ཅན་ལྷ་མོའི་བརྒྱུད་འདེབས་སྙིང་གི་མུན་སེལ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། འཕགས་མ་དབྱངས་ཅན་ལྷ་མོའི་བརྒྱུད་འདེབས་སྙིང་གི་མུན་སེལ་བཞུགས་སོ༔ ཨོཾ་སྭ་ར་སྭ་སྟི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ རབ་འབྱམས་ཞིང་གི་ལས་ཅན་སྐྱེད་ཚལ་དུ༔ ཤར་བའི་མོད་ལ་ཕན་བདེའི་འོད་སྣང་གིས༔ ཐར་ལམ་འདབ་སྟོང་ཅིར་ཡང་དགོངས་མཛད་པའི༔ སྨྲ་བའི་ཉི་མ་ཤཱཀྱའི་རྒྱལ་པོ་ལ༔ གསོལ་བ་འདེབས་སོ་གཏི་མུག་མུན་པ་སོལ༔ མཁྱེན་རབ་སྣང་བ་རྒྱས་པར…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། དབྱངས་ཅན་སྒྲུབ་ཐབས་གཏི་མུག་མུན་སེལ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ དབྱངས་ཅན་སྒྲུབ་ཐབས་གཏི་མུག་མུན་སེལ་བཞུགས༔ དྷིཿཧྲཱིཿན་མ་ཛྙཱ་ཡེ༔ མ་ལུས་རྒྱལ་བ་ཀུན་གྱི་ཡུམ༔ ངག་གི་དབང་ཕྱུག་ལྷ་མོར་འདུད༔ འགྲོ་བའི་བློ་ཡི་མུན་སེལ་ཕྱིར༔ ཤེས་རབ་རྒྱལ་མོའི་སྒྲུབ་པ་བསྟན༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ དང་པོ་ཟླ་བ་གང་རུང་གི༔ ཡར་ཚེས་རྒྱལ་དང་ཕྲད་པ་འམ༔ དམར་ཕྱོགས་འཕ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། དབྱངས་ཅན་གསོལ་འདེབས་ཤེས་རབ་སྣང་བ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། དབྱངས་ཅན་གསོལ་འདེབས་ཤེས་རབ་སྣང་བ་བཞུགས༔ ཨེ་མ་ཧོ༔ ཤེས་བྱའི་མཁའ་ལ་མཁྱེན་རབ་ཉི་མ་ཤར༔ ཐུགས་རྗེའི་ཟེར་གྱིས་གདུལ་བྱའི་མུན་པ་སེལ༔ ཐར་ལམ་སྣང་བས་ཕན་བདེའི་པད་ཚལ་འབྱེད༔ བརྒྱུད་པ་དགུ་ལྡན་བླ་མར་གསོལ་བ་འདེབས༔ ལྷ་མིའི་སྟོན་པ་རྣམ་འདྲེན་ཤཱཀྱའི་རྒྱལ༔ གཏི་མུག་མུན་སེལ་རྒྱལ་སྲས་འཇམ་དཔལ་དབྱངས༔ ལེགས་བཤད་གཏེར་མཛོད་མཚོ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། རྒྱུན་ཁྱེར་སྙིང་པོའི་བཅུད་བསྡུས།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དབྱངས་ཅན་ཐུགས་སྒྲུབ་ཟབ་མོ་ལས༔ རྒྱུན་ཁྱེར་སྙིང་པོའི་བཅུད་བསྡུས་བཞུགས༔ ཤེས་རབ་རིག་པའི་ལྷ་མོར་འདུད༔ རྣལ་འབྱོར་སྤྲོས་མེད་རྒྱུན་ཁྱེར་དོན༔ ངག་གི་དབང་ཕྱུག་ལྷ་མོ་ཡི༔ རྒྱུན་ཁྱེར་སྙིང་པོ་དྲིལ་ཏེ་བཤད༔ ཤིན་ཏུ་དབེན་ཅིང་ཉམས་དགའ་བར༔ ཁྲུས་དང་གཙང་སྦྲ་སྔོན་སོང་བས༔ མདུན་མཁར་མཆོག་གསུམ་སྐྱབས་ཡུལ་དམིགས༔ ན་མོ༔ དེང་ནས་བཟུང…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། སྨན་གྱི་ལྷ་མོའི་གཏོར་འབུལ་སྨན་གྱི་སྐྱེད་ཚལ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དབྱངས་ཅན་ཐུགས་ཀྱི་སྒྲུབ་པ་ལས༔ སྨན་གྱི་ལྷ་མོའི་གཏོར་འབུལ་སྨན་གྱི་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ༔ ཤེས་རབ་དབྱིངས་ཀྱི་རྗེ་མོར་འདུད༔ སྨན་གྱི་ལྷ་མོ་སྤུན་བདུན་ལ༔ ཚེས་བརྒྱད་ཉ་དང་གནམ་སྟོང་བཅུ༔ ཉེར་ལྔ་ལ་སོགས་དུས་བཟང་པོར༔ རྒྱུ་སྐར་རྒྱལ་དང་གཟའ་ཕུར་བུ༔ གཙང་སྦྲ་ལྡན་པས་མཆོད་གཏོར་བརྩམ༔ དངུལ་ལམ་ཟངས་དམར་སྣོད་གཙང་དུ༔ འབྲས…
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      དབྱངས་ཅན་ཐུགས་སྒྲུབ་ཟབ་མོ་ལས༔ ལས་ཚོགས་ཤེས་རབ་བློ་འཕེལ་བཞུགས༔ ༔ སྭ་ར་སིདྡྷི་ཧཱུྃ༔ དབྱངས་ཅན་ལས་ཚོགས་ཕྱི་ནང་གསང་༔ ལས་ལྡན་སྐྱེས་བུའི་དོན་དུ་བསྟན༔ ས་མ་ཡཱ༔ དང་པོ་ཕྱི་ཡི་ལས་ཚོགས་གསུམ༔ ཉི་ཟླ་མར་མེའི་རྟེན་གསུམ་ལ༔ བརྟེན་ནས་ཤེས་རབ་འཕེལ་བའི་ཐབས༔ བདག་ཉིད་ཨོ་རྒྱན་མཁན་པོས་སྟོན༔ སྒྲིབ་བྲལ་རྒྱལ་བའི་དགོངས་པ་ཡི༔ མཚོན་…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། དབྱངས་ཅན་རྗེས་གནང་གི་ཆོས་བཤད་བསྡུས་པ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅།། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་མཚོ་བྱུང་ངག་གི་ལྷ་མོའི་རྗེས་གནང་ཟབ་མོ་ཚུལ་བཞིན་དུ་གསན་ནས་ཉམས་སུ་བླང་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ་དང་བཅས་པ་སྤངས་ནས་བླང་བྱའི་ཆོས་འདུ་ཤེས་བཞི། ཕ་རོ…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། དབྱངས་ཅན་མའི་རྗེས་གནང་གི་མཚམས་སྦྱོར་སོག་པོ་ཀུན་དགས་མཛད་པ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། འཕགས་མ་དབྱངས་ཅན་མའི་རྗེས་གནང་གི་མཚམས་སྦྱོར་བཞུགས། དེ་ལ་སློབ་དཔོན་གྱིས་དབང་སྒྲུབ་ཀྱི་ཆོ་ག་བསྙེན་པ་དང་བཅས་པ་སོང་མཚམས། གཏེར་གཞུང་ལས། ལྷ་སྔགས་འོད་ཀྱིས་སྲིད་ཞི་ཡི༔ དྭངས་བཅུད་མ་ལུས་ཐམས་ཅད་དང་༔ ཤེས་བྱ་རིག་གནས་བཅུ་ཕྲག་སོགས༔ ཇི་སྙེད་བཀའ་བསྟན་འཆད་དང་རྩོམ༔ ཀུན་ཀྱང་ཁབ་ལེན་ལྕགས་ཕྱེ་ལྟར༔ རང་རང་སྒྲུབ་རྫས་རྣམས་…
      གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ། དབྱངས་ཅན་མའི་ལོ་རྒྱུས་ཉུང་ངུ་མགོ་སྤྲུལ་གྱིས་མཛད་པ།
      YJT004 · གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།
      ༄༅། དབྱངས་ཅན་མའི་ལོ་རྒྱུས་ནི། དེ་ཡང་དོན་ལ་ལྷ་མོ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་ཡིན་ཞིང་། སྤྱིར་རྒྱུད་སྡེ་ཀུན་དང་། ཁྱད་པར་དུ་མདོ་སྡེ་ཟ་མ་ཏོག་དང་། འཇམ་དཔལ་རྩ་བའི་རྒྱུད་དང་། གསེར་འོད་དམ་པ་སོགས་ནས་གསལ་བར་གསུངས་ལ། འཇིག་རྟེན་སྤྲུལ་རྒྱུད་ལྟར་ན། སྔོན་འཇིག་རྟེན་འདི་ཆགས་ནས་མི་རིང་བར་རྫོགས་ལྡན་གྱི་ཐོག་མ…